ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཐན་ཅིན་དུ་རྟོག་ཞིབ་གནང་བ།

2019-01-18 སངས་སྐྱབས་ཀྱིས་བསྒྲིགས།
            སྤྱི་ཚེས་༡༧ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཐན་ཅིན་དུ་རྟོག་ཞིབ་གནང་ཡོད། ནན་ཁའེ་སློབ་ཆེན་དུ། ཁོང་གིས་ལོ་བརྒྱའི་སློབ་གྲྭའི་ལོ་རྒྱུས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ཡོན་ཧྲེ་དང་། ཆེད་ལས་མཁས་པ། དགེ་རྒན་དར་མ་དང་གཞོན་ནུའི་འཐུས་མི་བཅས་དང་སྤེལ་རེས་གླེང་མོལ་གནང་བ་དང་། རྫས་འགྱུར་སློབ་གླིང་དང་མ་རྒྱུའི་སྐྱེ་ལྡན་རྫས་འགྱུར་གྱི་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོར་གཟིགས་ཤིང་། ནན་ཁའེ་སློབ་ཆེན་གྱི་ལོ་རྒྱུས་འཕེལ་རིམ་དང་། རིག་ཚན་འཛུགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག ཚན་ཞིབ་གསར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག