ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་གིས་བོད་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་རིམ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

2018-10-18 བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་རྗེས། ཟླ10ཚེས16ཉིན་གྱི་སྔ་དྲོ་གནམ་གྲུར་བཞུགས་ཏེ་གཞིས་རྩེ་དང་ཞལ་གྱེས་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནམ་ཐང་དུ་ཕེབས་སྐྱེལ་ཞུ་མཁན་རྣམས་དང་ཞལ་གྱེས་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གནམ་ཐང་དུ་ཕེབས་སྐྱེལ་ཞུ་མཁན་རྣམས་དང་ཞལ་གྱེས་བཞིན་པ།
          དུས་ཡུན་ཟླ་ངོ་གསུམ་གྱི་རིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་སུ་གྲོང་ཚོ་དང་དུད་ཚང་། ལས་ཡུལ་དངོས་ལ་ཆིབས་བསྒྱུར་གནང་ནས་དབུལ་ཐར་འགག་སྒྲོལ་དང་སྣོད་བཅུད་སྲུང་སྐྱོབ། སློབ་གསོ་འཕེལ་རྒྱས། གྲོང་གསེབ་དར་རྒྱས་འཐབ་ཇུས་འཆར་འགོད་སོགས་ཀྱི་གནས་ཚུལ་རྟོག་ཞིབ་གཏིང་ཟབ་གནང་པ་དང་འབྲེལ་དགོན་པར་མཆོད་མཇལ་གནང་ཞིང་བཀའ་ཆོས་གསུང་པ་དང་། གནང་སྦྱིན་བཏང་བ། མཇལ་ཁ་གནང་བ། སེར་སྐྱ་དད་ལྡན་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་ཐད་བཀའ་སློབ་བསྩལ་བར་སྤྱི་ཚོགས་ལས་རིགས་ཁག་དང་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ་པ་དང་གོང་བཀུར་བླ་ལྷག་གནང་པ་རེད།
          དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཡིན་པའི་ངོས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལོ་ལྟར་བོད་དུ་མི་རིགས་ཁག་དང་ལས་རིགས་ཁག་ནང་ཟབ་ཞུགས་བྱས་ནས་ཐུགས་དགོངས་བརྗེ་རེས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ཤེས་རྟོགས་བྱ་རྒྱུ་དང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40 སོང་རིང་བོད་འདི་ཉིད་ལ་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་པར་རྗེས་ལོན་བྱེད་པ་དང་། བོད་ཀྱིས་ཇི་ལྟར་འབད་འབུངས་བླ་ལྷག་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐད་སྔར་བས་ཐུགས་ཁུར་ གནང་ཞིང་། གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་དེ་བཞིན་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་བྱེད་པའི་བཀོད་སྒྲིག་གལ་ཆེན་གནང་གི་ཡོད་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཇོ་བོ་ཤྰཀྱང་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་དངོས་དང་མཉམ་པའི་ཇོ་སྐུར་ཞལ་གསེར་འབུལ་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“དད་ལྡན་མང་ཚོགས་ཀྱི་འབུལ་བ”ཞལ་འདེབས་ཕུལ་བའི་མཛད་སྒོའི་ཡུལ་དངོས། འབུལ་བ་ཡིན་པའི་དབང་གིས་ཡུལ་དངོས་སུ་སྒོར་སིལ་མ་ཡང་ཡོད་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བསམ་གྲུབ་རྩེ་ཆུས་སུ་སྡོང་ཕྲུག་རྟེན་གཞིར་རྟོག་ཞིབ་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པ་སྣམ་རྫོང་དུ་འདྲེ་ཚེར་མའི་རྟེན་གཞིར་རྟོག་ཞིབ་གནང་བཞིན་པ། 
          ས་མཐོའི་གཤིན་སར་འབྲས་བཟང་སྨིན་ཞིང་། སྤུས་ལེགས་ས་ཞིང་གིས་འབྱོར་འབྲིང་ལ་སྐུལ་འདེད་གཏོང་བ། བསམ་གྲུབ་རྩེ་ཆུས་དང་པ་སྣམ་རྫོང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྡོང་ཕྲུག་རྟེན་གཞི་དང་སྔོ་ཚལ་དྲོད་ཁང་ཆེན་མོ། ཁེ་ལས་ཀྱི་འཁོར་ཁང་བཅས་སུ་ཕེབས་ནས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་རྒྱུས་ལོན་གནང་པ་དང་། ཐང་རྒོད་ལྗང་མདོག་ཏུ་གྱུར་པ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བ། ཞིང་བའི་ཡོང་འབབ་འཕར་བའི་དགའ་འོས་པའི་རྣམ་པ་མཐོང་མ་ཐག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཚད་རིམ་མཐོན་པོའི་ངང་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག་ཇུས་འགོད་གནང་པར་བསྔགས་བརྗོད་ཚད་མེད་གནང་པ་དང་།ས་གནས་དེ་གའི་དཔལ་འབྱོར་གྱི་ཕན་ནུས་དང་སྣོད་བཅུད་སྲུང་སྐྱོང་ཕྱོགས་གཉིས་ཐད་གྲུབ་འབྲས་གང་ལེགས་ལོན་པའི་སྨོན་འདུན་ཞུས་པ་མ་ཟད། ལྷན་རྒྱས་ཡོངས་ནས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རེ་སྙེགས་བྱེད་པ་དེ་འབད་འཐབ་ཀྱི་དམིགས་འབེན་ལ་འཛིན་རྒྱུ་དང་། གནད་སྨིན་དབུལ་སྐྱོར་ལས་གཞི་དང་ཡུལ་སྐོར་གསར་སྤེལ་བཅས་ཟུང་འབྲེལ་དོན་འཁྱོལ་བྱས་ཐོག  སྣོད་བཅུད་རྣམ་གྲངས་འཛུགས་སྐྱོང་དེ་ཁོར་ཡུག་གི་མཛེས་སྡུག་དང་འཚོ་བའི་མཛེས་སྡུག། མི་སེམས་ཀྱིས་མཛེས་སྡུག་ཏུ་གྱུར་པར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པ་སྣམ་རྫོང་དུ་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པ་སྣམ་རྫོང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ཡོད་པའི་ཞིང་པར་བྱམས་བརྩེའི་ངང་ཐུགས་དགོངས་བརྗེ་རེས་གནང་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ད་དུང་ས་གནས་དེ་གའི་ཞིང་པ་དང་བྱམས་བརྩེའི་ངང་ཐུགས་དགོངས་བརྗེ་རེས་གནང་སྟེ། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྩེ་བ་ཟབ་མོའི་ངང་བཀའ་འདྲི་གནང་བ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད་ལ། ང་ཚོས་སྤྱི་ཚོགས་བརྟན་བརླིང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གཅེས་སྤྲས་བྱེད་དགོས་ཤིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་མི་རབས་ནས་མི་རབས་ལ་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཞེས་བསྟན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པ་སྣམ་རྫོང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་དུ། འདས་ཟིན་པའི་ལོ་ངོ་གཅིག་རིང་གི་དགོན་སྡེའི་གནས་ཚུལ་སྙན་ཞུ་དང་དགེ་འདུན་པའི་འཐུས་མིས་གཏམ་བཤད་ལ་གསན་རྗེས། ཁོང་གིས་དགོན་སྡེ་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་དགོས་པ་དང་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ཁ་བྲལ་སྟོབས་ཤུགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རྒྱ་ཆེའི་གྲྭ་བ་མང་ཚོགས་ཀྱི་ཁྲིམས་རྩི་སྡོམ་སྲུང་དང་གོ་སྐབས་དམ་འཛིན་བྱེད་པ། ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། བསླབ་པ་ལྷུར་ལེན་པ། ནང་བའི་བསྟན་པ་རིན་པོ་ཆེ་རྒྱུད་འཛིན་དར་སྤེལ་གྱི་ལས་འགན་ལྗིད་པོ་འཁུར་དུ་ལེན་པ་དང་། ཆོས་ལུགས་དང་དུས་རབས་དང་མཉམ་དུ་སྐྱོད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ལ་བཅངས་པའི་རེ་བ་ནན་མོ་ཡིད་ལ་བརྟན་པོར་ངེས་ཐོག ནང་བསྟན་དར་སྤེལ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ལག་ལེན་བསྟར་མཁན་དང་དར་སྤེལ་གཏོང་མཁན་ཏུ་གྱུར་བར་འབད་འབུངས་བྱེད་དགོས་ཞེས་བསྟན།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་པ་དང་།  བཀྲ་ཤིས་ལྷུན་པོ་དགོན་དུ་དགེ་འདུན་པའི་སྡེ་ཡི་དབུ་མ་དང་ཕར་ཕྱིན། མངོན་པ་མཛོད།  འདུལ་བ་བཅས་ཀྱི་རྩོད་རྒྱུགས་དམ་བཅའ་འབུལ་བ་དང་འཆམ་རྩེད་སོགས་ཀྱི་ཆོས་ལུགས་བྱེད་སྒོར་ཞུགས་པ་རེད། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ད་དུང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ནས་བྱང་ཆེན་གངས་རི་དགོན་དང་སྣར་ཐང་དགོན། ས་སྐྱ་རྫོང་སྲད་རྒྱུད་པ་དགོན་བཅས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པ་སྣམ་རྫོང་ལ་རྟོག་ཞིབ་བྱེད་རིང་ལམ་རྒྱུད་ཀྱི་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་པ།
འབྲེལ་ཡོད་རྩོམ་ཡིག