ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ལོ་སྟོད་ཀྱི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཁྱབ་བསྒྲགས་བྱས་འདུག

2020-08-27 སྣང་རྡོས་བསྒྲིགས།

         གསར་འགོད་པས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་ཆར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ལྗོངས་ནོར་སྲིད་ཐིང་། ལྗོངས་བསྡོམས་རྩིས་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག  ༢༠༢༠ལོའི་ལོ་སྟོད་ལ་ལྗོངས་ཡོངས་ཀྱི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཁྱབ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམས་སྤེལ་བྱས་པ་རེད། བརྡ་ཐོའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ༢༠༢༠ལོའི་ལོ་སྟོད་ལ་ལྗོངས་ཡོངས་ཀྱི་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར་༨༡༤༣གཏན་འཁེལ་བྱས་ཡོད་ལ། ལྗོངས་ཡོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་གཞི་གྲངས་བསྡུ་འཇལ་དང་ཐོབ་ཐང་རྩིས་རྒྱག་པའི་གཞི་འཛིན་སར་བརྩིས་ནས་༢༠༢༠ལོའི་ཟླ་༡ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 
འབྲེལ་ཡོད་རྩོམ་ཡིག