ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“བྱིས་བློ་ཏང་ལ་ཕྱོགས་ནས་མཉམ་གཅིག་གིས་འཆར་འགོད་འབྲི”ཞེས་པའི་རི་མོའི་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ་རེད།

2019-05-08 པད་མ་རྒྱལ་གྱིས་བསྒྱུར།
  
          སྨྱུ་གུས་སེམས་རྒྱུད་རིས་མོར་ཕབ་ཅིང་ཚོན་མདངས་ཀྱིས་སྤྲོ་སེམས་རབ་ཏུ་འཕྲོ་བར་བཅུག སློབ་མའི་སློབ་ཕྱིའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སློབ་མའི་ཉམས་མདངས་མངོན་ནས་སློབ་མ་ཚོའི་ཕྱོགས་བསྡུས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་ཆེད། ཟླ4པའི་ཟླ་དཀྱིལ་ནས་ཟླ5པའི་ཟླ་མགོའི་བར་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་“ལྔ་བཞི”ལས་འགུལ་སྤེལ་ནས་ལོ་ངོ་བརྒྱ་འཁོར་བར་དྲན་གསོ་ཞུ་བ་དང་“བྱིས་བློ་ཏང་ལ་ཕྱོགས་ནས་མཉམ་གཅིག་གིས་འཆར་འགོད”རི་མོ་འབྲི་བའི་འགྲན་སྡུར་སྤེལ་བ་རེད།

          རྒྱུས་ལོན་བྱུང་བ་ལྟར་ན། འགྲན་སྡུར་གྱིས་ཁྲེང་ཀོན་ཆུས་ཚོད་ལྟའི་སློབ་ཆུང་དང་། ཡན་ལག་སློབ་གྲྭ། ཁྲེང་ཀོན་ཆུས་སློབ་ཆུང་དང་པོ་དང་དེ་བཞིན་དེའི་ཡན་ལག་སློབ་གྲྭ་སོགས་ནས་ཡོང་བའི་སློབ་མ5000ལྷག་གིས་ཐོག་མའི་འགྲན་སྡུར་དང་། བསྐྱར་འགྲན་ཐེངས་གཉིས་ཀྱི་འགྲན་སྡུར་བྱས་པ་བརྒྱུད། འགྲན་ཞུགས་བརྩམས་ཆོས་མང་པོ་ཞིག་ནས་བརྩམས་ཆོས་ལྔ་བཅུ་རྟིང་རྩོད་འགྲན་སྡུར་ནང་ཞུགས་ཐུབ་པ་རེད། དེའི་ཁྲོད་ཁྲེང་ཀོན་ཆུས་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་དང་པོའི་འཛིན་གྲྭ་བཅུ་གཅིག་པའི་སློབ་མ་ཀྲེན་ཀྲི་ཞོན་གྱི《ཀྲུང་གོའི་གུང་གཞོན་ཚོགས་པ》ཞེས་པར་ཨང་དང་པོ་ཐོབ་པ་རེད། ཉིན་ཤས་གོང་ཁྲེང་ཀོན་ཆུས་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་ཧྲེན་ལིས་དུས་རབས་ཐང་ཆེན་དུ“བྱིས་བློ་ཏང་ལ་ཕྱོགས་ནས་མཉམ་གཅིག་གིས་འཆར་འགོད་འབྲི”ཞེས་པའི་རི་མོ་འབྲི་བའི་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་སྤེལ་ཏེ་བྱ་འགུལ་གྱི་མཇུག་བདེ་བླག་ངང་སྒྲིལ་བ་རེད།

          ཁྲེང་ཀོན་ཆུས་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལི་ཏེ་མིང་བྱ་འགུལ་དུ་ཞུགས་ཏེ་གཏམ་བཤད་གནང་ཞིང་། ཁོང་གིས་མཛེས་རྩལ་ཡིག་གཟུགས་སློབ་གསོ་ནི་བྱང་ཚད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་ལོ་ཆུང་གཞོན་ནུ་སློབ་མའི་མཛེས་དཔྱོད་ཀྱི་ནུས་པ་གསོ་སྐྱོང་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འདུ་ཤེས་གསར་སྐྲུན་དང་། གསར་གཏོད་ཀྱི་ནུས་པ་སྐུལ་སྤེལ་བྱ་བ་ཚང་མར་ནུས་པ་གལ་ཆེན་ལྡན་ཡོད་ཅེས་གསུངས། ཁོང་གི་རྒྱ་ཆེའི་ན་གཞོན་རྣམས་ཀྱི་ཕུགས་འདུན་ཆེན་པོ་འཆང་བ་དང་། སྤྱོད་ཡོན་གཉིས་ལྡན་ལ་གལ་ཆེན་འཛིན་པ། གསར་གཏོད་བྱེད་ཕོད་པ་བཅས་བྱ་རྒྱུའི་རེ་བ་བཅངས་གནང་ཡོད། ཆུང་དུས་ནས་མི་བྱེད་ཤེས་པ་དང་། རང་ཉིད་ལ་རེ་བ་ནན་མོ་བཅངས་ཏེ་ཚ་འུར་གྱི་ལང་ཚོའི་ཁྲོད་དུ་ཕུགས་བསམ་གྱི་ཤོག་པ་བསྐྱངས་ཤིང་། འབད་འཐབ་ཀྱི་ལང་ཚོའི་ཁྲོད་ནས་བྱ་གཞག་ལ་གྲུབ་འབྲས་བཟང་པོ་འཐོབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུད་འཛིན་པ་ཚད་ལྡན་ཞིག་བྱེད་དགོས་པ་བསྟན།
འབྲེལ་ཡོད་རྩོམ་ཡིག