ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་གནང་བ།

2019-01-22 སངས་སྐྱབས་ཀྱིས་བསྒྲིགས།
            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༡ཉིན་ཏེའོ་ཡུལ་ཐེའི་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་ཐུག་འཕྲད་གནང་འདུག
            ཞི་ཅིན་ཕིང་གིས་ཧུང་སེན་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་ཞི་ཅིན་ཕིང་གིས། ན་ནིང་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༠འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པ་དང་གོང་འཕེལ་གསར་པ་བྱུང་ཡོད། ང་ཚོས་ཁམ་ཕུ་ཀྲེ་དང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེར་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུ་དམིགས་ཡུལ་དུ་བཟུང་ནས་མཉམ་ལས་ཀྱི་གཙོ་གནས་སྔར་བས་གསལ་པོ་བཟོ་བ། གོང་འཕེལ་འཆར་གཞི་གཏིང་ཐོག་ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་མ་འོངས་པའི་ལོ་ངོ་༦༠ནང་གོང་འཕེལ་སྔར་ལས་ཆེ་བ་ཡོང་རྒྱུར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱ་འདོད་ཡོད་ཅེས་གསུངས་འདུག
            ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཁམ་ཕུ་ཁྲེས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་དབུ་བཞུགས་བློན་ཆེན་གྱི་འགོ་ཁྲིད་འོག་ཁམ་ཕུ་ཀྲེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཐད་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་ཁམ་ཕུ་ཁྲེའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་འགྲིམ་འགྲུལ་དང་ཐོན་ནུས། ནུས་པའི་འབྱུང་ཁུངས། ཉོ་ཚོང་། དམངས་འཚོ་སོགས་ཁྱབ་ཁོངས་ཆེན་པོ་ལྔའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉམས་གསོ། གཞོན་ནུ་སོགས་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་འདུག
            ཧུང་སེན་གྱིས། དེ་རིང་སྔ་དྲོ། ང་རང་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་ངོ་བཞི་ཅུའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་ལ་ལྟ་སྐོར་བྱས་པས་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དང་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་སྲ་བརྟན་དང་གོང་འཕེལ་བྱུང་བ་ནི་མི་རྣམས་དགའ་འོས་པ་ཞིག་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོས་ཁམ་ཕུ་ཁྲེར་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོས་ཁམ་ཕུ་ཀྲེ་དང་ལྷག་དོན་དུ་ཁམ་ཕུ་ཀྲེའི་རྒྱལ་པོ་ཚང་ལ་མཛའ་མཐུན་ཟབ་མོ་བཅངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་ཁམ་ཕུ་ཀྲེ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གལ་ཆེའི་བསམ་འཆར་ལ་མོས་མཐུན་བྱེད་ཀྱི་ཡོད་པ་དང་ཀྲུང་གོའི་ཕྱོགས་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་དམངས་འཚོ་དང་ཞིང་ལས། ཉོ་ཚོང་། མ་འཇོག ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་བྱ་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་བྱེད་རྒྱུ་ཟབ་ཏུ་གཏོང་བ། མུ་མཐུད་དེ་ཕན་ཚུལ་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་འདུག
འབྲེལ་ཡོད་རྩོམ་ཡིག