ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དེ་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་གཞོན་པས་བསྔགས་བརྗོད་ཐོབ་པའི་བོད་ཀྱི་ལས་རིགས་གསར་གཏོད་པའི་ཕོ་གཞོན་དེར་དོན་ངོ་མར་འཇོན་ཐང་ཅི་ཞིག་ཡོད་དམ།

2018-04-20 བཀྲ་རྒྱལ་གྱིས་བསྒྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་བསྔགས་བརྗོད་ཐོབ་ཡུལ།
          2015ལོའི་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱིས་བྱ་གཞག་གསར་སྐྲུན་དང་ཀུན་གྱིས་ལས་རིགས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་ཡུལ་དངོས་སུ། ལུས་ལ་བོད་ཆས་སྤྲས་པའི་འབྲུག་གྲགས་ནི་ཀུན་གྱིས་དོ་སྣང་བྱ་ཡུལ་ཞིག་ཏུ་ཆགས་ཡོད་ཅིང་། སྐབས་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལས་འགན་བཞེས་པའི་ལིའུ་ཡན་ཏུང་གིས་གསར་གཏོད་གཉིས་ཀྱི་བྱེད་སྒོར་གཟིགས་ཞིབ་གནང་སྟེ་ཡུན་ཧྲི་ཚན་རྩལ་ཀུང་སིས་འགྲེམས་གནས་བརྒྱུད་སྐབས་བོད་རིགས་གཞོན་ནུ་དེར“ངས་ཁྱོད་ཚོས་རྣམ་གྲངས་ཤེས་ཀྱི་ཡོད།  རྣམ་གྲངས་ཧ་ཅང་ཡག་པོ་འདུག ཁྱོད་ཀྱིས་གྲངས་ཉུང་མི་རིགས་ཀྱི་གཞོན་ནུ་དེ་བས་མང་པོའི་སྣེ་ཁྲིད་དེ་ལས་རིགས་གསར་གཏོད་བྱེད་པའི་རེ་བ་ཡོད”ཅེས་གསུངས་ཡོད་པ་རེད།
ལིའུ་ཡན་ཏུང་གིས་བསྔགས་བརྗོད་གནང་པའི་གཞོན་ནུར་དོན་ངོ་མར་ཧ་ལས་པའི་འཇོན་ཐང་གང་འདྲ་ཡོད་དམ།
གནད་ཚིག་སྟེ་བོད་ཡིག་གཏག་ཐབས།
          94ལོར་སྐྱེས་པའི་འབྲུག་གྲགས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་སྲིད་འཛིན་དོ་དམ་ཆེད་ལས་ནས་མཐར་ཕྱིན་པ་ཡིན་ལ། 2013ལོར་དྲ་སྦྲེལ་གྱི་ལས་རིགས་གསར་གཏོད་འགོ་བརྩམས་པ་དང་། འབྲུག་གྲགས་ཀྱིས་སེམས་ནང་གི་ཚན་རྩལ་བྱ་གཞག་གསར་གཏོད་བྱེད་པའི་ཕུགས་བསམ་ལའང་གཤོག་ཟུང་སྤྲད་པ་རེད།
          སྐབས་དེར་ཁོས་ཚོང་རའི་ནང་གི་ཁ་པར་ལ་བོད་ཡིག་གཏགས་པའི་བྱེད་ནུས་མེད་པ་མཐོང་པས། ཁོ་ཚོས་་ཕབ་ལེན་སླ་ལ་སྒྲིག་སྦྱོར་བདེ་བ། ཚིག་མཛོད་ཁྱབ་ཚད་ཅུང་ཆེ་བ། ཐོ་འགོད་ཨང་རྟགས་བསྡམས་ཆོག་པའི་ནུས་ མང་ལས་སྟེགས་ཀྱི་ལས་ཐོགས་ཁ་པར་གྱི་བོད་ཡིག་འཇུག་ཐབས་ཤིག་ཞིབ་འཇུག་གསར་སྤེལ་གནང་ནས་ཁྲོམ་རའི་སྟོང་ཆ་སྐོང་བསམས་པ་རེད།
          དཔུང་སྡེའི་ཁོངས་མིའི་ལོ་གཅིག་རིང་གི་འབད་བརྩོན་བྱས་པ་བརྒྱུད།  ཁོ་ཚོས་བདེ་བླག་ངང་ ཡུན་ཧྲི་རིག་ལྡན་བོད་ཡིག་གཏགས་ཐབས་པར་གཞི1.0 —— ཐོན་མིའི་རིག་ལྡན་བོད་ཡིག་གཏག་ཐབས་ ཞིབ་འཇུག་གསར་སྤེལ་གནང་པ་དང་། དེང་ཆར། མཉེན་ཆས་འདི་ནིAndroidདངios  Windows phoneབཅས་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་ལས་སྟེགས་ཆེན་པོ་གསུམ་དུ་བཀོལ་སྤྱོད་གནང་ཆོག
          ཁོ་ཚོས་ཞིབ་འཇུག་གསར་སྤེལ་གནང་པའི“ཡུན་ཧྲི་ཕྱོགས་སྟོན”ཚོགས་འདུསWEBདང་། སྒུལ་བདེའི་མཐའ་སྣེ་སོགས་མཐའ་སྣེ་སྣ་ཚོགས་ལ་གཞི་གཅིག་ཏུ་འདུས་ཡོད་ཅིང་། རིན་མེད་སྒོས་དྲ་ལམ་ནས་ལོ་ཙཱ་དང་། དྲ་ལམ་གྱི་སྐད་ཆའི་ལོ་ཙྰ། དྲ་འོག་གི་ཟིན་བྲིས་ལོ་ཙྰ། སྐད་བརྡ་སློབ་ཁྲིད་ཀྱི་མཁའ་ལམ་སློབ་ཁྲིད་སོགས་སྐད་ཡིག་བརྗེ་རེས་ཀྱི་ཞབས་ཞུ་གནང་ཆོག་པ་དང་། སྲིད་གཞུང་དང་སྨན་ཁང་། སློབ་གྲྭ་སོགས་སྡེ་ཚན་ལ་འབྲེལ་ཡོད་ལས་སྒོའི་ཞབས་ཞུ་གནང་ཆོག
གནད་ཚིག་སྟེ “བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ” 
          བོད་ཡིག་གཏག་ཐབས་ཞིབ་འཇུག་གསར་སྤེལ་ལ་ཐོག་མའི་གྲུབ་འབྲས་ལོན་རྗེས། ཁོ་ཚོའི་དཔུང་སྡེས་མི་རིགས་རིག་གནས་ཀྱི་ཁྱབ་ཁོངས་གཞན་དག་ལ་དོ་སྣང་བྱས་པ་དང་། འབྲུག་གྲགས་ཀྱི་དཔུང་སྡེས་མཁོ་འདོན་བྱས་པའི་བརྟག་དཔྱད་གཞི་གྲངས་ལ་གཞིགས་ན། བོད་སྨན་ལ་རྒྱལ་ཡོངས་དང་ལྷག་པར་དུ་མཚོ་རྒྱུད་ས་ཁུལ་དུ་འཛད་སྤྱོད་པ་ཇེ་མང་དུ་གྱུར་ཡོད་ནའང་། འཛད་སྤྱོད་པས་གང་དུ་སྨན་ཉོ་དགོས་པ་མི་ཤེས་པའི་དཀའ་ངལ་ལ་འཕྲད་ཡོད་པ་རེད། དེ་བས“ བོད་ལུགས་གསོ་རིག་གི་སྨན་པ་བཟང་པོའི” APP གསར་གཏོད་གནང་པ་རེད།
          2015 ལོར། “བོད་ལུགས་གསོ་རིག་གི་སྨན་པ་བཟང་པོའི” APP རྣམ་གྲངས་ནི་སྐབས་དང་པོའི་ཀྲུང་གོའི་གཞོན་ནུའིAPP འགྲན་བསྡུར་ཆེ་མོའི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པ་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པ31གི་འགྲན་ཁུལ་གྱི་འགྲན་བསྡུར་རྣམ་གྲངས5562ལས་འབུར་དུ་ཐོན་ཏེ་རྒྱལ་ཡོངས་ཉེར་སྤྱོདAPP ཇུས་འགོད་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་ཅིང་། འདི་ནི་ནུབ་རྒྱུད་ཞིང་ཆེན11(གྲོང་ཁྱེར་དང་ས་ཁུལ)ལས་བྱ་དགའ་དེ་ཉིད་ཐོབ་པའི་རྣམ་གྲངས་གཅིག་པུར་ཆགས་ཡོད་ལ། རྒྱལ་ཡོངས་སུ་བྱ་དགའ་འཐོབ་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་གསར་གཏོད་ཚོགས་པ་ཐོག་མར་ཆགས་ཡོད།
