ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཏོག་གསར་གློ་ཚད་སྐོར་གྱི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲི་བ་དྲིས་ལན་བཞི།

2020-02-24
        དྲི་བ། དུག་སྲིན་འགོག་སྨན་ལ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཐད་ནུས་པ་ཡོད་དམ།
        དྲིས་ལན། དུག་སྲིན་འགོག་སྨན་གྱིས་དུག་སྲིན་འགོག་བཅོས་ལ་ཕན་པ་ཡོད་པ་ལས་ནད་དུག་ལ་ཕན་པ་མེད། ཏོག་གསར་གློ་ཚད་ནི་ནད་དུག་ཅིག་རེད། དེར་བརྟེན་དུག་སྲིན་འགོག་སྨན་སྔོན་འགོག་དང་སྨན་བཅོས་ཀྱི་བྱེད་ཐབས་ལ་གཙོ་བོར་བརྟེན་མི་རུང་།
        དྲི་བ། ཏོག་གསར་གློ་ཚད་སྔོན་འགོག་དང་སྨན་བཅོས་ཐད་ཆེད་སྤྱོད་སྨན་རྫས་ཡོད་དམ།
        དྲིས་ལན། མིག་སྔའི་བར་ཏོག་གསར་གློ་ཚད་སྔོན་འགོག་དང་སྨན་བཅོས་ཐད་ཆེད་སྤྱོད་སྨན་རྫས་མེད། དམིགས་བསལ་གྱི་སྨན་བཅོས་བྱེད་ཐབས་འགའ་ཞིག་ཞིབ་འཇུག་བྱེད་བཞིན་ཡོད།
        དྲི་བ། ཏོག་གསར་གློ་ཚད་དེ་ལོ་ཆེ་བ་ཁོ་ནར་འགོ་བ་ཡིན་ནམ། ན་གཞོན་ལ་འགོ་སླ་པོ་ཡོད་དམ།
        དྲིས་ལན། ལོ་ན་ཆེ་ཆུང་ཚང་མར་ཏོག་གསར་གློ་ཚད་འགོས་སྲིད། ལོ་ན་ཆེ་ཙམ་དང་། དབུགས་བསགས་པ། གཅིན་སྙི་ཟགས་ཁུ། སྙིང་ནད་སོགས་ཀྱི་ནད་གཞི་ཕོག་པའི་མི་སྣར་ནད་དུག་དེ་འགོས་ཉེན་དེ་བས་ཆེ་བ་ཡོད།
        དྲི་བ། གཅེས་ཉར་སྲོག་ཆགས་ལས་ཏོག་གསར་གློ་ཚད་འགོ་སྲིད་དམ།
        དྲིས་ལན། མིག་སྔར། ཁྱི་དང་ཞི་མི་སོགས་གཅེས་ཉར་སྲོག་ཆགས་ལས་ཏོག་གསར་གློ་ཚད་འགོས་པ་བདེན་དཔང་ཐུབ་མེད། འོན་ཀྱང་གཅེས་ཉར་སྲོག་ཆགས་ལ་རེག་རྗེས། རྟག་ཏུ་ཡི་ཙི་བརྒྱབ་ནས་ལག་པ་ཡང་ཡང་འཁྲུས་ན་ཕན་པ་ཡོད། 
རྩོམ་སྒྲིག་པ།སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག