ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མཚོ་སྔོན་ཞིང་ཆེན་གྱིས་དགེ་རྒན“རྒྱ་སྟོང་ཁྲི”ཟབ་སྦྱོང་ལས་གཞི་ལག་བསྟར་བྱ་རྒྱུ་རེད།

2019-08-28 ཁོན་ཐར་འཚོས་བསྒྱུར།

      ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ལམ་རང་ཞིང་གིས་དགེ་རྒན་ཟབ་སྦྱོང་གི་ལོ་གསུམ་འཆར་འགོད་བཟོས། འབྱུང་འགྱུར་གྱི་ལོ་གསུམ་ནང་དུ་ཁུ་ནུའི་སྣེ་འཁྲིད་དགེ་རྒན་བརྒྱ་ཕྲག་དང་། ཁུ་ནུའི་སྣེ་འཁྲིད་སློབ་གཙོ་བརྒྱ་ཕྲག་ལ་ཟབ་སྦྱོང་དང་། ལོ་རེར་རྐང་འཛིན་དགེ་རྒན་སྟོང་ཕྲག་ལ་ཟབ་སྦྱོང་བྱས་ནས་དགེ་རྒན་ཁྲི་ཕྲག་གི་སློབ་གསོ་དང་སློབ་ཁྲིད་ཀྱི་ནུས་པ་མཐོར་མདེགས་གཏང་རྒྱུ་རེད།
      ད་ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་ཁུ་ནུའི་སྣེ་འཁྲིད་འཆར་འགོད་དང་། རྐང་འཛིན་སྐྱེད་སྲིང་འཆར་གཞི། ནུས་པ་མཐོར་འདེགས་འཆར་གཞི་བཅས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དགེ་རྒན་སྒྲིག་འཛུགས་ཐོག་རིམ་པ་དང་རིགས་བགར་ནས་ཟབ་སྦྱོང་སྤེལ་རྒྱུ་དང་། ཟབ་སྦྱོང་གི་སྙན་གྲགས་བསྐྲུན་ཏེ་དགེ་རྒན་དང་སློབ་གཙོའི་ཆེད་ལས་ལ་སྒོ་ཀུན་ནས་སྐུལ་འདེད་དང་། “ལྡན་པ་བཞི”ཅན་གྱི་དགེ་རྒན་བཟང་པོ་སྐྱེད་སྲིང་ལ་ཤུགས་སྣོན་བཅས་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་བྱང་ཚད་དང་ནུས་པ་ཇེ་ཆེར་བཏང་ནས་ཆེད་ལས་བྱང་ཚད་ལྡན་པའི་དགེ་རྒན་དཔུང་སྡེ་གསར་གྲས་འཛུགས་པར་འབད་འབུངས་བྱ་རྒྱུ་རེད།
      ཁུ་ནུའི་སྣེ་འཁྲིད་འཆར་གཞི་ཡིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན(བསམ་བློ་ཆབ་སྲིད་ཀྱི་དགེ་རྒན30ཚུད་པ)ཕུལ་བྱུང་ཅན130དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ(ལས་རིགས་སློབ་འབྲིང་གི་སློབ་གཙོ་དང་བུ་བཅོལ་ཁང་གི་སློབ་གཙོ)100བཅས་འདེམས་ཏེ་ལོ་གསུམ་རེའི་ནང་དུས་རིམ་དབྱེ་ནས་སྐས་རིམ་ཅན་གྱི་ཟབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། ཐུན་མོང་ཟབ་སྦྱོང་དང་། དྲ་རྒྱའི་ཞིབ་འཇུག་ཟབ་སྦྱོང་། སློབ་གྲྭ་གྲགས་ཅན་དུ་ཟབ་སྦྱོང་བྱེད་པ། མཚམས་འདྲི་བརྗེ་རེས། ལས་རྐང་གི་ལག་ལེན། གྲུབ་འབྲས་འགྲེམ་སྟོན་སོགས་སྒྲིག་འཛུགས་བྱས་ཏེ། དགེ་རྒན་གྱི་ཆེད་ལས་ཤེས་བྱ་མཐོར་འདེགས་དང་། སློབ་ཁྲིད་བྱེད་སྟངས་ལེགས་སྒྱུར་ལ་རོགས་བྱ་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི(ལས་རིགས་སློབ་འབྲིང་གི་སློབ་གཙོ་དང་བུ་བཅོལ་ཁང་གི་སློབ་གཙོ)འགོ་ཁྲིད་ཀྱི་ནུས་པ་དང་། དོ་དམ་ནུས་པ་མཐོར་འདེགས་ལ་རོགས་བྱས་ཏེ། སྣེ་འཁྲིད་དཔེ་ལེགས་ཀྱི་ནུས་པ་ལྡན་པའི་ཁུ་ནུའི་སྣེ་འཁྲིད་དགེ་རྒན་དང་སློབ་གཙོ་སྐོར་ཞིག་སྐྱེད་སྲིང་བྱ་རྒྱུ་རེད།
