ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་གྱི་མིའི་རིགས་རིག་པའི་འབུམ་རམས་པ་ཐོག་མ་དང་བོད་ཀྱི་འབུམ་རམས་པ་ཐོག་མ།

2016-12-27 འཇམ་དཔལ།

——ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དགེ་ལེགས་ཀྱི་གནས་ཚུལ་རྒྱས་བསྡུས།

  ཁོང་ནི་༡༩༥༠ལོའི་ཟླ་༥པའི་ཚེས༡ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་སྐྱེས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་བ་དང་ཞིབ་འཇུག་པ། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པ་དང་བོད་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན།

ཡུལ་དངོས་སུ་བརྟག་དཔྱད་གནང་བཞིན་པ།

  ༡༩༨༡ལོའི་ཟླ༧པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཞིབ་འཇུག་སློབ་མའི་གླིང་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་དང་མི་རིགས་རིག་པ་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པ་དང་། ༡༩༨༦ལོའི་ཟླ༧པར་ཀོང་ཀྲུའུ་ཀྲུང་ཧྲན་སློབ་ཆེན་ནས་མིའི་རིགས་རིག་པ་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་གནས་ཐོབ། ༡༩༨༥ལོར་ཀྲུང་ཧྲན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཡོངས་ལས་བསླབ་འབྲས་ཕུལ་དུ་བྱུང་བའི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པའི་ཁར། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་གསོ་སྐྱོང་གནང་བའི་མིའི་རིགས་རིག་པའི་འབུམ་རམས་པ་ཐོག་མ་དང་བོད་ཀྱི་འབུམ་རམས་པ་ཐོག་མར་གྲགས་ཡོད། བསླབ་མཐར་ཕྱིན་རྗེས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་གནང་བར་ཕེབས་པ་དང་། ལས་ཁུངས་དེ་ནས་བོད་ཀྱི་སྤྱི་ཚོགས་རིག་གནས་དང་དཔལ་འབྱོར་ཐད་ལ་བརྟག་དཔྱད་གནང་འགོ་ཚུགས། སྤྱི་ཚོགས་དཔལ་འབྱོར་སུའོ་ནས་རིམ་བཞིན་ཐོག་མར་སུའོ་ཀྲང་གཞོན་པ་དང་དེ་ནས་སུའོ་ཀྲང་གི་འགན་བཞེས། ༢༠༠༠ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། ༢༠༠༡ལོའི་ཟླ་༡པའི་ནང་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཁོངས་མི་དང་སྤྱི་ཁྱབ་ལས་འཛིན་གཞོན་པའི་འགན་བཞེས། ༢༠༡༡ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤྱི་ཁྱབ་ལས་འཛིན་གཞོན་པ་ལས་མར་བུད་རྗེས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བོད་རིག་པ་དང་མིའི་རིགས་རིག་པ་སོགས་ཀྱི་སློབ་མ་གསོ་སྐྱོང་གནང་བར་གཞོལ་བཞིན་ཡོད་པ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ།

  སྔ་ཕྱིར་རྒྱལ་ཁབ་རིམ་པའི་རིག་ཚན་རྣམ་གྲངས་“ཀྲུང་གོའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་ཞིབ་འཇུག”ཅེས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་རྣམ་གྲངས་“འགྲན་རྩོད་དང་གོ་སྐབས། བོད་ལྗོངས་དང་བོད་ཁུལ་གཞན་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་སྐོར་བའི་ཞིབ་འཇུག་”ཅེས་པ་སོགས་རྣམ་གྲངས་སྐོར་ཞིག་ལ་གཙོ་སྐྱོང་དང་འགན་འཁུར་གནང་བ་རེད།

  ༡༩༨༧ལོ་ནས་འགོ་ཚུགས་ཏེ། ཁོང་གིས་སྔ་ཕྱིར་ཧང་ག་རི་དང་། ཨ་རི། སུའུ་ཙེར། ཉི་ཧོང་། དབྱིན་ཇི། ཨོ་ཏི་ལི། ཏན་མན། ཧྥི་ལི་ཕིན། ཧྥ་རེན་སེ། འཇར་མན་སོགས་ལ་རིག་གཞུང་བཅར་འདྲི་དང་བརྗེ་རེས་གནང་བ་རེད།
  ཁོང་ནི་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་། ཨ་རིའི་ལོའུ་ཧྲན་ཅི་ཅ་ལི་ཧྥོ་ལི་ཡ་སློབ་ཆེན། ཨ་རིའི་ཡུན་ཏེ་ཨེན་ན་སློབ་ཆེན་བཅས་ཀྱི་བཅར་འདྲིའི་མཁས་པ་དང་གདན་ཞུས་དགེ་རྒན་ཆེན་མོ་ཡིན།

  སྔ་ཕྱིར་ཐེངས་གསུམ་ལ་ཨ་རིའི་ཅ་ཀྲོའི་སློབ་ཆེན་མིའི་རིགས་རིག་པའི་སྡེ་ཁག་ཏུ་སློབ་ཁྲིད་གནང་བ་དང་སྡེ་ཁག་དེའི་དགེ་སློབ་ཀུན་གྱིས་གདེང་འཇོག་ལེགས་པོ་ཐོབ་ཡོད་པ་རེད།

  ཉེ་བའི་ལོ་ཉི་ཤུའི་རིང་ལ་ཁོང་གིས་སྔ་ཕྱིར་རང་ཉིད་གཅིག་པུས་བརྩམས་པ་དང་ཡང་ན་མཁས་པ་གཞན་དང་མཉམ་དུ་མཉམ་འབྲེལ་གྱི་ཚུལ་དུ།《བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས》ཞེས་པ་དང་།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་གླེང་མོལ》《བོད་ལྗོངས་ཆབ་མདོ། ――ལོ་རྒྱུས། སྲོལ་རྒྱུན། དེང་རབས་ཅན།》ཞེས་པ་སོགས་རིག་གཞུང་དཔེ་དེབ་བཅུ་ལྷག་བརྩམས་ཡོད་ལ།《བོན་ཆོས་འབྱུང་ཁུངས་དང་འཕེལ་རྒྱས་གནད་དོན་སྐོར་གྱི་བགྲོ་གླེང་》ཞེས་པ་སོགས་རིག་གཞུང་དཔྱད་རྩོམ་༨༠ལྷག་ཙམ་སྤེལ་ཡོད། དབྱིན་ཡིག་གི་ལམ་ནས་བརྩམས་པའི་རིག་གཞུང་དཔྱད་རྩོམ་ཀྱང་བཅུ་ལྷག་ཙམ་ཞིག་འདུག

  ཁོང་གི་འབུམ་རམས་པའི་དཔྱད་རྩོམ་《བོད་ཀྱི་རིག་གནས་འབྱུང་ཁུངས་གྲུབ་ཚུལ་དང་དེའི་ཉེ་འཁོར་མི་རིགས་བར་གྱི་འབྲེལ་བར་དཔྱད་པ》ཞེས་པའི་མཐར་ཕྱིན་དཔྱད་རྩོམ་དེར་འབྲེལ་ཡོད་མཁས་པས་གདེང་འཇོག་ལེགས་པོ་ཐོབ་ཡོད་དོ།།

འབྲེལ་ཡོད་རྩོམ་ཡིག