ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སྐེ་ཚིགས་ན་དུས་སྔོན་འགོག་བྱེད་པའི་ཐབས་ཤེས་འདི་ན་ཡོད།

2020-08-26 སྣང་རྡོས་བསྒྲིགས།
            ཁྱེད་ཀྱི་སྐེ་ཚིགས་ནའམ། སྟབས་བདེའི་གོམ་པ་གསུམ་གྱིས་འདི་ལ་ནུས་ལྡན་སྔོན་འགོག་བྱ་ཐུབ་པས་འཕྲལ་དུ་སྦྱོང་བརྡར་གནང་རོགས།
            ཉིན་གང་བོར་མགོ་སྒུར་ནས་ཁ་པར་དང་བརྙན་ཡོལ་ལ་བལྟས་ནས་བསྡད་ན་ཁྱོད་ཀྱི་སྐེ་ཚིགས་བདེ་མོ་ཡིན་ནམ།
            གལ་ཏེ་རྒྱུན་དུ་ཙོག་སྟེ་བསྡད་ནས་བྱ་བ་སྒྲུབ་བཞིན་ཡོད་ན་ཚད་ལེན་ཚོད་ལྟ་འདི་བྱས་ཆོག་སྟེ་འདིའི་ཐོབ་སྐར་གྱིས་མ་འོངས་པའི་ལོ་གཅིག་ལ་སྐེ་ཚིགས་ན་མིན་སྔོན་དཔག་བྱེད་ཐུབ།
            གཤམ་གྱི་ཞིབ་བརྗོད་དང་མཐུན་པའི་འགུལ་ཚད་ལ་ལན་འདེབས་པ་དང་། གནད་དོན་རེ་རེའི་སྐར་གྲངས་ཟིན་ཐོར་འགོད་པ།(ནམ་ཡང་མིན་པ=སྐར་གྲངས་0 ཧ་ཅང་ཉུང་བ=1 སྐབས་འགར=སྐར་གྲངས་2  རྒྱུན་དུ=སྐར་གྲངས་3 རྟག་ཏུ=སྐར་གྲངས་4 )
            1. ལས་ཀ་བྱེད་སྐབས་སྡོད་སྟངས་གཤམ་གྱི་རི་མོ་ལྟར་ཡིན་པ།
            2. ཉིན་གུང་གི་ངལ་གསོ་ལས་གཞན། བྱ་བའི་ཁྲོད་ནས་བར་མཚམས་སུ་ངལ་གསོ་བྱས་ཆོག་པ།
            3. མཇིང་པར་ན་ཟུག་ལངས་ནའང་མུ་མཐུད་དུ་བསྡད་ནས་ལས་ཀ་ལས་ཆོག་པ།
            4. བྱ་བའི་ཁྲོད་སྐེ་ཚིགས་ན་བའི་སྐབས་སུ་སྐེ་ཚིགས་མདུན་གུག་དང་ཕྱིར་དགྱེ་བའམ་གཡས་གཡོན་ཟུར་གུག་བྱས་ནས་ནད་རྟགས་ཇེ་ལྷོད་དུ་གཏོང་བ།
            5. སྐེ་ཚིགས་ཀྱི་ཤ་གནད་འཐེན་པ།
            6.འཇིང་པའི་ཤ་གནད་ཀྱི་སྟོབས་ཤུགས་དང་བཟོད་ཤུགས་ཆེ་རུ་གཏོང་བའི་སྦྱོང་བརྡར་བྱེད་པ།


