ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སུའེ་ཙེར་ལས་རིགས་ཁག་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲི་ཕེབས་པར་རེ་སྒུག་ཆེན་པོ་བྱེད།

2017-01-16 བྱམས་པས་བསྒྱུར།
    སུའེ་ཙེར་ནི་ཀྲུང་གོའི་ཆེས་ཐོག་མའི་གསར་གཏོད་རང་བཞིན་པའི་འཐབ་ཇུས་ཀྱི་རོགས་ཟླ་ཁོ་ན་ཡིན་ལ། ཀྲུང་གོའི་དབར་གཅིག་ལས་གཉིས་མེད་པའི་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་པ་ལ་མཚོན་ན་སུའེ་ཙེར་ལས་རིགས་ཁག་ལ་སྤོབས་སེམས་ཆེན་པོ་ཡོད། མི་རིང་བར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པའི་གནས་ཚུལ་ཤེས་རྗེས། སུའེ་ཙེར་གྱི་གླེང་ཕྱོགས་ལ་འཁྲུག་ཆ་དོད་པོ་བྱུང་བ་དང་རེ་སྒུག་ཆེན་པོ་བྱེད། ཡོངས་ཁྱབ་ཀྱི་ལྟ་ཚུལ་ལྟར་ན་ཐེངས་འདིའི་ཀྲུང་གོ་དང་སུའེ་ཙེར་བར་གྱི་འབྲེལ་བར་གསར་གཏོད་གསར་རྐྱང་ཁྱད་གཤིས་ཀྱི་ནང་དོན་དང་ཁྱབ་བྱ་ལྡན་ཡོད་ལ། དུས་རབས་གསར་བའི་ནང་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་ལ་འགུལ་ནུས་ལྷག་པས་མང་པོ་གསོག་ཉར་བྱས་ཡོད་པས། རྒྱལ་ཁབ་གཉིས་པོའི་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་བ་ཞིག་ཏུ་བསྐྱོད་འགྱུར་ཡོད། 
  གསར་གཏོད་རྣམ་པ་གསར་པ་གཏོད་པ།
  “གསར་གཏོད་བྱ་རྒྱུ་ནི་སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་གྱི་འབྲེལ་བའི་ཁྱད་ཆོས་ཆེན་པོ་ཞིག་རེད།”སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  ཕྱི་འབྲེལ་པུའུ་ཀྲང་པུའུ་ཨར་ཁེ་ཧྭ་ཨར་ཐིག་གིས་ཉེ་ཆར་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།  སུའེ་ཙེར་ནི་ཀྲུང་གོ་གསར་བ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་ཚོང་རའི་དཔལ་འབྱོར་གྱི་གོ་གནས་ཁས་ལེན་བྱེད་སྔ་ཤོས་ཀྱི་ཡོ་རོབ་གླིང་གི་རྒྱལ་ཁབ་གྲས་ཤིག་ཡིན། ཐེངས་དང་པོར་ཀྲུང་གོ་དང་རང་མོས་ཚོང་དོན་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ཡོ་རོབ་སྐམ་ས་ཆེན་པོའི་རྒྱལ་ཁབ་ཡིན། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་བའི་ཁྲོད་མཉམ་ལས་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་གཏམ་བཟང་ད་དུང་མང་པོ་ཡོད། ལོ་རྒྱུས་དེ་རྒྱུན་འཛིན་བྱེད་པ་མཚོན་ཆེད་སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་2016ལོའི་ཟླ་བཞི་བར་ཐུན་མོང་ཐོག་“གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་”བཙུགས་པ་ཁྱབ་བསྒྲགས་གནང་སྟེ། ཕྱོགས་གཉིས་པོས་གསར་གཏོད་གཏིང་ཟབ་པའི་མཉམ་ལས་ཀྱི་དུས་རབས་གསར་པ་ཞིག་གི་འགོ་བརྩམས།
  ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་གསར་གཏོད་ཀྱི་ཁྱད་ཆོས་ཐད་སུའེ་ཙེར་དུ་བཅའ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀེང་ཝུན་པུན་ལའང་ཚོར་སྣང་ཟབ་མོ་ཡོད། ཁོས་ཉེ་ཆར་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་རྒྱུར། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་སུ་ཀྲུང་གོས་ཆེས་ཐོག་མར་སུའེ་ཙེར་གྱི་ཁེ་ལས་ལ་ཁྲོམ་རའི་སྒོ་ཕྱེས། གློག་སྐས་མཁོ་འདོན་ཚོང་པ་སུའེ་ཙེར་གྱི་ཞུན་ཏ་ཀུང་སི་ནི་ཐེངས་དང་པོ་ཀྲུང་གོར་སླེབས་ཏེ་མ་དངུལ་འཇོག་པའི་ནུབ་ཕྱོགས་ཀྱི་ཁེ་ལས་དང་པོ་ཡིན། 1980ལོར་པེ་ཅིན་དུ་མ་རྩ་མཉམ་འཇོག་བྱས་པའི་ཀྲུང་གོའི་ཁེ་ལས་དང་པོ་བཙུགས། ད་ལྟའི་སུའེ་ཙེར་གྱི་གྲགས་ཅན་ཁེ་ལས་ཕྱེད་ཀ་ཡན་ནི་དུས་རབས་གོང་མའི་ལོ་རབས་80བའི་ནང་ཀྲུང་གོར་ཡོང་བ་རེད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔ་མའི་ཨུ་ཡོན་པུའུ་ལའོ་ཧིས་བརྗོད་རྒྱུར། ཁོའི་ཁྱིམ་རྒྱུད་ཁེ་ལས་ཀྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་ནང་ཀྲུང་གོར་སྔ་རྗེས་སུ་བཟོ་གྲྭ་170ཙམ་བཙུགས། ཀེང་ཝུན་པུན་གྱིས་བརྗོད་རྒྱུར། ཀྲུང་གོ་དང་སུའེ་ཙེར་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་བལྟས་ན། གསར་གཏོད་སྲོལ་འབྱེད་ནི་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཡིན། ཀྲུང་གོ་དང་སུའེ་ཙེར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་67རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཏུ་གྱུར། སྔོན་མར་ལག་གདང་སྦྲེལ་ནས་“ཨང་དང་པོ་”མང་པོ་ཞིག་གསར་གཏོད་གནང་སྟེ། ཀྲུང་གོ་དང་ཡོ་རོབ་ཐ་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། 
  སུའེ་ཙེར་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཧོ་སྨི་ཏེ་ཧེ་དབྱེ་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་རྒྱུར།“སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་བར་སླེབས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཐབས་ཇུས་པས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་བསམ་གཞིགས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སོང་བ་རེད།”རྙིང་ཞེན་བག་འཁུམས་ཀྱིས་རང་ཉིད་ཀྱི་རྐང་ལག་འཆིང་བས་ཕྱི་འབྲེལ་གྱི་འབྲེལ་བ་མདུན་སྐྱོད་མི་ཐུབ།  གསར་གཏོད་བྱ་ཕོད་པ་དང་འཚོལ་ཞིབ་བྱ་ཕོད་ཚེ་གཞི་ནས་ཕྱི་འབྲེལ་གྱི་འབྲེལ་བའི་རྣམ་པ་གསར་གཏོད་བྱ་ཐུབ།  