ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་པུའུས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་མར་སློབ་སྦྱོང་གི་ཆ་རྐྱེན་གང་ལེགས་བསྐྲུན་པ།

2016-02-19

སློབ་གསོ་པུའུ་ཡིས་གཞུང་ཕྱོགས་དྲ་བའི་སྟེང“སློབ་གསོ་པུའུ་ཡི2016ལོའི་བྱ་བའི་རྩ་གནད”ཅེས་པ་ཁྱབ་བསྒྲགས་བྱས་པ་དང་།“རྩ་གནད”ཁྲོད་བཏོན་དོན། “དབུས་ནུབ་རྒྱུད་ས་ཁུལ་གྱི་སློབ་མ་སྡུད་པའི་རོགས་ལས་འཆར་གཞི”སོགས་ཆེད་དོན་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ། མི་རིགས་རང་སྐྱོང་རྫོང་ཡོངས་སུ་ཁེབས་པ་མངོན་འགྱུར་དང་། ཞིང་སྡེ་དང་དབུལ་ཕོངས་ས་ཁུལ་གྱི་སློབ་མར་སློབ་སྦྱོང་གི་ཆ་རྐྱེན་གང་ལེགས་བསྐྲུན་རྒྱུ།“རྩ་གནད”ལས་བཏོན་པ་སྟེ། འཕེལ་རྒྱས་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་སློབ་གསོ་མྱོང་བའི་ཁེ་དབང་དངོས་གནས་འགན་སྲུང་བྱ་རྒྱུ།

བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་མཐོང་དགའ་གྲོང་ཚོའི་སློབ་གྲྭར་སློབ་མ་ཚོས་སློབ་གསེང་གི་སྐབས་སུ་ཐག་རྩེད་བྱེད་བཞིན་པ།

“རྩ་གནད”ལས་བཏོན་པ་སྟེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཁེབས་ཚད་སྔར་ལས་རྒྱ་བསྐྱེད་རྒྱུ། དབུས་ནུབ་རྒྱུད་ཀྱི་སློབ་གསོ་གོང་དུ་སྤེལ་བའི་འགུལ་སྐྱོད་འཆར་གཞི(2016ལོ་ནས2020ལོའི་བར)མགྱོ གས་མྱུར་གྱིས་ལག་ཏུ་བསྟར་དགོས། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བའི་འཆར་གཞི་ལག་བསྟར་ཟབ་མོ་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་མུ་མཐུད་དུ་ལེགས་པར་བསྒྲུབ་རྒྱུ། 《པེ་ཅིན་དང་ཐེན་ཅིན ཧོ་པེ་བཅས་ཀྱིས་མཉམ་དུ་སློབ་གསོ་གོང་དུ་སྤེལ་བའི་ཆེད་དོན་འཆར་འགོད》དངོས་འབེབས་སྐུལ་འདེད་བྱེད་པ་དང་། པེ་ཅིན་དང་ཐེན་ཅིན་དང་ཧོ་པེ་བཅས་ཀྱིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྐུལ་འདེད་ནང་རྐྱེན་འཛུགས་རྒྱུ།

“རྩ་གནད”ལས་བཏོན་པ་སྟེ། དབུལ་བོ་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པ་ཡོངས་སུ་ཁེབས་པར་བྱ་རྒྱུ། ས་གནས་སོ་སོས་སློབ་ལོ་མ་རན་པའི་སྔོན་གྱི་སློབ་གསོར་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྔར་ལས་འདེད་སྐུལ་བྱ་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་འཚོ་བཅུད་ལེགས་སྒྱུར་བྱེད་པའི་འཆར་གཞི་མུ་མཐུད་དུ་རྩ་འཛུགས་བྱས་ནས་ལག་བསྟར་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་གཏན་འབེབས་བྱས་ཏེ་རིམ་བཞིན་རིགས་བགོས་ནས་འབྲིང་རིམ་ལས་རིགས་སློབ་གསོའི་དུས་རིམ་གྱི་སློབ་མར་སློབ་ཡོན་རྩག་རྩིག་མི་བསྡུ་བ་ཁྱབ་སྤེལ་བྱ་རྒྱུ། ཡིག་ཚགས་བྱང་བུ་ལས་པའི་དབུལ་བོ་ཁྱིམ་ཚང་གི་སློབ་མར་སྔོན་ལ་མཐོ་འབྲིང་དཀྱུས་མའི་སློབ་ཡོན་རྩག་རྩིག་མེད་པར་གཏོང་བ་སོགས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་སྲིད་ཇུས་དང་ཞིབ་འཇུག་སློབ་མར་བྱ་དགས་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་ལས་ཞུགས་དང་སློབ་ཡོན་ལ་ཁ་གསབ་དང་དངུལ་བུན་དང་ཚབ་སྤྲོད་བཅས་བྱེད་པའི་སྲིད་ཇུས་འདོན་པར་སྐུལ་འདེད་བྱ་རྒྱུ། དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། རོགས་སྐྱོར་སྲིད་ཇུས་དེ་མི་ཚང་མར་ཤེས་སུ་འཇུག་རྒྱུ།

“རྩ་གནད”ལས་བཏོན་པ་སྟེ། དམིགས་བསལ་ཅན་གྱི་མི་ཚོགས་ཀྱིས་འདྲ་མཉམ་སྒོས་སློབ་གསོ་མྱོང་བར་འགན་སྲུང་བྱ་དགོས། དམིགས་བསལ་སློབ་གསོ་མཐོར་འདེགས་བྱེད་པའི་འཆར་གཞི་ཁྱོན་ཡོངས་ནས་དངོས་འབེབས་དང་།“མི་རེ་ལ་ཡིག་ཚགས་རེ”ལྟར། དབང་བོ་སྐྱོན་ཅན་གྱི་བྱིས་པར་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་གནད་དོན་གཙོ་གནད་དུ་བཞག་ནས་ཐག་གཅོད་པ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པར་འོས་འགན་སློབ་གསོའི་དུས་རིམ་ལ་མ་ཐོན་པའི་སྔོན་གྱི་སློབ་ཞུགས་གོ་སྐབས་མུ་མཐུད་དུ་ཇེ་མང་དུ་གཏོང་རྒྱུ། དབང་བོ་སྐྱོན་ཅན་སློབ་མའི་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་སློབ་མར་མཐོ་འབྲིང་གི་སྐབས་སུ་རིན་མེད་སློབ་གསོ་ཐོབ་ཏུ་འཇུག་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ། དམིགས་བསལ་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱ་རྒྱུ། དམིགས་བསལ་སློབ་གསོའི་བཅོས་བསྒྱུར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བྱ་རྒྱུ། དམིགས་བསལ་སློབ་གསོ་མཐོར་འདེགས་བྱེད་པའི་འཆར་གཞི་གཉིས་པ་ཞིབ་འཇུག་བྱས་ནས་བཟོ་རྒྱུ། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་གཉོམ་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སྒྱུར་བྱེད་པ་དང་། ཞིང་སྡེ་སློབ་གྲྭའི་ཞག་སྡོད་ཆ་རྐྱེན་ལེགས་སྒྱུར་དང་ཞིང་གྲོང་གི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ལེགས་པར་བསྒྲུབ་དགོས། སློབ་གསོའི་དབུལ་སྐྱོར་བཟོ་འགོད་མགྱོ གས་མྱུར་གྱིས་ལག་བསྟར་བྱས་ཏེ། དབུལ་བོ་ཁྱིམ་ཚང་གི་བུ་བུ་མོས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་ཐུབ་པ་བྱ་དགོས། “གཙོ་བོ་གཉིས་དང་འཇོག་པ་གཉིས”ཀྱི་སྲིད་ཇུས་སྔར་ལས་སྐུལ་འདེད་དངོས་འབེབས་བྱས་ཏེ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་ཆ་སྙོམས་ཀྱིས་བཀོལ་བའི་སྤྱི་སྤྱོད་གྲོན་དངུལ་དང“མི་ལེན་པ་གཉིས་དང་ཁ་གསབ་གཅིག”གི་མ་དངུལ་དེ་སློབ་མ་སྐོར་སྐྱོད་བྱེད་པ་དང་བསྟུན་ནས་འཁྱེར་ཆོག་པ་སྐུལ་འདེད་བྱ་དགོས། སྡོད་གནས་དཔང་ཡིག་ཁུངས་ལུང་གཙོ་བོར་བརྩིས་ཏེ་འཁྱར་འགྲིམས་པའི་བུ་བུ་མོ་སློབ་གྲྭར་ཞུགས་པའི་བྱེད་ཐབས་བཟོས་ཏེ། འཁྱར་འགྲིམས་པའི་བུ་བུ་མོ་སློབ་གྲྭར་ཞུགས་པར་སྟབས་བདེ་བཟོ་དགོས། ཤང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭ་འཛུགས་པར་ཤུགས་བསྣན་ནས། གཞིས་སྲུང་བྱིས་པའི་སློབ་གསོ་དང་གཅེས་སེམས་གནང་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གཞིས་སྲུང་བྱིས་པ་སློབ་བྱོལ་བྱེད་པ་ཚོད་འཛིན་དང་སློབ་གྲྭར་ཞུགས་པར་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སློབ་གསོར་བརྟེན་ནས་དབུལ་ཐར་བྱེད་པའི་ལག་བསྟར་བསམ་འཆར་དང་དུས་རབས་གསར་པའི་ཐད་གཏོགས་མཐོ་འབྲིང་གི་གནས་གཏན་དབུལ་སྐྱོར་བྱ་བ་ལེགས་པར་བསྒྲུབ་པའི་མཛུབ་སྟོན་བསམ་འཆར་བཟོས་ནས་ཤུགས་སྣོན་གང་ལེགས་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ《ཡུན་ནན་ནུབ་རྒྱུད་ས་ཁུལ་དབུལ་ཐར་མཁྲེགས་གཏོར་བྱེད་པའི“ལྔ་བཅུ་གསུམ”ལག་བསྟར་འཆར་འགོད》སྒྲིག་བཟོ་བྱ་དགོས།