གནད་ཚིག་སྟེ་བོད་ཀྱི་འགུལ་རིས།
          འབྲུག་གྲགས་དང་ཁོའི་དཔུང་སྡེའི་ཆ་སྙོམས་ཀྱི་ལོ་ཚོད་ནིལོ་30ལ་མ་སླེབས་པའི་ན་གཞོན་ཏག་ཏག་ཡིན་ལ། ཁོ་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱ་རྒྱུ་དེ་རང་འགན་དུ་བརྩིས་ཏེ། བོད་ཀྱི་རིག་གནས་ཀྱི་ཤེས་རྟོགས་ཟབ་མོ་དང་ཆེད་ལས་ཀྱི་ལག་རྩལ་ནུས་པར་བརྟེན་ནས། དམངས་སྲོལ་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་གནང་པ་དང་། སྔོན་ཐོན་གྱི་འགུལ་རིས་འདུས་གྲུབ་ལག་རྩལ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་གཏམ་རྒྱུད་དང་སྣང་བརྙན་ཀུན་གྱི་སྤྱན་ལམ་དུ་འགྲེམས་སྟོན་གནང་ཡོད་འདུག
          དེང་སྐབས། འགུལ་བརྙན་གསར་རྩོམ་གཏམ་རྒྱུད50ལྷག་སྔོག་འདོན་གནང་ཡོད་པ་དང་། འགུལ་བརྙན་ཁག10གསར་རྩོམ་ལེགས་གྲུབ་གནང་ཡོད་པ། ཁག2གསར་རྩོམ་ལ་གྲ་སྒྲིག་བྱེད་བཞིན་ཡོད་པས་ལས་རིགས་ནང་ཁུལ་དུ་ཅུང་མཐོ་བའི་ཁས་ལེན་ཐོབ་ཡོད་པ་རེད།
གནད་ཚིག་སྟེ་བོད་ཀྱི་དྲ་ཐོག་ཉོ་སྒྲུབ་སྟེགས་བུ།
          2016 ལོ་ནས་བཟུང་འབྲུག་གྲགས་ཀྱི་དཔུང་སྡེས་ལྷ་སར་ས་གནས་དེ་གའི་དྲ་སྦྲེལ་གྱི་ལས་རིགས་གསར་གཏོད་ཚོགས་པ་དེ་བས་མང་པོ་སྣེ་ཁྲིད་ལ་རོགས་སྐྱོར་བྱས་ཤིང་། “ཡུན་ཧྲིའི” མངའ་འོག་གི“བོད་ཀྱི་ལས་གཏོད་ལེགས་འདེམས”ནི་དེའི་ཁྲོད་ཀྱི་རྣམ་གྲངས་རྩེ་གྲ་ཡིན་ལ། “བོད་ཀྱི་ལས་གཏོད་ལེགས་འདེམས” ཀྱིས་བོད་ཀྱི་སྤུས་ལེགས་གློག་རྡུལ་ཚོང་དོན་ལས་སྟེགས་ངོ་མ་ཞིག་བསྐྲུན་པར་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཕ་ཡུལ་གྱི་བོད་བཟོའི་ཚོང་ཟོག་དེ་བོད་ནས་ཕྱིར་བསྐྱོད་པ་དང་། ཕ་ཡུལ་གྱི་ཚོང་ཟོག་བཟོ་རྩལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་ཆེད་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