            མཇིང་པ་དྲང་མོ་དང་རྒྱབ་དྲང་མོ་བྱས་ནས་རྐུབ་སྟེགས་ཀྱི་རྒྱབ་ལ་འཁེན་པ།
            རྣམ་གྲངས་6པོའི་སྐར་མ་ཚང་མ་བསྣན་ན་ཚད་ལེན་ཚོད་ལྟའི་སྤྱིའི་སྐར་གྲངས་(0-24)ཡིན་ལ། སྤྱིའི་སྐར་གྲངས་ཇི་ཙམ་མཐོ་ན་དེ་ཙམ་གྱིས་ལེགས། གལ་ཏེ་སྐར་གྲངས་9ལས་དམའ་ན་ལོ་1ནང་སྐེ་ཚིགས་ལ་ན་ཟུག་འབྱུང་བའི་ཚད་ནི་88.1%ཡིན་ཞིང་། སྤྱིའི་སྐར་གྲངས་6ལས་དམའ་ན་སྐེ་ཚིགས་ལ་ན་ཟུག་འབྱུང་ངེས་ཡིན།
           “དྲང་མོར་”སྡོད་རྒྱུར་མི་གཞན་ལ་བརྟེན་མི་རུང་བར་རང་ཉིད་ཀྱིས་དེའི་ཚོར་བ་རྙེད་དགོས།
            ཐོབ་སྐར་ཧ་ཅང་དམའ་ཡང་འཚབ་མི་དགོས་པར་གནད་དོན་ཁྲོད་ཀྱི་རྣམ་གྲངས་1པོ་དང་། 5པ། 6པ་བཅས་“རྟག་ཏུ”ཞེས་པར་བསྒྱུར་ཚེ་སྐེ་ཚིགས་ན་བ་མངོན་གསལ་གྱིས་ཇེ་ཡང་གཏོང་ཐུབ།རྣམ་གྲངས་1པོ་དེ་བཤད་ན་ཆེས་སླ་མོ་ཞིག་ཡིན་ཞིང་། མི་ཞིག་བཙལ་ནས་ཟུར་ནས་མཛུབ་སྟོན་བྱས་ན་མྱུར་དུ་ཡང་དག་པའི་སྡོད་སྟངས་ཤིག་ཏུ་འགྱུར་ཐུབ། འོན་ཀྱང་སྐར་མ་འགའི་རྗེས་སུ་མི་མང་ཆེ་བས་རྒྱབ་སྒུར་ནས་མགོ་བོ་རྐྱོང་བའི་རྣམ་པར་འགྱུར་སྲིད།   མི་གཞན་ལ་བརྟེན་ནས་དྲན་སྐུལ་བྱ་རྒྱུ་ནི་བྱེད་ཐབས་ཤིག་མིན་པར། རང་ཉིད་ཀྱིས་དྲང་མོར་སྡོད་པའི་ཚོར་སྣང་རྙེད་ན་གཞི་ནས་དུས་དང་རྣམ་པ་ཀུན་ཏུ་སྡོད་སྟངས་ལེགས་པ་ཞིག་ཆགས་ཐུབ།
            ཉལ་བ་ནི་ཙོག་པ་ལས་ཀྱང་ལུས་ཕུང་དྲང་མོར་བྱེད་སླ་ཞིང་། སྔོན་ལ་གན་རྐྱལ་དུ་ཉལ་བའི་རྣམ་པ་ནས་“དྲང་མོ”ཡིན་པའི་ཚོར་བ་འཚོལ་དགོས།
            གཤམ་གྱི་སྦྱོང་བརྡར་ནི་བདེ་ཐང་གི་མི་ཁོ་ནར་དམིགས་པ་ཡིན། འབྲེལ་ཡོད་ནད་པ་རྣམས་ཀྱིས་སྨན་པའི་བསམ་འཆར་ལ་བརྩི་སྲུང་བྱེད་རོགས། ལྷག་པར་དུ་སྐེ་ཚིགས་ན་བ་དང་མཉམ་དུ་མགོ་ཡུ་འཁོར་བ་དང་། མཐོང་ལམ་མི་གསལ་བ། རྐང་ལག་ལ་ཤུགས་མེད་པ། ཚོར་བ་རྒྱུན་ལྡན་མིན་པ། ཚ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་པ་རྣམས་ཀྱིས་མཉམ་འཇོག་དགོས།

            སྔས་མགོའི་ཐོག་ཉལ་ནས་དཔྲལ་བའི་མགོ་དང་མ་ནེའི་སྦྲེལ་ཐིག་དང་། རྣ་ཅོག་དང་སྐེ་ཚིགས་ཀྱི་སྦྲེལ་ཐིག་སོགས་ཕལ་ཆེར་ས་ངོས་དང་མཉམ་འགྲོ་བྱེད་པ་དང་། རྐང་པ་ས་ལ་སྤོ་བ། སྐེད་རྒྱབ་གཉིས་མདུན་སྐུམ་རྒྱབ་རྐྱོང་བྱས་ཏེ་དཀྱིལ་གྱི་འདུག་གནས་རྙེད་པ་(གཟུགས་པོ་འཐེན་ནས་ཆེས་རིང་བ)མ་ཟད་དེ་རྒྱུན་འཁྱོངས་བྱེད་དགོས།

            བཟོ་ལྟ་འདིའི་འོག་ཏུ་ལྕེའི་ཡ་རྐན་ལ་ཐོགས་ནས་མཆུ་ཏོ་བཙུམ་ནས་སོ་ཁ་བཀར་ཞིང་། མགོ་ནང་དུ་བཀུག་ནས་(མ་ནེ་གཉིས་བཙིར་བ)སྐེ་ཚིགས་ཇེ་རིང་དུ་གཏོང་བ་དང་ཆབས་ཅིག་སྐེའི་མདུན་གྱི་ཤ་གནད་ལ་ཤུགས་བརྒྱབ་ནས་འབུར་ཐོན་འབྱུང་བར་སྔོན་འགོག་བྱེད་དགོས།(ལག་པས་རེག་པའི་གནས།)


