ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭ39འཛུགས་པར་ཆོག་མཆན་གནང་རྩིས་ཡོད་པ།

2016-01-27 གཡང་སྒྲོལ།

ཅིང་གསར་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་དྲོ། གསར་འགོད་པས་སློབ་གསོ་པུའུ་ཡི་འཆར་འགོད་སི་ནས་ཤེས་རྟོགས་པ་བྱུང་པ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭ39ཛུགས་པར་ཆོག་མཆན་གནང་རྩིས་ཡོད་ཅིང་། མཐོ་རིམ་སློབ་གྲྭ་དག་གི་མིང་ཡང་དེ་རིང་སྤྱི་ཚོགས་ཐོག་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། དེའི་ཁྲོད་ཆེད་སྦྱོང་སློབ་གྲྭ14དངོས་གཞི་རིམ་པར་སྤར་རྒྱུ་དང་། སློབ་གླིང14སློབ་ཆེན་དུ་བསྒྱུར་རྒྱུ་རེད། སྤྱི་བསྒྲགས་བྱེད་དུས་ནི་2016ལོའི་ཟླ1པོའི་ཚེས26ཉིན་ནས་ཟླ2པའི་ཚེས24ཉིན་རེད།

སློབ་གསོ་པུའུ་ཡིས། 《མཐོ་རིམ་སློབ་གསོའི་བཅའ་ཁྲིམས》དང་། 《དམངས་གཉེར་སློབ་གསོ་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས》《དམངས་གཉེར་སློབ་གསོ་སྐུལ་སྤེལ་བྱེད་སྐོར་གྱི་ལག་བསྟར་སྲོལ་ཡིག》《མཐོ་རིམ་སློབ་གྲྭ་དཀྱུས་མ་འཛུགས་སྐོར་གྱི་གནས་སྐབས་སྲོལ་ཡིག》《སྤྱིར་བཏང་དངོས་གཞི་སློབ་གྲྭ་འཛུགས་སྐོར་གྱི་གནས་སྐབས་སྲོལ་ཡིག》དེ་བཞིན《སྒེར་ཚུགས་སློབ་གླིང་འཛུགས་པ་དང་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་འཛུགས་པའི་དཔྱད་ཞིབ་ཨུ་ལྷན་གྱི་ཆེད་མཁས་ཀྱིས་རྟོག་ཞིབ་དང་དཔྱད་འཇོག་གནང་པ་མ་ཟད། ངེད་པུའུ་ལ་སྙན་སེང་ཞུས་ཏེ་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མཐོ་རིམ་སློབ་གྲྭ་འཛུགས་ལུགས་ཀྱི་སྙན་ཞུར་ཆོག་མཆན་ཐོབ་པ་ཡིན་ལ། དེའི་ཁྲོད། དབུས་ཤར་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ29དང་། སྒེར་ཚུགས་སློབ་གླིང9ནི་སྒེར་ཚུགས་དམངས་གཉེར་དངོས་གཞིའི་སློབ་གྲྭ་བསྒྱུར་པ། མཐོ་རིམ་སློབ་གྲྭ་འཛུགས་གྲབས་ཀྱི་སློབ་གྲྭ1ཡོད་ཅེས་བསྟན་བྱུང་།

ཆེད་སྦྱོང་སློབ་གྲྭ14དངོས་གཞི་རིམ་པར་སྤར་རྗེས་སུ། དེ་སྔོན་གྱི་སློབ་གྲྭའི་མིང་སློབ་གླིང་དུ་འགྱུར་ཡོད་དེ། དེའི་ཁྲོད་ཧོ་ནན་ནོར་སྲིད་ཁྲལ་དོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཧོ་ནན་སློབ་གསོིའི་སློབ་གླིང་གཉིས་མཉམ་བསྲེས་བྱས་ཏེ་ཧོ་ནན་ནོར་སྲིད་དངུལ་རྩའི་སློབ་གླིང་དུ་བསྒྱུར་བ། དེའི་འཕྲོས་སློབ་གྲྭ13ནི་རིམ་བཞིན། ཧོ་པེའི་ཨར་ལས་ལག་རྩལ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་། ཀྲུང་གོའི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་། ཧྲའན་ཞི་རྡོ་སོལ་དོ་དམ་ལས་བྱེད་པའི་སློབ་གླིང་། ཧྲན་ཞིས་དྲག་ཆས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཧཱའར་པེན་དགེ་འོས་སློབ་ཆེན་རོལ་དབྱངས་སློབ་གླིང་། ཀྲེ་ཅང་གསོ་རིག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཧའོ་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཞ་མིན་གསོ་རིག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཧྥུ་ཅན་ཚོང་ལས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཧོ་ནན་འཕྲུལ་གློག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ཀྲུང་ཀྲོའུ་སློབ་ཆེན(ཆེད་སྦྱོང་།)ཡོན་དབྱང་དགེ་འོས་མཐོ་རིམ་ཆེད་སྦྱོར་སློབ་གྲྭ་དང་ཆོང་ཐའེ་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཅས་སོ།

མིང་བསྒྱུར་རྩིས་ཡོད་པའི་མཐོ་རིམ་སློབ་གྲྭ14ནི། ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་། ལེའོ་ཉེང་གསོ་རིག་སློབ་གླིང་། ཧྲང་ཧའེ་ཉེར་སྤྱོད་ལག་རྩལ་སློབ་གླིང་། སུའུ་ཀྲོའུ་ཚན་རྩལ་སློབ་གླིང་། ཞོའུ་ཀྲུའུ་གསོ་རིག་སློབ་གླིང་། ཀྲེ་ཅང་རྒྱ་མཚོའི་སློབ་གླིང་། ཀྲུང་གོའི་ཚད་འཇལ་སློབ་གླིང་། ཨན་ཆིང་དགེ་འོས་སློབ་གླིང་། ཅིན་ཏེ་གྲོང་བརྡལ་གྱི་རྫ་ཆས་སློབ་གླིང་། ཀོང་ནན་དགེ་འོས་སློབ་གླིང་། ཧོ་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་། ཧུའུ་པེ་དགེ་འོས་སློབ་གླིང་། ཀོང་ཏུང་སྨན་རིག་སློབ་གླིང་དང་དེ་བཞིན་ཀོང་ཏུང་གསོ་རིག་སློབ་གླིང་བཅས་རེད། རྒྱུས་ལོན་བྱུང་པ་ལྟར་ན། ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་ནི་དེ་སྔར་གྱི་ཧོ་པའེ་ས་གཤིས་སློབ་གླིང་ཡིན་ལ། 1953ལོར་གསར་དུ་བཙུགས་ཤིང་། དེ་ནི་ཀྲུང་གོ་གསར་པས་ཆེས་ཐོག་མར་བཙུགས་པའི་ས་གཤིས་པུའུ་ཡི་ཁོངས་གཏོགས་ཀྱི་དཔལ་འབྱོར་དོ་དམ་ཆེད་ལས་རིགས་ཀྱི་ས་གཤིས་སློབ་གླིང་རེད་འདུག

དེ་ལས་གཞན། ཧྲའོ་དབྱང་སློབ་གླིང་དང་ཧྲའོ་དབྱང་གསོ་རིག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཉིས་མཉམ་བསྲེས་བྱས་ཏེ་ཧྲའོ་དབྱང་སློབ་གླིང་དང་བསྒྱུར་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག