ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཞག་ལ་སྦངས་པའི་ཇ་འཐུང་ན་འབྲས་སྐྲན་འབྱུང་ཞེས་པ་ནི་ཟེར་སྒྲོས་ཙམ་མོ།

2020-08-26 སྣང་རྡོས་བསྒྲིགས།
ཀྲུང་གོ་བ་ནི་ཇ་འཐུང་བར་དགའ་མོད་
དེ་ལྟར་ནའང་ཞག་ལ་སྦངས་པའི་ཇ་འཐུང་ན་ནད་ངན་འབྱུང་སླ་ལ། 
ཐ་ན་འབྲས་སྐྲན་འབྱུང་ཉེན་ཆེ་ཞེས་པའི་
ཟེར་སྒྲོས་ཤིག་གང་སར་ཁྱབ་ཡོད། 
ཡང་སྙིང་ག་རེ་རེད་ཅེ་ན། 

           01. ཞག་ལ་སྦངས་པའི་ཇ་ཡིས་ཡཱ་ཞའོ་ཨན་འབྱུང་སྲིད་དམ། 
           “ཞག་ལ་སྦངས་པའི་ཇ”ཞེས་པ་ནི་སྤྱིར་བཏང་དུ་ཇ་ལོ་ཆུ་ཚོད12ཡན་སྦངས་པའམ་ཡང་ན་ཞག་གང་བོར་བཞག་པའི་ཇ་ལ་ཟེར། 
           མི་མང་པོ་ཞིག་གིས་ཞག་ལ་སྦངས་པའི་ཇ་ཡིས་གནོད་པ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཡཱ་ཞའོ་ཨན(འབྲས་སྐྲན་སྐྱེད་དངོས་རྫས་ཤིག)སྐྱེད་སྲིད་པ་དེ་ཡིན་ཟེར། ཡཱ་ཞའོ་ཨན་གྲུབ་པའི་རྨང་གཞིའི་དངོས་རྫས་ནི་ཡཱ་ཞའོ་སྐྱུར་ཚྭ་དང་ཞའོ་སྐྱུར་ཚྭ། ཨན་རིགས་བཅས་རེད།   སྔོན་ཆད་ནས་ཚོད་ལྟ་བྱས་ནས་ཞིབ་དཔྱད་ཚད་ལེན་བྱས་པར། ཚང་མས་རྒྱུན་དུ་འཐུང་བཞིན་པའི་ལུང་ཅིན་དང་ཕུའུ་ཨེར། ཅུས་ཧྭ་ཇ་བཅས་ལ་མཚོན་ན་གསར་དུ་སྦངས་བའི་ཇ་དང་ དུས་ཚོད12དང24ཡི་རིང་བཞག་པའི་ཇ་གང་ཡིན་ནའང་འདྲ། ཡཱ་ཞའོ་སྐྱུར་ཚྭ་འདུས་ཚད0.2mg/Lལས་དམའ། རྒྱལ་ཁབ་ཀྱི་འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི་ལས་ཧ་ཅང་གིས་དམའ་བ་ཡོད། ཚད་གཞི་འདིས་འཚོ་བའི་འཐུང་ཆུའི་ཁྲོད་ཀྱི་ཡཱ་ཞའོ་སྐྱུར་ཚྭ་ཕལ་བ་འདུས་ཚད1mg/Lལས་མཐོ་མི་རུང་ཕྱིར། བཤད་ཚུལ་དེ་ནི་ལུགས་དང་མི་མཐུན་པ་ཞིག་རེད། 
           02  ཡཱ་ཞའོ་ཨན་ཡོངས་ཁྱབ་ཏུ་རྒྱུན་མཐོང་གི་ཟས་རིགས་ཁྲོད་གནས། 
           ཡཱ་ཞའོ་སྐྱུར་ཚྭ་དང་ཞའོ་སྐྱུར་ཚྭ་དང་ཨན་རིགས་བཅས་དོན་དངོས་སུ་ཟས་རིགས་ཁྲོད་ཡོངས་ཁྱབ་ཏུ་གནས་ཡོད་མོད། ཡིན་ནའང་དེ་དག་མང་ཆེ་བ་ནི་མིའི་ལུས་སྟེང་གི་མགྲོན་པོ་དང་འདྲ་བར། གཅིན་པ་དང་འགྲོགས་ནས་ལུས་ཕྱི་རུ་གཏོང་གི་ཡོད་པ་རེད།



           དམིགས་བསལ་གྱི་ཆ་རྐྱེན་འོག་ཏུ་ད་གཟོད་འབྲས་སྐྲན་དུ་འགྱུར་སྲིད་པའི་དངོས་རིགས་ཡཱ་ཞའོ་ཨན་ཆགས་ཀྱི་ཡོད་པ་སྟེ། དཔེར་ན། ཚད་བརྒལ་བསྡུ་ལེན་བྱས་པ་མ་ཟད་ལུས་པོའི་ནང་དུ་འཚོ་བཅུདCམེད་པ་སོགས་ཀྱི་གནས་ཚུལ་ལྟ་བུའོ། 
           དེའི་ཕྱིར། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། ཟས་རིགས་ཁྲོད་ཀྱི་ཡཱ་ཞའོ་སྐྱུར་ཚྭ་ཡིས་མི་ལུས་བདེ་ཐང་ལ་གནོད་པ་བཟོ་མི་སྲིད།

           དོ་སྣང་བྱ་དགོས་པ་ཞིག་ལ།  ཇ་ལ་འཚོ་བཅུདCདང་ཇ་ཏོ་ཧྥུན་འདུས་པས། དེ་ལས་ལྡོག་སྟེ་ཡཱ་ཞའོ་ཨན་འདྲེས་གྲུབ་ཀྱི་རང་བྱུང་ཚོད་འགོག་རྫས་སུ་འགྱུར་སྲིད། 
           མཇུག་ཏུ་ཀུན་ལ་ཡང་དང་བསྐྱར་དུ་གསལ་འདེབས་བྱེད་དགོས་པ་ཞིག་ལ། འབྲས་སྐྲན་སློང་བའི་ཕྱོགས་ནས་ཞག་ཏུ་སྦངས་པའི་ཇ་ལ་གནད་དོན་མེད། ཡིན་ནའང་དབྱར་དུས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་བ་དང་བསྟུན་ཞག་ལ་སྦངས་པའི་ཇའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་འདུས་ཚད་ཀྱང་དེ་དང་བསྟུན་ནས་ཇེ་མཐོར་འགྲོ་སྲིད་པས། ཞག་ལ་སྦངས་པའི་ཇ་འཐུང་མིན་ནི་མི་སྒེར་གྱི་ལུས་པོའི་གནས་ཚུལ་དང་ཇ་ཡི་ངོ་བོ་འགྱུར་བའི་ཚད་ལ་ལྟ་དགོས།
འབྲེལ་ཡོད་རྩོམ་ཡིག