ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཀོང་ཞིའི་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས།

2018-12-12 སངས་སྐྱབས་ཀྱིས་བསྒྲིགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས10ཉིན་གྱི་ཕྱི་དྲོར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཀོང་ཞིའི་ལུས་རྩལ་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
          ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲིན་ཝུའུ་ཡིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་སུན་ཁྲོན་ལན་གྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་པའི་གློག་འཕྲིན་སྒྲོག་འདོན་བྱས།
          ཚོགས་ཐོག་ཏུ་ཝང་དབྱང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཀོང་ཞིའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བྱེ་བ་ལྔ་དང་ས་ཡ་དྲུག་ལྷག་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།
          ཝང་དབྱང་གིས་བསྟན་དོན། དུས་རབས་གསར་བར་ཞུགས་རྗེས་ཀོང་ཞི་ཡིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་བསུས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བདུན་ལོར་ཀོང་ཞིའི་བྱ་བར་རྟོག་ཞིབ་གནང་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་མང་ཚོགས་ཕྱུག་པ་དང་ཀོང་ཞི་དར་སྤེལ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་རྒྱུ་འགན་སྲུང་བྱེད་པ་དང་། ཏང་དུས་དང་རྣམ་པ་ཀུན་ཏུ་རིགས་སོ་སོའི་མི་དམངས་ཀྱི་གཙོ་ཤུགས་སུ་འགྱུར་བ་འགན་སྲུང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་མྱོང་དུ་འཇུག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ཁྲོད་དུ་དམངས་ཚིས་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་མི་རིགས་ཁུལ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཟེར།
          ཚོགས་ཐོག་ཏུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞིན་ཧྲི་ཡིས་གཏམ་བཤད་པ་དང་མང་ཚོགས་ཀྱི་འཐུས་མི་ཕན་ཆིན་པེའོ་དང་ཞ་སི་ཁྲུའུ་གཉིས་ཀྱིས་ཀྱང་གཏམ་བཤད།
          མཇུག་མཐར་དུས་རབས་གསར་བར་འབད་པས་སྐྱོད། ཀོང་ཞི་གསར་བ་མཛེས་པར་སྐྲུན་ཞེས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།
འབྲེལ་ཡོད་རྩོམ་ཡིག