ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ནག་ཀྱཱ་བ་ཤ་བོ་ཚེ་རིང་དང་ཁོའི་2016ལོའི་བརྩམས་ཆོས།

2016-12-12 ཆོས་སྒྲོན།

          ནག་ཀྱཱ་བ་ཤ་བོ་ཚེ་རིང་། བོད་ཀྱི་རྩོམ་པ་པོ། གེ་སར་ཆེད་མཁས་པ། སློབ་གསོ་ཞིབ་འཇུག་པ། ཁོང་གི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་ཁྲོད། མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཀྱི་རྩོམ་རིག་ཆེད་གཉེར་གྱི་དངོས་གཞི་སློབ་ཆེན་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་སྒྲུང་དང་བོད་རྩོམ་རིག་ཞིབ་འཇུག་སློབ་མ། དབྱིན་ཇིའི་རཱེན་ཇེན་སློབ་ཆེན་དུ་ཡོ་རོབ་ཀྱི་སློབ་གསོ་བཅས་ལ་སློབ་གཉེར་བྱས། བོད་ཁུལ་གྱི་རིག་གཞུང་དུས་དེབ་དང་དྲ་ལམ་དུ་དཔྱད་རྩོམ་བཞི་ཅུ་ལྷག་སྤེལ། སྙན་ངག་དང་ལྷུག་རྩོམ་སུམ་བརྒྱ་ལྷག་གསར་རྩོམ་མཛད། བརྩམས་ཆོས་གཙོ་བོ ༼གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ་རིག་གནས༽སོགས་ཡོད། 

          འདིར་བོད་ཀྱི་སློབ་གསོའི་གནས་བབ་ལ་ཟུར་མི་འདྲ་བ་ནས་རྟོག་དཔྱོད་དང་ཞིབ་འཇུག་གནངས་ཤིང་། ལྷག་དོན་བོད་ཀྱི་སློབ་གསོའི་དཀའ་རྙོག་དང་གནད་དོན། སྒྲོམ་གཞི་ལ་དང་དོད་བླ་ལྷག་མཛད་དེ་རྩོམ་པ་པོས་རང་ཉིད་ཀྱི་སློབ་གསོའི་ངོས་ཀྱི་ལྟ་བ་དང་བཞེད་དགོངས་མང་བོ་མེ་ཏོག་ཕྲེང་བརྒྱུད་ཀྱི་ཚུལ་དུ་ལྷུག་བརྗོད་བྱས་ཡོད་པར་མ་ཟད། བོད་ཀྱི་སློབ་གསོའི་ཁྱབ་ཁོངས་གཙོ་བོ་ཕ་སྐད་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སྐད་གཉིས་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ། དགོན་སྡེའི་སློབ་གསོ་སོགས་ལས་འཕྲོས་ཏེ། ལུགས་དང་མཐུན་པའི་བགྲོ་གླེང་མང་དུ་མཛད་ཡོད་ལ། དེ་དང་ལྷན་དུ་དབྱིན་ཇི་དང་ཨ་རི། འཇར་ཕན། ནོར་ཝེ། སིང་གྷ་པོ་སོགས་སྔོན་ཐོན་རྒྱལ་ཁབ་ཀྱི་སློབ་གསོའི་ངོས་ཀྱི་ཉམས་མྱོང་དང་ལྟ་གྲུབ་མང་བོ་འགྲེལ་བརྗོད་ཁ་གསལ་གནངས་འདུག


འབྲེལ་གཏུགས་ཁ་པར། 15695330391༼ ཚེ་རིང་། ༽
འབྲེལ་ཡོད་རྩོམ་ཡིག