ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཇ་མངར་མོ་དང་བུལ་ཐུག་གཉིས《གྲོང་ཁྱེར་སྟོང་གི་ཞོགས་ཟས》ནང་ཚུད་འདུག

2020-08-26 སྣང་རྡོས་བསྒྲིགས།
བོད་ལྗོངས་ཀྱི་བདམས་ཐོན་བྱུང་བའི་བརྩམས་ཆོས་གཅིག་པུ་སྟེ། ཇ་མངར་མོ་དང་བུལ་ཐུག་ལ་དོ་ཁུར་བྱ་རོགས།《གྲོང་ཁྱེར་སྟོང་གི་ཞོགས་ཟས》ཞེས་པ་དྲ་ལམ་དུ་གཏོང་རྒྱུ་རེད།  
             ཤིན་ཧྭ་གསར་འགྱུར་ཁང་གསར་འགྱུར་ཆ་འཕྲིན་ལྟེ་གནས་དང་། སྒྲ་བརྙན་པུའུ་དང་པའེ་ཏུའུ་APP  པའེ་ཅ་ཧའོ། བརྙན་ཡག་པོ་བཅས་ཀྱིས་མཉམ་འབྲེལ་སྒོས་བཏོན་ནས། རྒྱལ་ཡོངས་ཀྱི་ཆུས་དང་རྫོང་ཆིག་སྟོང་ལྷག་ཙམ་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་མཉམ་དུ《འབྱོར་འབྲིང་གི་ཀྲུང་གོ•གྲོང་ཁྱེར་སྟོང་གི་ཞོགས་ཟས》ཞེས་པའི་བརྙན་རིས་འགྲེམས་སྟོན་བྱེད་སྒོ་ཆེ་གྲས་ཤིག་སྤེལ་བ་རེད། ཁག་དང་པོར་གྲོང་ཁྱེར་147གྱི་ཁྱད་ལྡན་ཞོགས་ཟས་དེའི་གྲས་སུ་ཚུད་པ་དང་། ཟླ་8ཚེས་25ཉིན་དངོས་སུ་དྲ་ལམ་དུ་གཏོང་རྒྱུ་རེད། བོད་ལྗོངས་ཀྱི་བདམས་ཐོན་བྱུང་བའི་བརྩམས་ཆོས་གཅིག་པུ《ཇ་མངར་མོ+བུལ་ཐུག》ཞེས་པ་ནི་ལྷ་ས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྨྱན་སྦྱོར་གསར་པའི་པུའུ་ཡིས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་ཞིག་ཡིན་ལ།  སྐབས་དེར་ཚང་མས་དོ་ཁུར་བྱེད་པར་དགའ་བསུ་ཞུ།

             ཉིན་རེར་གྲོང་ཁྱེར་ཞིག་གཉིད་ལས་སད་དུ་འཇུག་མཁན་དེ་གང་ཡིན་ནམ།
             དེ་ནི་ཞོགས་ཟས་ཀྱི་དྲི་ཞིམ་རེད།
             ཀྲུང་གོ་ཧ་ཅང་ཆེ་བས། ཁྱེད་ཀྱིས་རྩ་བ་ནས་ཐོས་མ་མྱོང་བའི་ཞོགས་ཟས་རིགས་མང་པོ་ཡོད།
             གྲོང་ཁྱེར་ཆིག་སྟོང་ལ། ཞོགས་ཟས་རིགས་མི་འདྲ་བ་ཆིག་སྟོང་ཡོད།
             ང་རང་གནས་སའི་གྲོང་ཁྱེར་གྱི་མིང་ལ་ལྷ་ས་ཟེར།
             ཆེས་དགའ་ཤོས་ཀྱི་ཞོགས་ཟས་ནི་རྟག་ཏུ་དྲི་ཞིམ་གྱི་རྣམ་པ་ཞིག་གིས་ཁེངས་ནས་ཡོད་དེ།
             དེའི་མིང་ལ་ཇ་མངར་མོ་ཟེར།

 
ཇ་མངར་མོ+བུལ་ཐུག
ལྷ་སའི་ཞོགས་པ་ནི།
རྟག་པར་གྲོང་ཁྱེར་གཞན་དག་ལས་འཕྱི་ཙམ་ཡོད །
ཕྱེ་ཐུག་ཕྲ་མོ་དཀར་ཡོལ་ནང་བླུགས་རྗེས།
དྲི་ཞིམ་འཐུལ་བའི་ཚགས་ཤའི་ཁུ་བ་ལྡུག་ཅིང་།
ད་དུང་དེའི་སྟེང་ཚགས་ཤ་དང་ཙོང་གཏོར་བ་དང་། 
རང་གི་འདོད་མོས་བཞིན་བོད་ལྗོངས་ལ་དམིགས་བསལ་དུ་ཡོད་པའི་སུར་པན་བླུགས་ན།
བཅུད་ལྡན་བུལ་ཐུག་དཀར་ཡོལ་གང་བཟོས་ཚར་པ་རེད།
དེ་དང་ལྷན་དུ་ཇ་མངར་མོ་ཚ་པོ་ཞིག་འཐུང་ཆོག
དེའང་བུལ་ཐུག་དཀར་ཡོལ་གང་དང་ཇ་མངར་མོ་ཕོར་བ་གང་ལས།
ཉིན་གཅིག་གི་འགོ་བརྩམས་པ་རེད།

ཁྱེད་ཀྱི་དྲན་ཤེས་ཀྱི་ཀློང་དུ།
ཆུང་དུས་ཀྱི་ཞོགས་ཟས་དེའི་བྲོ་བ་རྟག་པར་ཉར་ཡོད་དམ།
ཞོགས་ཟས་ལས་གྲོང་ཁྱེར་ཞིག་གི་ཡུལ་སྲོལ་གོམས་གཤིས་མཐོང་ཐུབ་ལ།
དུས་རབས་ཀྱི་འཕེལ་རྒྱས་ཡང་དཔང་པོ་བྱེད་ཐུབ།
2020ལོར་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ལ།
འབྱོར་འབྲིང་གི་བྲོ་བ་དེ།
དོན་ངོ་མར་ཞོགས་ཟས་ཀྱི་ཁྲོད་དུ་འདུས་ཡོད་ལ། མཆུ་དང་སོའི་བར་ན་གནས་ཡོད།
ཚ་སོབ་སོབ་ཀྱི་ཞོགས་ཟས་ཟོས་པ་དང་བསྟུན་ནས།
མཛེས་སྡུག་ལྡན་པའི་ཉིན་གཅིག་གི་འགོ་ཡང་བརྩམས་པ་རེད།
གོ་ཐོས་སུ་ཞོགས་ཟས་རྩ་བ་ནས་མི་ཟ་མཁན་མི་ཧ་ཅང་མང་པོ་ཞིག་ཡོད་པར།
བརྙན་རིས་འདི་དག་མཐོང་རྗེས། ཞོགས་ཟས་ཟ་འགོ་ཚུགས་པ་རེད།
             《འབྱོར་འབྲིང་གི་ཀྲུང་གོ•གྲོང་ཁྱེར་སྟོང་གི་ཞོགས་ཟས》ཞེས་པའི་དུས་ཚིགས་དང་པོའི་བྱེད་སྒོ་དྲ་ལམ་དུ་གཏོང་ལ་ཉེ་བས། ཞིབ་ཕྲའི་གནས་ཚུལ་རྒྱ་ཁྱབ་བརྡ་སྦྱོར་འོག་གི་རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས། 
འབྲེལ་ཡོད་རྩོམ་ཡིག