“རྩ་གནད”ལས་བཏོན་པ་སྟེ། མི་རིགས་སློབ་གསོར་ཤུགས་སྣོན་བྱ་དགོས།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་སློབ་གསོ་མགྱོགས་མྱུར་གྱིས་གོང་དུ་སྤེལ་བའི་ཆོད་དོན》དང་རྒྱལ་ཡོངས་མི་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་དགོས། སློབ་གྲྭའི་མི་རིགས་སློབ་གསོར་མཛུབ་སྟོན་བྱེད་པའི་བསམ་འཆར་བཟོ་བ་དང་། ས་གནས་སོ་སོས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ནང་རྐྱེན་འཛུགས་པར་མཛུབ་སྟོན་བྱ་དགོས། 《གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སློབ་གསོའི་མཛུབ་སྟོན་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱ་དགོས། 《མི་རིགས་སློབ་གྲྭ་འབྲིང་ཆུང་གི་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་ཚད་གཞི(མཐོ་འབྲིང་དཀྱུས་མ)》བཟོ་བཅོས་བྱེད་པའི་བྱ་བ་མགོ་བརྩམ་རྒྱུ《ནང་ལོགས་མི་རིགས་འཛིན་གྲྭ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་འཆར་འགོད(2016ལོ་ནས2025ལོའི་བར)》པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ། 《ནང་ལོགས་ཀྱི་བོད་ལྗོངས་འཛིན་གྲྭ་དང་ཞིན་ཅང་འཛིན་གྲྭའི་བྱ་བར་སྔར་ལས་ཤུགས་སྣོན་པའི་བསམ་འཆར》ལ་བཟོ་བཅོས་བརྒྱབ་ནས་པར་སྐྲུན་བྱ་རྒྱུ་དང་། ནང་ལོགས་ཀྱི་མི་རིགས་འཛིན་གྲྭ་དང་མཉམ་བསྲེས་འཛིན་གྲྭའི་སློབ་ཁྲིད་དང་མཉམ་བསྲེས་བྱས་ནས་སྡོད་པ་ཁྱབ་སྤེལ་བྱ་རྒྱུ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་འཇོན་མི་སྐྱེད་སྲིང་བྱེད་པའི་བྱ་བ་ལག་བསྟར་བྱེད་མགོ་བརྩམ་རྒྱུ། ཡུན་ནན་དང་ཞིན་ཅང་གི་སྐད་གཉིས་སློབ་གསོའི་སྤུས་ཚད་མཐོར་འདེགས་བྱེད་པའི་འཆར་གཞི་མགོ་བརྩམ་རྒྱུ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དུ་སློབ་གསོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་ཞབས་འདེགས་ཞུ་བའི་བསམ་འཆར་དངོས་འབེབས་སྐུལ་འདེད་བྱ་རྒྱུ།