      རྐང་འཛིན་སྐྱེད་སྲིང་གི་འཆར་གཞི་ཡིས་ལོ་རེར་སློབ་གྲྭ་ཆུང་འབྲིང་གི་རྐང་འཛིན་དགེ་རྒན་དང་བུ་བཅོལ་ཁང་གི་རྐང་འཛིན་དགེ་རྒན། ལས་རིགས་སློབ་གྲྭའི་རྐང་འཛིན་དགེ་རྒན། ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་རྐང་འཛིན་དགེ་རྒན་བཅས་དགེ་རྒན་སྟོང་ཡས་མས་འདེམས་གསེས་ཐོག སོ་སོའི་བསླབ་གཞི་དང་སློབ་གསོ་སློབ་འཁྲིད་ཀྱི་རེ་བ་དང་སྦྱར་ནས་དེ་བསྟུན་གྱི་ཟབ་སྦྱོང་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ 2021ལོའི་བར་དུ། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སོགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དགེ་རྒན་དང་སློབ་གཙོ་གྲགས་ཅན་གྱི་ལས་སྒྲུབ་ཁང20གཟུག་རྒྱུའི་འཆར་གཞི་ཡང་ཡོད་པ་རེད།
      ནུས་པ་མཐོར་འདེགས་འཆར་གཞི་ཡིས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དང་། གཞི་རྩའི་ནུས་པ་མཐོར་འདེགས་ལ་རྐང་བཙུགས་ཏེ། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། སློབ་གསོ་དང་སློབ་ཁྲིད་བཅོས་སྒྱུར། སྤུས་ཚད་མཐོར་འདེགས། དབུལ་སྒྲོལ་འགག་གཏོར། ཉེར་མཁོའི་བསླབ་གཞིའི་དགེ་རྒན་ལ་སོགས་ཁྱབ་ཁོངས་གཙོར་བཟུང་ནས་དམིགས་འབེན་ཆེ་ལ། ཁྱད་ཆོས་ལྡན་པ། མངགས་ཐོ་རྣམ་པ་བཅས་ཀྱི་ལམ་ནས་ལོ་རེར་མི་ཐེངས1.8ལྷག་ལ་ཟབ་སྦྱོང་བྱ་རྒྱུ་རེད།
      ཞིང་ཆེན་སློབ་གསོ་ཐིང་གིས་ཟབ་སྦྱོང་ལས་གཞི་སྒྲིག་འཛུགས་དང་ཟབ་སྦྱོང་ཁྲོད་ཀྱི་དོ་དམ། ལས་ཀའི་འོས་འགན་ལག་བསྟར་བཅས་ཆ་ནས་གཏན་འབེབས་ཞིབ་ཕྲ་བྱ་རྒྱུ་དང་། འདེམ་གསེས་ནང་བཞིན་ཟབ་སྦྱོང་ལ་ཞུགས་མི་ཐུབ་པའི་གནས་ཚུལ་དང་། ཡང་ན་ཚབ་ཏུ་མི་གཞན་མངག་པ་དག་སྤྱི་ཚོགས་ལ་གསལ་བསྒྲགས་བྱ་རྒྱུ་དང་། དེ་བཞིན་ཟབ་སྦྱོང་གི་རེ་བ་ལྟར་ཟབ་སྦྱོང་ལ་ཞུགས་སུ་མི་འཇུག་པའི་ས་ཁུལ་དང་སློབ་གྲྭ་དག་དགེ་རྒན་འདེམ་གསེས་ཀྱི་ཟབ་སྦྱོང་བྱ་བའི་མིང་ཐོ་ནག་པོའི་ཁྲོད་བཅུག་སྟེ། ལོ་ཕྱི་མའི་ཞིང་ཆེན་རིམ་པའི་དགེ་རྒན་ཟབ་སྦྱོང་གི་ལས་གཞི་དང་གཞི་རྩའི་འཛུགས་སྐྲུན་སོགས་ཞིང་རིམ་པའི་ལས་གཞིའི་མ་དངུལ་གཞན་དག་བཀོད་སྒྲིག་བྱེད་དུས་སུ་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་རེད།
 
འབྲེལ་ཡོད་རྩོམ་ཡིག