    2017 ལོའི་བོད་ཀྱི་ལོ་གསར་རིང་“བོད་ཀྱི་ལས་གཏོད་ལེགས་འདེམས”ལས་སྟེགས་ཀྱིས་རྒྱུ་ཆ་སྤུས་ལེགས་ཡིན་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གོམས་སྲོལ་དང་མཐུན་པའི་མཆོད་རྫས་སྐོར་ཞིག་སྟེ། དཔེར་ན་ལྷ་སའི་སྲོལ་རྒྱུན་བཟོ་རྩལ་ལ་བརྟེན་ནས་བཟོས་པའི་ཚལ་གུང་ཐང་སྡེར་ཁ་དང་། འབྲི་གུང་གི་སྤུས་ལེགས་ཕྱུར་བས་བཟོས་པའི་མདོག་ཚོས་ལྟ་བུ་སྐད་འཕྲིན་བརྒྱུད་མངག་ཉོ་བྱེད་ཐུབ་པར་གྱུར་ནས་ཉིན་གཅིག་ནང་ལྷ་སའི་གྲོང་ཁྱེར་ནང་མངགས་ཉོའི་ཚོང་ཟོག་སྒོ་ཁར་སྐྱེལ་ཐུབ་པར་གྱུར།
གནད་ཚིག་སྟེ་ཡུན་ཧྲི།
          ན་གཞོན་འབྲུག་གྲགས་ཀྱིས་རང་ཉིད་ཀྱི་ནུས་པར་བརྟེན90 རྗེས་ཀྱི་ལས་རིགས་གསར་གཏོད་པའི་ཁྲོད་ཀྱི་ཕུལ་བྱུང་པར་གྱུར་ཡོད་པ་རེད།
          འབྲུག་གྲགས་ཀྱི་རེ་བར་རང་ཉིད་སྤྲིན་ཀྱི་ཕོ་ཉ་དང་འདྲ་བར་ལག་རྩལ་བརྒྱུད་ཕ་ཡུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཏེ། དཔེར་ན་མི་རྣམས་ཀྱིས“བོད་སྨན་གྱི་སྨན་པ་བཟང་པོ”བརྒྱུད་མང་ཚོགས་ཀྱིས་ནད་བརྟག་སྨན་བཅོས་བྱེད་རྒྱུ་དང་། “ས་མཐོའི་སྐར་མ”བརྒྱུད་གཞུང་དོན་བྱེད་སྒོར་རོགས་རམ་བྱེད་པ། “བོད་ཡིག་ཡིག་སྒྱུར་བྱེད་པོ་” བརྒྱུད་སྐད་ཡིག་བརྗེ་རེས་ལ་རོགས་རམ་བྱེད་པ། “བོད་ཀྱིUམགྲོན”བརྒྱུད་ཡུལ་སྐོར་ལ་རོགས་རམ་བྱེད་རྒྱུ་བཅས་སོ།།
          དེས་མ་ཚད། ཡུན་ཧྲི་ཚན་རྩལ་ནི་མི་རིགས་མཉམ་འདྲེས་ཀྱི་བསྡུས་གཟུགས་ཆུང་ཆུང་ཞིག་ཡིན་ལ་། དཔུང་སྡེ་ཁོངས་མི32ཡོད་པ་དེ་མི་རིགས5ལ་ཁྱབ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་རིགས་གསར་གཏོད་ཀྱི་དཀའ་སྤྱད་ཐད་འབྲུག་གྲགས་ལ་མྱོང་ཚོར་ཟབ་མོ་ཡོད་དེ།  དེང་ཆར་ཁོས་ལྗོངས་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས་བོད་ཀྱི་གཞོན་ནུའི་ལས་རིགས་གསར་གཏོད་ཀྱི་ཚོགས་སྤྱིའི་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་བོད་ཀྱི་གཞོན་ནུའི་ལས་གཏོད་ལ་ཞབས་ཞུ་སྐུལ་འདེད་གནང་གི་ཡོད་པ་རེད།
          ཁོས་ལས་རིགས་གསར་གཏོད་བྱེད་པར་གཞོན་ནུ་གང་ཡིན་རུང་གོམ་པ་འདི་སྤོ་དགོས་ཤིང་། ཧུར་ཐག་འབད་བརྩོན་བྱས་པ་ཡིན་ན་ཅི་ཡང་མངོན་འགྱུར་བྱེད་སྲིད་ཅེས་ཡིད་ཆེས་གནང་གི་འདུག་གོ ། 
འབྲེལ་ཡོད་རྩོམ་ཡིག