“བྱ་བའི་རྩ་གནད”ལས་བཏོན་པ་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཆེན་མོར་དམིགས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་ལས་ཀར་ཞུགས་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུ་ལས་རིགས་སོགས་ཁྱབ་ཁོངས་སུ་སོང་ནས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་ཁྲིད་ཧུར་ཐག་བྱ་དགོས། དམག་ཁོངས་ལས་ཕྱིར་བུད་པའི་སློབ་གྲྭ་ཆེན་མོ་བའི་དམག་མིའི་ཆེད་དོན་ཞིབ་འཇུག་སློབ་མའི་འཆར་གཞི་སོགས་སྲིད་ཇུས་དངོས་འབེབས་གང་ཐུབ་བྱ་རྒྱུ། སློབ་གྲྭ་ཆེན་མོ་བ་དམག་ཁོངས་སུ་སྡུད་པའི་བྱ་བ་ལེགས་པར་བསྒྲུབ་དགོས། ལས་ཞུགས་ལས་སྐྲུན་ལ་མཛུབ་སྟོན་ཞབས་ཞུ་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ་དང་།“མཐུད་སྦྲེལ་དྲ་བ+”ཡི་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། གནད་ལ་ཕིགས་པའི་སྒོ་ནས་འོས་སྦྱོར་བྱེད་པའི་ལས་ཞུགས་ཞབས་ཞུ་ནང་རྐྱེན་འཛུགས་པ་དང་། གདན་ཞུ་བྱེད་པའི་བྱ་འགུལ་སྣ་ཚོགས་སྤེལ་དགོས། ལས་ཞུགས་བྱེད་འདུན་ཆེ་ཡང་ལས་ཞུགས་བྱེད་མ་ཐུབ་པའི་མཐར་ཕྱིན་སློབ་མ་སྡོམ་རྩིས་དང་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་པ་དང་། སློབ་གྲྭར་བྲལ་ཡང་ལས་ཞུགས་བྱས་མེད་པའི་མཐར་ཕྱིན་སློབ་མར་རམ་འདེགས་བྱས་ནས་ལས་ཀར་ཞུགས་སུ་འཇུག་པའི་འཆར་གཞི་ལག་བསྟར་བྱ་དགོས། དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་བྱས་རྗེས་འབུལ་འདོད་པའི་ཞིང་སྡེའི་ཆེད་འབྲིང་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ལས་རིགས་ཞིང་པའི་དཔུང་སྡེ་ནང་ཞུགས་པར་སྐུལ་ཁྲིད་བྱ་དགོས།

འབྲེལ་ཡོད་རྩོམ་ཡིག