ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་པེ་ཅིང་དུ་ཚོགས་འདུ་འཚོགས་པ།

2017-01-24 རྣམ་རྒྱལ་གྱིས་བསྒྱུར།

  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༡པོའི་ཚེས་༢༢ཉིན་གློག་འཕྲིན་འབྱོར་གསལ། ཟླ་༡པོའི་ཚེས་༢༢ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་པེ་ཅིང་དུ་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་འཛུགས་པར་གཏན་འབེབས་གནང་བ་དང་།《ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ལས་དོན་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་སྒྲོན་ལ་གསན་ཞིབ་གནང་བའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་སྒྲོན་》ལ་གྲོས་ཞིབ་གནང་།
  ཀྲུང་གུང་ཀྲུང་དབྱང་སྤྱི་ཁབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
  ཚོགས་འདུའི་སྟེང་ཀྲུང་དབྱང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་འཛུགས་པར་གཏན་འབེབས་གནང་བ་དང་ཞིས་ཅིན་ཕིང་གིས་དེའི་ཀྲུའུ་རེན་གྱི་འགན་བཞེས། ཨུ་ཡོན་ལྷན་ཁང་འདི་ནི་ཀྲུང་དབྱང་རིམ་པའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་རིགས་ཀྱི་ཐབས་ཇུས་དང་གྲོས་དོན་མཐུན་སྦྱོར་བྱེད་པའི་ལས་ཁུངས་ཤིག་ཡིན་ལ། དམག་དམངས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་བར་གཅིག་གྱུར་གྱིས་དབུ་ཁྲིད་དང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ལ་འགན་འཁུར་དགོས།
  ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་༢༠༡༦ལོའི་ལས་དོན་ལ་ཁས་ལེན་ཆེན་པོ་བྱས་པ་མ་ཟད། ཁོང་ཚོའི་༢༠༡༧ལོའི་ལས་དོན་འཆར་འགོད་ལ་མོས་མཐུན་བྱུང་། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།《དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》གཉིས་ལག་བསྟར་ནན་མོ་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། གཅིག་གྱུར་གྱི་འདུ་ཤེས་བཅས་ལ་གོ་བ་གཏིང་ཟབ་བླངས་སྟེ་སྲ་བརྟན་དུ་ཆགས་དགོས། མཐའ་གཅིག་ཏུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་དགོས། སེམས་ཐག་གཙང་བཅད་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་འཐུས་ཤོར་ཅི་ཡང་མི་འབྱུང་བར་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་དགོས།
  ཡང་ནན་གྱིས་བཤད་དོན། ད་ལོ་རང་རེའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཡིན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་ཏུ་བསྟར་བའི་གལ་ཆེའི་ལོ་ཞིག་དང་མཁོ་སྤྲོད་གཞོགས་ཀྱི་གྲུབ་ཆའི་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཀྱང་ཡིན། བརྟན་ལྷིང་ངང་གོང་དུ་འཕེལ་བའི་ལས་དོན་གྱི་རྩ་བའི་དགོངས་གཞི་དེ་རྒྱུན་འཁྱོངས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་དང་“ཁྱོན་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་དགོས། ཡོད་ཚད་ཁྱོན་ཡོངས་ལ་བསམ་ནས་འགན་ཡག་པོ་འཁུར་ཏེ་ཏང་དང་མི་དམངས་ཡིད་ཚིམ་པའི་ལན་ཞིག་འབུལ་དགོས།

  ཚོགས་འདུའི་ཐོག་བྱ་བ་གཞན་དག་ལའང་གྲོས་ཞིབ་བྱས་འདུག

འབྲེལ་ཡོད་རྩོམ་ཡིག