            མ་ནེ་ཡར་འགྱོག་པའམ་ཡང་ན་མགོ་བོ་ཡར་དགྱེ་བའི་ནོར་འཁྲུལ་གྱི་འགུལ་སྟངས་བྱུང་མི་རུང་།
            ལུས་པོ་དང་མཇིང་བ་འཐེན་པའི་ཚོར་སྣང་འདིས་རྒྱུན་པར་ལུས་པོ་“དྲང་མོ”ཡིན་པ་མཚོན་གྱིན་ཡོད། འདི་ཉིད་གསལ་པོ་ངེས་རྗེས་ཙོག་པའི་རྣམ་པ་དང་ལངས་པའི་རྣམ་པ་ལྟར་“དྲང་མོའི”ཚོར་བ་ཡང་ཡང་མྱངས་དགོས། སྐབས་འདིར་མེ་ལོང་ནང་དུ་བལྟས་ཏེ་རང་ཉིད་ཀྱི་སྦྱོང་ཚུལ་ཡང་དག་ཡིན་མིན་ལ་བལྟ་ཞིང་ཡང་དག་པའི་སྦྱོང་ཚུལ་སེམས་ལ་གསལ་པོར་འཛིན་དགོས། 

            ཡར་ལངས་པའི་སྐབས་སུ་འདུག་སྟངས་དྲང་མོར་བྱེད་པ།
            སྔོན་འགོག་བྱེད་པར་ཆེས་རྒྱུན་སྤྱོད་ཀྱི་རྣམ་པ་ནས་མགོ་བརྩམས་དགོས།“དྲང་མོ་”ཡིན་པའི་ཚོར་བ་རྙེད་རྗེས་འདུག་སྟངས་གང་ཞིག་སྤྱད་ནས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཚང་མས་གང་ཐུབ་ཀྱིས་ཚོར་བ་དེ་རིགས་རྒྱུན་འཁྱོངས་བྱེད་དགོས།
            ཉིན་རེར་དུས་ཡུན་ཆེས་རིང་བའི་འདུག་སྟངས་ནི་རྒྱུན་པར་ཚད་ལེན་ཚོད་ལྟའི་ཁྲོད་ཀྱི་རྣམ་གྲངས་1པོ་སྟེ། ཅོག་ཙེའི་མདུན་དུ་བསྡད་ནས་བརྙན་ཡོལ་ལ་ཅེར་ནས་འདུག་པ་ཡིན།  གོང་གསལ་གྱི་སྡོད་སྟངས་ལ་གཞན་རྐུབ་སྟེགས་ལ་རྒྱབ་འཁེན་པའི་སྐབས་སུ། གང་ཐུབ་ཀྱིས་བརྙན་ཡོལ་དང་མིག་གི་མཐོ་ཚད་འདྲ་མཚུངས་བྱེད་པ་དང་དཔུང་བ་རྐུབ་སྟེགས་ཀྱི་ལག་སྐྱོར་རམ་ཅོག་ཙེའི་ངོས་སུ་འཇོག་དགོས། གལ་ཏེ་ཆ་རྐྱེན་ཡོད་ན་ཡར་ལངས་ནས་འགུལ་སྐྱོད་བྱས་ཏེ་རྣམ་གྲངས་2པའི་ཐོབ་སྐར་མཐོ་རུ་བཏང་ན་དེ་བས་ལེགས།
            དུས་ཚོད་སྤྱོད་ཡུན་རིང་བ་ལས་ཨང་གཉིས་པ་ནི་གཉིད་ཡིན། གན་རྐྱལ་དུ་ཉལ་བའམ་ཡང་ན་ལོགས་སུ་ཉལ་བ་གང་ཡིན་རུང་སྔས་མགོའི་མཐོ་ཚད་ཀྱིས་སྐེ་ཚུགས་དང་སྒལ་གཞུང་དྲང་ཐིག་གཅིག་གི་སྟེང་དུ་འཇོག་ཐུབ་པར་ཁག་ཐེག་བྱེད་དགོས།
            གཞན་ཡང་ཉིན་རྒྱུན་ལག་ཁྱེར་ཁ་པར་སྤྱོད་པའི་དུས་ཚོད་ཀྱང་ཧ་ཅང་རིང་པོ་ཡོད། ལངས་པའམ་སྡོད་པ། ཉལ་བ་བཅས་གང་ཡིན་རུང་ཁ་པར་ལ་བལྟ་དུས་མགོ་བོ་སྒུར་ནས་མ་འདུག  ཁ་པར་གཏོང་བའི་སྐབས་སུ་ཁ་པར་རྣ་བ་དང་ཕྲག་པའི་བར་དུ་བཙིར་མི་རུང་། གལ་ཏེ་ཁ་པར་གཏོང་བའི་དུས་ཡུན་རིང་ན་རྣ་ཉན་སྤྱོད་པའམ་ཡང་ན་རྒྱང་ཉན་གྱི་ནུས་པ་སྤྱད་ན་ཡག་ཤོས་རེད།
            འདུག་སྟངས་ལེགས་སྒྲིག་བྱེད་པ་ཕུད་ཐ་མག་གཅོད་པ་དང་ཕྲག་པའི་འཁུར་བོ་ཇེ་ཡང་དུ་གཏོང་བའམ་ཡང་ན་ལག་པའི་ནང་དུ་དངོས་པོ་ལྕི་མོ་འཁྱེར་ཚེ་སྐེ་ཚིགས་ཀྱི་ན་ཟུག་ཇེ་ཡང་དུ་གཏོང་རོགས་བྱེད་ཐུབ།
འབྲེལ་ཡོད་རྩོམ་ཡིག