ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མངལ་སྦྲུམ་པའི་སྐབས་སུ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་དགོས་སམ།

2020-01-08 སྣང་རྡོས་བསྒྲིགས།
           མངལ་སྦྲུམ་པའི་བུད་མེད་ཀྱི་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་དགོས།ལུས་པོའི་ལྗིད་ཚད་ཀྱིས་སྐྱེ་འཕེལ་ནུས་པར་ཤན་ཤུགས་ཐེབས་ཀྱིན་ཡོད། ལུས་པོའི་ལྗིད་ཚད་ཤིན་ཏུ་ལྕི་བའམ་ཡང་ན་ཕུང་བོའི་འཚོ་བཅུད་ཆེས་མི་བཟང་བའི་སྐབས་སུ་སྐྱེ་འཕེལ་ནུས་པ་ཇེ་ཞན་དུ་འགྲོ་ངེས་རེད།དེའི་ཕྱིར། མངལ་སྦྲུམ་འདོད་པའི་བུད་མེད་ཀྱིས་རང་ཉིད་ཀྱི་ལུས་ཕུང་ལ་གཅེས་རྒྱུ་ཤིན་ཏུ་གལ་ཆེ།ལུས་པོའི་ལྗིད་ཚད་ཚད་དང་རན་པོ་ཡིན་དགོས།
           གལ་ཏེ་ལུས་པོའི་ལྗིད་ཚད་ཧ་ཅང་ལྕི་བ་ཡིན་ན།མངལ་ཆགས་པའི་དུས་ཡུན་ནང་དུ་བསྡོངས་ཟླའི་ནད་མང་པོ་འབྱུང་སླ་བར་མ་ཟད། ད་དུང་མངལ་སྦྲུམ་པའི་ཁྲག་ཤེད་མཐོ་བ་དང་།དེ་ལས་གཞན་མངལ་སྦྲུམ་པའི་སྐབས་སུ་གཅིན་སྙི་ཟ་ཁུའི་ནད་རིགས་འབྱུང་བ། ལུས་ཧ་ཅང་ཚོ་བའི་སྦྲུམ་མའི་རིགས་ལ་ནད་འབྱུང་བའི་ཚད་ལྡབ་འགྱུར་གྱིས་མང་ཞིང་།མངལ་ཤོར་བ་དང་བཙའ་དཀའ་བ་སོགས་ཀྱི་གནད་དོན་ཡང་ཤིན་ཏུ་མང་། སྦྲུམ་མ་ཚོན་པོས་ཕྲུ་གུ་བཙའ་སྐབས་རྐྱེན་ལམ་དུ་ཤོར་ཚད་དེ་རྒྱུན་ལྡན་གྱི་ཕུང་བོའི་ལྗིད་ཚད་ཅན་ལས་མང་བ་རེད།

           དེ་ལས་ཀྱང་མཉམ་འཇོག་དགོས་པ་ཞིག་ནི།ལུས་པོ་ཧ་ཅང་རིད་ན་གསང་རྒྱུད་ཟགས་གཤེར་འབབ་ཚད་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་ནས་མངལ་སྦྲུམ་དཀའ་བ་རེད།དེ་ནི་བུད་མེད་རྣམས་ཀྱི་བསམ་བསེའུ་ལས་གསང་རྒྱུད་ཟགས་གཤེར་འབབ་ཚད་རྒྱུན་ལྡན་མིན་པ་ལས་ཟླ་མཚན་རྒྱུན་ལྡན་མིན་པའི་སྣང་ཚུལ་ཐོན་པས་ཡིན་ལ།ལུས་པོར་འཚོ་བཅུད་དཀོན་ན་བྱིས་པའི་བདེ་ཐང་དང་འཚར་ལོངས་ལ་གནོད་པ་ཡོད། །
           ཆུར་རྐྱལ་བའི་སྐབས་སུ་ཉྭ་འཆུས་ན་ཇི་ལྟར་བྱ།
           ཆུར་རྐྱལ་བའི་སྐབས་སུ་ཉྭ་འཆུས་པའི་གནད་དོན་བྱུང་ཚེ།སེམས་ལ་འཚུབ་ཆ་མི་ལངས་པར་ལྷོད་ལ་བབས་ནས་སྲོག་སྐྱོབ་མི་སྣ་དང་རོགས་པར་སྲོག་སྐྱོབ་དགོས་པའི་བརྡ་སྟོན་དགོས།
           རྐང་པའི་ཉྭ་རིལ་འཆུས་པའི་སྐབས་སུ།ཆུ་མི་གཏིང་སར་མྱུར་མོར་ཡར་ལངས་ནས་ཤུགས་ཆེན་པོས་རྐང་པ་བརྐྱང་བསྐུམ་བྱེད་པའམ། ལག་པས་རྐང་པའི་མཛུབ་མོར་འཇུས་ནས་ཡར་འཐེན་པ་དང་།ཉྭ་རིལ་ཕུར་མཉེད་བྱས་ནས་ཉྭ་འཆུས་པ་ལས་འཕྲོས་པའི་གནོད་པ་ཇེ་ཉུང་དུ་གཏོང་དགོས།