སུའེ་ཙེར་དང་ཀྲུང་གོ་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་ལམ་ལུགས་མི་གཅིག་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ།  རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་ཞི་བདེ་མཉམ་གནས་བྱེད་པ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།  པུའུ་ཨར་ཁེ་ཧྭ་ཨར་ཐིག་གི་བསམ་པར་སུའེ་ཙེར་དང་ཀྲུང་གོའི་འབྲེལ་བས་རྒྱལ་ཁབ་གཞན་དག་ལ་མི་མཐུན་པ་སོར་འཇོག་དང་མཉམ་ལས་གཉིས་ཕན་གྱི་མིག་དཔེ་བཟང་བོ་ཞིག་བསྟན་ཡོད་པ་རེད། 
  གསར་གཏོད་ལ་སྒུལ་ཤུགས་གསར་བ་སྣོན་པ།
  དབྱེ་ཞིབ་བྱས་པ་ལྟར་ན།  གསར་གཏོད་ནི་སུའེ་ཙེར་རྒྱལ་ཁབ་ཀྱི་ཆེས་གལ་འགངས་ཆེ་བའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེ་ཤོས་ཡིན།  གསར་གཏོད་ནི་སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་སྐད་ཡིག་ཡིན།  སུའེ་ཙེར་ལ་“གསར་གཏོད་རྒྱལ་ཁམས་”ཞེས་པའི་མཚན་སྙན་ལྡན་ལ། བསྟུད་མར་ལོ་མང་པོ་“གོ་ལ་ཧྲིལ་པོའི་གསར་གཏོད་ཚད་གཞིའི་”ཨང་དང་པོ་ཐོབ་ཡོད། རྩེར་སོན་པོའི་བཟོ་སྐྲུན་ལས་རིགས་དང་སྨན་བཅོས་རྫས་འགྱུར་བཟོ་ལས།  སྐྱེ་ཁམས་ཞིང་ལས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་འཛམ་གླིང་གི་ཁེ་ལས་སྐད་གྲགས་ཅན་དང་སྔོན་ཐོན་གྱི་ལག་རྩལ་ཁག་ཅིག་ཡོད་པ་རེད།  ཀྲུང་གོའི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱིས་གསར་སྐྲུན་དང་རྒྱུན་མཐུད། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་སོགས་འཕེལ་རྒྱས་ཀྱི་གཙོ་ཆེའི་འདུ་ཤེས་ཆེན་པོ་ལྔ་བཏོན་ཡོད། དེའི་ནང་“གསར་གཏོད་”ནི་ཨང་དང་པོར་བཞག་ཡོད་པ་རེད།  ཀྲུང་གོས་གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས་གོང་སྤེལ་གཏོང་བ་དང་སུའེ་ཙེར་གྱི་གསར་གཏོད་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ།  གཅིག་ཐོག་གཅིག་བསྣན་ན་གཉིས་ཐོབ་པ་བཞིན།  རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ལ་སྒུལ་ཤུགས་གསར་བ་ཁ་སྣོན་དང་བར་མཐོངས་གསར་བ་རྒྱ་ཆེར་གཏོང་དགོས། རྒྱལ་སྤྱིའི་གསར་གཏོད་ཀྱི་མཉམ་ལས་ལ་དཔེ་སྟོན་གསར་བ་དང་ཉམས་མྱོང་གསར་བ་མཁོ་འདོན་བྱ་ཐུབ། 
  གསར་གཏོད་འཕེལ་རྒྱས་ཕྱོགས་ནས། ཀྲུང་གོས་རིམ་བཞིན་གོ་ལ་ཧྲིལ་པོའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་བཞིན་ཡོད།  2016ལོར་ཀྲུང་གོས་ཆེ་ཁེའི་བདག་དབང་ཐོབ་འདོད་རེ་ཞུ་ཁྲི་130ཟིན་པས་འཛམ་གླིང་གི་ཨང་དང་པོ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་སུ་“གསར་གཏོད་”དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོར་བྲིས་ཏེ།《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གསར་གཏོད་འཕེལ་རྒྱས་ཀྱི་འཆར་གཞིའི་སྐྱ་ཐིག་》སོགས་གྲུབ་འབྲས་ཀྱི་ཡིག་ཆ་བཟོ་བར་སྐུལ་འདེད་ཐོབ། དབྱིན་ཇིའི་《དཔལ་འབྱོར་རིག་པའི་མི་》ཞེས་པའི་དུས་དེབ་དཔྱད་བརྗོད་དུ་སྤེལ་དོན། སྔོན་ཆད་ཀྲུང་གོ་ནི་གསར་གཏོད་གྲུབ་འབྲས་བསྡུ་ལེན་བྱེད་མཁན་ཡིན། ད་ལྟ་ཀྲུང་གོའི་ཁེ་ལས་མང་པོ་ཞིག་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་གསར་གཏོད་ཀྱི་གཙོ་འཛིན་དུ་གྱུར་ཡོད། 
  ན་ནིང་ཟླ་4བར། ཀྲུང་གོར་འཚམས་འདྲི་ཕེབས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་ཧྲེ་ནའེ་ཏེ་ཨ་མན་གྱིས་བརྗོད་རྒྱུར། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མདུན་དུ་ལྷགས་པའི་དཔལ་འབྱོར་གྱི་འགྲན་སློང་བ་མི་འདྲ། འོན་ཀྱང་གསར་གཏོད་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་ཡིན། རྒྱལ་ཁབ་གཉིས་པོའི་“གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་”འཛུགས་པའི་དུས་ཚོད་ཏག་ཏག་ཆུ་བརྒྱུགས་ཤུལ་ལ་ཤུར་རང་ཆགས་ཡོད།“རྒྱུན་དུ་ཀྲུང་གོར་འཚམས་འདྲི་སླེབས་པའི་ཀྱག་ཀྱོག་གི་གོ་རིམ་ནང་ང་ལ་ངོས་ཟིན་གཏིང་ཟབ་ཐོབ་པ་ནི། མ་གཞི་ཀྲུང་གོ་ནི་ཆེས་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་རྒྱལ་ཁབ་ཞིག་རེད། ཀྲུང་གོར་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་དྲག་པོས་ཁེངས་ཡོད་པ་མ་ཟད།  གསར་གཏོད་དང་ལས་གཏོད་ཀྱི་ནུས་པ་གོང་འཕེལ་མགྱོགས་མྱུར་ཐོན་ཡོད།”
  གསར་གཏོད་ལ་གཡུར་དུ་ཟ་བའི་འབྲས་བུ་གསར་བ་ཐོབ་ཡོད།
  ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་བླངས་ཡོད་པ། རྒྱུན་པར་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། གནས་ཚུལ་འདིའི་རྨང་གཞིའི་སྟེང་ཕྱོགས་གཉིས་པོས་ཧུར་ཐག་གིས་རྒྱལ་ཁབ་གཉིས་པོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་སུའེ་ཙེར་ཁེ་ལས་ཀྱི་གསར་གཏོད་ཨུ་ལྷན་དང་གསར་གཏོད་མཉམ་ལས་ཀྱི་སྡེ་ཚན་འཛུགས་པ་སོགས་དངོས་དོན་སྒྲུབ་པའི་བྱ་ཐབས་སོགས་རིམ་པ་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མཐོ་སློབ། ཚན་ཞིབ་སྒྲིག་གཞིས་གསར་གཏོད་མཉམ་ལས་ཀྱི་ཆུ་ཚད་མཐོར་གཏོང་ལ་རྒྱབ་སྐྱོར་གྱིས་ཕྱོགས་གཉིས་དབར་ཐོན་ཁུངས་ཀྱི་རྒྱུ་ཆ་དང་ཐོན་ལས་ཀྱི་ལེགས་ཆ།  འཛད་སྤྱོད་ཀྱི་དགོས་མཁོ་སོགས་ཐད་ཀྱི་ཕན་ཚུན་གྱི་ལེགས་ཆ་གསབ་རེས་མངོན་འགྱུར་དགོས། ཆབས་ཅིག་ཏུ་རྒྱལ་ཁབ་གཉིས་པོའི་རིག་གནས་གཙོ་འགན་སྡེ་ཚན་ཁག་གིས་ད་དུང་ཧུར་ཐག་གིས་རིག་གནས་དང་འགག་སྒོ། ནུས་ཁུངས། རིག་ནུས་བཟོ་སྐྲུན། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།  མུ་མཐུད་དུ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། 
  སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་རྒྱུར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དཔལ་འབྱོར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བ་མཚོན་ཐུབ། སུའེ་ཙེར་གྱི་སྨྱན་སྦྱོར་གཙོ་བོ་ཁག་གིས་ཐེངས་འདིའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཚམས་འདྲི་བྱེད་པ་ལ་དོ་ཁུར་ཚད་མཐོན་པོ་གནང་།  ད་ཐེངས་ཀྱི་འཚམས་འདྲིས་སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་གསར་གཏོད་མཉམ་ལས་ཀྱི་ཁྱབ་ཁོངས་སུ་གཡུར་དུ་ཟ་བའི་འབྲས་བུ་གསར་བ་ཐོབ་པར་སྐུལ་འདེད་ཐུབ་པའི་རེ་བ་ཆེན་པོ་བྱེད།《སྐབས་དོན་ཚགས་པར་》དུ་སྤེལ་བའི་རྩོམ་ཡིག་གི་དབྱེ་ཞིབ་བྱས་པ་ལྟར་ན། གསར་གཏོད་མཉམ་ལས་ནི་ད་ཐེངས་ཀྱི་འཚམས་འདྲི་བྱེད་རིང་ཕྱོགས་གཉིས་པོའི་འགོ་ཁྲིད་ཐུག་འཕྲད་སྐབས་ཀྱི་གྲོས་གཞི་གཙོ་བོ་ཡིན། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ནི་གསར་གཏོད་ཀྱི་ཁྱབ་ཁོངས་ནང་ཕུགས་བསམ་ཆེས་མཐུན་པའི་མཉམ་ལས་རོགས་ཟླ་ཡིན། སུའེ་ཙེར་ཧྥ་རན་སིའི་སྐད་ཡིག་གི་རླུང་འཕྲིན་དང་བརྙན་འཕྲིན་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་བ་ལྟར་ན། ཀྲུའུ་ཞི་ཞིས་ཅིན་ཕིང་ཐེངས་འདིར་འཚམས་འདྲི་ཕེབས་ཏེ་སུའེ་ཙེར་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་ཚོང་དོན་དང་དངུལ་རྩ། ཁོར་ཡུག་སྲུང་སྐྱོང་ཐད་དགོངས་འཆར་བརྗེ་རེས་གནང་བ་དང་། ཕྱོགས་གཉིས་པོས་མུ་མཐུད་དུ་དཔལ་འབྱོར་ཚོང་དོན་དང་ཚན་ཞིབ་སོགས་ཁྱབ་ཁོངས་སུ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གསར་གཏོད་མཉམ་ལས་ཐད་གྲོས་བསྡུར་བྱ་རྒྱུ་རེད། 
  ཀེང་ཝུན་པུན་གྱིས་བརྗོད་རྒྱུར། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་ཀྱིས་རིག་གནས་དང་འགག་སྒོ།  ནུས་ཁུངས། ཡུལ་སྐོར། ཉོ་ཚོང་སོགས་ཐད་ཀྱི་མཉམ་ལས་གྲོས་མཐུན་རིམ་པ་ལ་མིང་རྟགས་བཀོད་པ་དང་གསལ་བསྒྲགས་རིམ་པ་སྤེལ་འཆར་ཡོད། གསར་གཏོད་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ་དང་རིག་ནུས་བཟོ་སྐྲུན། ཚན་རྩལ་མཉམ་ལས། ཁོར་ཡུག་ལ་གནོད་པ་མེད་པ། མཛའ་བརྩེའི་འབྲེལ་བ་འཛུགས་པ་སོགས་ཁྱབ་ཁོངས་མང་པོ་ལའང་གྲུབ་འབྲས་གསར་པ་ཐོབ་པའི་རེ་བ་བྱེད།“གྲུབ་འབྲས་གཡུར་དུ་ཟ་བ་དེ་དག་གིས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་བ་སྣོན་འགྱུར་ཡོད།”
འབྲེལ་ཡོད་རྩོམ་ཡིག