ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རྒན་རྗེས་གཞོན་འབྲངས་ཐུན་མོང་ཐོག་དགུང་སྔོན་པོ་དང་ཆུ་དྭངས་མོ་མཉམ་དུ་བསྲུང་།

2019-06-24 སྣང་རྡོས་བསྒྲིགས།
      སྤྱི་ཟླ ༦ ཚེས ༣ ཉིན་གྱི་སྔ་དྲོ།  བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་མཉམ་གཉེར་བྱས་པའི་རྒན་རྗེས་གཞོན་འབྲངས་བྱས་ཏེ་ཐུན་མོང་ཐོག་དགུང་སྔོན་ཆུ་དྭངས་མཉམ་དུ་སྲུང་ཞེས་པའི་ཆ་སྒྲིག་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་དུ་སྤེལ་བ་དང་།  སློབ་མའི་འཐུས་མི ༡༥༠ ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད།
      ངོ་སྤྲོད་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གིས་སྤྱི་ལོ ༢༠༠༩ ལོ་ནས་བཟུང་ཁོར་ཡུག་སྲུང་སྐྱོང་སློབ་གསོ་གཏོང་རྒྱུ་དམིགས་བཙུགས་སུ་བྱས་ཏེ།  ཁོར་ཡུག་སྲུང་སྐྱོང་ཀྱི་སློབ་གླུ་དང་ཁོར་ཡུག་སྲུང་སྐྱོང་གི་ལུས་རྩལ།  སློབ་གྲྭའི་ཁོར་ཡུག་སྲུང་སྐྱོང་གི་སློབ་དེབ།  རྩེ་ཤིང་ལྡུམ་ར་སོགས་གཞི་རྟེན་དུ་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་ཐུན་མོང་ཐོག་འབད་བརྩོན་འོག  སྔ་རྗེས་སུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་གི་སྔོན་ཐོན་མཉམ་སྡེབ་དང་།  ཁོར་ཡུག་སྲུང་སྐྱོང་སློབ་གསོའི་དཔེ་སྟོན་སློབ་གྲྭ།  སྐྱེད་ཚལ་ཚན་པ་སོགས་ཀྱི་མཚན་སྙན་ཐོབ་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
      ལྷ་ཀླུ་སློབ་ཆུང་ཀུན་སྤྱོད་སློབ་གསོའི་ཀྲུའུ་རེན་ཧའོ་ཅཱ་ཇུང་གིས་ད་ཐེངས་སྐྱེ་ཁམས་སྲུང་སྐྱོང་གི་ཆ་སྒྲིག་བྱེད་སྒོ་སྤེལ་བ་བརྒྱུད།  ངེད་སློབ་གྲྭའི་ཁོར་ཡུག་སྲུང་སྐྱོང་སློབ་གསོ་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་ཡིད་ཆེས་ཡོད་ལ།  ང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་སློབ་གཞི་བརྒྱུད་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དེ་བས་མང་བའི་སློབ་ཁང་དུ་ཁྱབ་གདལ་བཏང་ནས་སློབ་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་འགྲོ་ཐུབ་རྒྱུ་མ་ཟད་རང་བྱུང་ཁམས་ལ་གཅེས་སྐྱོང་དེ་བས་ཆེ་བ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

      ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ན་ཆུང་དུས་ནས་འཛུགས། ཨ་སྔོན་དགུང་དང་དྭངས་གཙང་ཆུ་མོར་དགའ་ཞིང་གཅེས།
འབྲེལ་ཡོད་རྩོམ་ཡིག