           གལ་ཏེ་ཆུ་ཧ་ཅང་གཏིང་སར་རྐང་པའི་ཉྭ་རིལ་འཆུས་ན།དབུགས་ཐེངས་ཤིག་རྔུབ་རྗེས་ཆུ་གཏིང་སར་ལག་པས་ཉྭ་རིལ་ཕུར་མཉེད་བྱེད་དགོས་པར་མ་ཟད། ད་དུང་ཤུགས་གང་ཡོད་ཀྱིས་རྐང་མཐིལ་ཡར་བཀྱགས་རྗེས།ཉྭ་འཆུས་པའི་ཤ་གནད་ནས་འཐེན་ཏེ་ཤ་གནད་ཅུང་ཙམ་ལྷོད་པོར་གཏོང་དགོས་ལ། མྱུར་དུ་ཆུའི་འགྲམ་ངོགས་སུ་ཡོང་དགོས།ཉྭ་འཆུས་མེད་པའི་རྐང་པར་བརྟེན་ནས་ལོགས་རྐྱལ་གྱི་བྱེད་ཐབས་སོགས་སྤྱད་དེ་ཆུའི་འགྲམ་ངོགས་སུ་ལོག་པར་བརྩོན་དགོས།གལ་ཏེ་རང་ཉིད་ལ་ཐར་བའི་ཐབས་ལམ་མེད་ཚེ་སྔ་མོ་ནས་མྱུར་སྐྱོབ་ཀྱི་བརྡ་རྒྱག་དགོས། དེ་མིན་དངངས་འཚབ་སྐྱེས་ཏེ་ལུས་པོ་འགུལ་སྟངས་དང་དབུགས་ལེན་སྟངས་ནོར་ན།ཆུ་གློ་མིད་བྱེད་པའམ་རྐང་པའི་གནས་གཞན་པ་འཆུས་པའི་སྣང་ཚུལ་ཐོན་སྲིད་པས་ང་ཚོས་ངེས་པར་དུ་གཟབ་དགོས།
           ལུས་སྟེང་གི་གནས་གཞན་པ་འཆུས་པའི་སྐབས་ཏེ།དཔེར་ན། རྐང་མཛུབ་འཆུས་པའི་སྐབས་སུ་ཆུ་ནང་ནས་རྐང་པ་ཆུ་ཁར་བཀྱགས་ཏེ་རྐང་མཛུབ་དྲང་མོར་འཐེན་པ་དང་ཕུར་མཉེད་བྱེད་དགོས།གལ་ཏེ་ལག་པའི་མཛུབ་མོ་འཆུས་པའི་སྐབས་སུ་ལག་པ་ཁུ་ཚུར་དུ་བཅངས་རྗེས་ཤེད་ཤུགས་ཡོད་ཚད་ཀྱིས་སྤར་ཁ་ཡང་ཡང་འབྱེད་དགོས།
འབྲེལ་ཡོད་རྩོམ་ཡིག