ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སློབ་མ་གསོ་སྐྱོང་ལེགས་པར་བྱས་པ།

2019-06-24 རྡོ་རྗེས་བསྒྲིགས།

འདི་ནི་ཉེ་ཆར་ལྷ་རྩེ་རྫོང་སླེའུ་ཤང་ལྟེ་བའི་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་ཕྲུག་ཚོར་ཀུན་སྤྱོད་སློབ་ཚན་ཁྲིད་བཞིན་པ།
          ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”དམིགས་ཚད་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་ལ་དམ་འཛིན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། སློབ་གསོ་དམངས་ཕན་གྱི་ཁྱབ་རྒྱ་དང་བློ་ཡིད་ཚིམ་ཚད་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་པ་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཤིང་། 
འབྲེལ་ཡོད་རྩོམ་ཡིག