ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཁོང་ཁྲོ་ལངས་དུས་འདི་ལྟར་བྱས་ཚེ། མཐའ་མ་ཡོང་རྒྱུ་འདི་ལས་ཅི།

2020-08-27 སྣང་རྡོས་བསྒྲིགས།
          ད་ཆ། མི་མང་པོ་ཞིག་སྐད་འཕྲིན་གྲོགས་ཚོགས་སུ་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་ཡི་གེ་བསྐུར་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་། ཉེ་དུས་གྲོགས་ཚོགས་སུ་གནས་ཚུལ་འདིའི་སྐོར་ལ་དྲ་གྲོགས་མི་ཉུང་བས་གླེང་མོ་མང་པོ་བྱེད་བཞིན་མཆིས།
          དོན་རྐྱེན་འབྱུང་རྐྱེན་ནི་ལིས་ཆེ་གེ་མོས་གྲོགས་ཚོགས་སུ་ཀྲང་ཆེ་གེ་མོར་དམའ་འབེབས་གཏོང་བའི་གཏམ་བརྗོད་ཐེངས་མང་སྤེལ་བས། ཀྲང་ཆེ་གེ་མོས་ཁོ་པ་ཁྲིམས་ལ་སྦྱར།

          མི་རིང་བར་ཁྲིམས་ཁང་གིས་བཅད་ཁྲ་ཁྱབ་བསྒྲགས་བྱེད་དུས། ལིས་ཆེ་གེ་མོས་གྲོགས་ཚོགས་སུ་ཀྲང་ཆེ་གེ་མོར་དགོངས་དག་ཞུ་བའི་ཡི་གེ་བསྐུར་དགོས་ལ། ཡི་གེ་འདི་གྲོགས་ཚོགས་སུ་ཉུང་མཐར་ཡང་ཉིན་10འཇོག་དགོས་པའི་ཆད་པ་བཅད་འདུག
          དམའ་འབེབས་གཏོང་བའི་སྐད་ཆ་བཤད།
           རང་གི་ལས་སྒོ་རྒྱ་ཆེར་གཏོང་ཆེད། ཀྲང་ཆེ་གེ་མོས་ཀུང་སིའི་མོ་ཊ་མཛེས་བཟོ་གཙང་འཁྲུད་ཀྱི་ལས་སྒོ་ལི་ཆེ་གེ་མོར་སྤྲད་རྗེས་ཀྱི་མི་རིང་བར་ཁོ་གཉིས་དབར་འགལ་ཟླ་བྱུང་།
          སྙིང་ནད་བསང་ཆེད། ལིས་ཆེ་གེ་མོས་རང་གི་གྲོགས་ཚོགས་སུ་ཀྲང་ཆེ་གེ་མོར་དམའ་འབེབས་དང་མ་ཉེས་ཁ་གཡོགས་ཀྱི་སྐད་ཆ་འདྲ་བསྐུར་བ་མ་ཟད། ད་དུང་ཀྲང་གི་པར་ཡང་ཡོད།

ལི་ཆེ་གེ་མོས་གྲོགས་ཚོགས་སུ་ཀྲང་ཆེ་གེ་མོར་བཏང་བའི་དམའ་འབེབས་ཀྱི་སྐད་ཆ།
          ཁྲིམས་ཁང་གི་བཅད་ཁྲ།
          ཉེ་དུས། ཀྲེ་ཅང་ཝུན་ཀྲོའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་མཚན་སྙན་ལ་གནོད་པའི་རྩོད་གཞི་འདིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ལིས་ཆེ་གེ་མོས་སྐད་འཕྲིན་གྱི་གྲོགས་ཚོགས་སུ་ཀྲང་ཆེ་གེ་མོར་དགོངས་དག་ཐུགས་བདེན་ཞུ་དགོས་པ་དང་། མིང་ཆད་ངན་པ་མེད་པར་བཟོ་དགོས་པ། མཚན་སྙན་སླར་གསོ་བྱེད་དགོས་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་མ་ཟད། གྲོགས་ཚོགས་སུ་བསྐུར་བའི་ཡི་གེ་ཉུང་མཐར་ཡང་ཉིན་བཅུ་འཇོག་དགོས་པའི་ཆད་པ་བཅད་འདུག

          བཅའ་ཁྲིམས་འགྲེལ་བཤད།
         《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཚན་སྙན་གྱི་དབང་ཆའི་གྱོད་དོན་ཞིབ་གཅོད་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་པ》ཡི་དོན་ཚན་བདུན་པ་གཞིར་བཟུང་། ཡིག་ཐོག་གམ་ཡང་ན་ངག་ཐོག་ནས་མི་གཞན་ལ་དམའ་འབེབས་གཏོང་བ་དང་སྐུར་འདེབས་སམ་ཡང་ན་མི་གཞན་གྱི་མཚན་སྙན་ལ་གནོད་པ་བཏང་ཚེ། མི་གཞན་གྱི་མཚན་སྙན་གྱི་དབང་ཆར་གནོད་པར་ངོས་འཛིན་པ་དང་། གཞན་གྱི་མོས་མཐུན་མེད་པར། རང་འདོད་ལྟར་གཞན་གྱི་གསང་བ་ཡིག་ཐོག་དང་ངག་ཐོག་ནས་ཕྱིར་གྱར་ཚེ། མི་གཞན་གྱི་མཚན་སྙན་ལ་གནོད་པར་ངོས་འཛིན་ནས་ཐག་གཅོད་བྱ་རྒྱུ་རེད་འདུག
འབྲེལ་ཡོད་རྩོམ་ཡིག