ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཚྭ་ཁ་རོང་དུ་དཔེ་ཀློག་གི་སྐད་སྒྲ་ཁྱབ།

2019-06-24 མཁའ་འགྲོས་བསྒྲིགས།

        མི་དམངས་དྲ་བའི་འཕྲིན། ན་གཞོན་གྱི་བོད་རིགས་བུད་མེད་དགེ་རྒན་ཀང་ཆིང་གི་མདུན་དུ་བསྡད་ནས། མཛུབ་མོ་ཁྱུག་པོས་རོལ་དབྱངས་དཀྲོལ་བ་དང་། སློབ་མ་གཉིས་ཀྱིས་པི་ཝང་དཀྲོལ་ཞིང་། སློབ་མ་སུམ་ཅུ་ལྷག་ཙམ་སྟར་བཞི་ལ་སྒྲིག་ནས།  མགྲིན་གཅིག་ཏུ་སྐད་གསང་མཐོ་པོས་མཉམ་གཏོང་གླུ་གཞས་ལེན་བཞིན་ཡོད་པ་དང་། སློབ་གྲྭའི་ལན་ཆིའུ་སྤོ་ལོ་རྭ་བར་གཟུགས་པོ་རིང་བའི་སློབ་མ་འགའ་ཞིག་གིས། ལུས་རྩལ་དགེ་རྒན་གྱི་སྒྲིག་འཛུགས་འོག་ཚོ་ཆུང་ཁག་བགོས་ཀྱི་འགྲན་བསྡུར་བྱེད་བཞིན་ཡོད་པ། ཕྱོགས་བསྡུས་ཐོག་ཁང་གསུམ་པའི་རྫས་འགྱུར་ཚོད་ལྟ་ཁང་དུ། ཁ་མདོག་དཀར་པོའི་ཕྱི་གོས་གྱོན་པའི་སློབ་མ་ཚོ་ཆུང་བགོས་ནས། རྫས་འགྱུར་ཚོད་ལྟ་བྱེད་བཞིན་ཡོད་པ་ཚང་མ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་རོང་སློབ་འབྲིང་ནས་མངོན་པ་ཞིག་ཡིན།

འབྲེལ་ཡོད་རྩོམ་ཡིག