ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དབུལ་སྐྱོར་འགྲེམས་ཁང་དུ་བོད་ཀྱི་ཐོན་རྫས་ཡག་ཤོས་བྱུང་ཡོད་པ།

2019-03-19 བཀྲ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་། པེ་ཅིང་ཞིང་ལས་ལོ་ལེགས་ཀྱི་དུས་ཆེན་སྐབས་བདུན་པ་འགོ་ཚུགས་པ་དང་། “དབུལ་སྐྱོར་འགག་སྒྲོལ་འགྲེམས་ཁང”གི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་ལྗོངས་འགྲེམས་སྟེགས་ལ་ཀུན་གྱིས་དོ་སྣང་བླ་ལྷག་གནང་གི་འདུག
“དབུལ་སྐྱོར་འགག་སྒྲོལ་འགྲེམས་ཁང”གི་བོད་ལྗོངས་འགྲེམས་སྟེགས་།
            ཉི་འོད་ནི་གུར་རྩེ་བརྒྱུད་དར་ཚོན་སྣ་ལྔའི་དར་ལྕོག་སྟེང་འཕྲོས་ཡོད་ལ། རྒྱབ་ལྗོངས་གྱང་ངོས་སུ་ངུར་སྨིག་དང་སེར་མདོག་གཉིས་མཉམ་གཅིག་ཏུ་སྡེབ་ནས་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་དཔེ་རིས་བརྒྱུད་མངོན་པར་ཤར་ཡོད། བོད་ཀྱི་བཟོ་བཀོད་དང་གྲོ་སོ་ཕྱེ་མར་གྱི་བཟོ་དབྱིབས་དོད་པའི་ངུར་སྨིག་གི་འགྲེམས་སྟེགས་སྟེང་གངས་ལྗོངས་ཀྱི་ཐོན་རྫས་གཙོ་གྲས་ནས་དང་ལི་གྲོ  མཱ་གའི་ཐོན་རྫས། ཚགས་ཤ འོ་མའི་ཐོན་རྫས་བཅས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚར་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཀྲམས་ཡོད་པ་རེད།
            ད་ལོའི“ཚོགས་འདུ་གཉིས”ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་པ་ཁག་ཏུ་གྲོས་ཞིབ་གནང་སྐབས། “སླད་ཕྱིན་གྱི་ལོ་གཉིས་ནང་དབུལ་སྒྲོལ་འགག་སྒྲོལ་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་འགན་འཁྲི་ལྕི་བ་དང་། ལྷག་མ་ཡོད་དོ་ཅིག་ནི་དབུལ་བོའི་ཁྲོད་ཀྱི་དབུལ་བོ་དང་། དཀའ་གནད་ཁྲོད་ཀྱི་དཀའ་གནད། ཚང་མ་ནི་དཀའ་ཚེགས་ཆེ་ཞིང་གནད་འགག་གི་ལས་འགན་ཤ་སྟག་རེད། དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་གྱིས་གནད་འགག་གི་སྐབས་ལ་སླེབས་ན། དེ་ཙམ་གྱིས་ཡིད་ཆེས་བརྟན་ཞིང་རྒྱལ་ཁ་འཐོབ་པའི་སེམས་ཤུགས་དགོས་ལ། དེ་ཙམ་གྱིས་གཅིག་སྒྲིམ་གྱི་ཆོད་སེམས་བརྟན་པོ་དགོས་ལ། གནད་ཐོག་ཏུ་སྨིན་ནས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱེད་དགོས་པ། དོན་ཐོག་ཏུ་འཁྱོལ་ནས་འབད་བརྩོན་བྱེད་པ། གནད་ཁེལ་ཇུས་བསྟར། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་ཐོག་ཏུ་འགྲུབ་ཐུབ་པ་བྱ་དགོས”ཞེས་བསྟན། བོད་ལྗོངས་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། དེ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་ལ་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྒྱལ་ཡོངས་སུ་དམིགས་བསལ་གྱི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ཆེས་ཆེར་ལྡན་ཡོད།
ཚོང་མགྲོན་རྣམས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟེགས་ལ་རྒྱུས་ལོན་གནང་བཞིན་པ།
            བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནི་པེ་ཅིང་གི་ཁ་གཏད་བོད་སྐྱོར་བྱ་ཡུལ་ཞིག་སྟེ“པེ་ཅིང་དབུལ་སྐྱོར་རོགས་སྐྱོར་ཚོགས་ཆུང་གཞུང་དོན་ཁང་གིས་བོད་ཀྱི་འགྲེམས་ཁང་དུ་དབུལ་སྐྱོར་འགྲེམས་སྟེགས་ཆེད་དུ་བཙུགས་ནས་བོད་ཀྱི་དབུལ་སྐྱོར་ཁེ་ལས་ཀྱི་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པེ་ཅིང་རོགས་སྐྱོར་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་མ་ཤིན་མིང་གིས་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བརྒྱུད་རིམ་ཁྲོད། ས་ཆ་དེ་གའི་ལྷད་མེད་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་ལྡན་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་རིན་གོང་གོང་ཚོད་ཡག་པོར་བཙོང་པའི་ཐད་གླེང་དུས“ལས་ཀ་གཙོ་ཆེ་ཤོས་ནི་ཕྱིར་ཚོང་གི་མ་ལག་དང་དྲ་བ་བཙུགས་ནས་དབུལ་སྐྱོར་ཐོན་རྫས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ལས་གཞན་ད་དུང་ལས་ཁུངས་དང་སློབ་གྲྭ  སྨན་ཁང་། སྡེ་ཁུལ། དམག་སྒར་བཅས་སུ་བསྐྱོད་ཐུབ་པ་བྱ་དགོས”ཞེས་ནན་གྱིས་བསྟན། འགྲེམས་སྟེགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཡང་པིན་གྱིས་གསར་འགོད་པར “ལས་སྟེགས་འདི་བརྒྱུད་མི་དེ་བས་མང་བས་བོད་ལ་ཤེས་རྟོགས་བྱེད་པ་དང་སྦྲགས་དབུལ་སྐྱོར་ཁེ་ལས་ཀྱིས་ཁྲིད་འཐེན་བྱས་པའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་རོགས་རམ་བྱེད་པའི་ནང་ཞུགས་ནས་ཕྱོགས་ཡོངས་ནས་དབུལ་སྐྱོར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་རེ་འབུལ་དགོས”ཟེར།
            ད་ལོའི་ལོ་སྟོད་དུ། པེ་ཅིང་གིས་འཛད་སྤྱོད་ཀྱི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་གཉིས་གཏོད་གསར་གཏོད་ལྟེ་གནས་བཙུགས་ཏེ། དྲ་ཐོག་དང་དྲ་འོག  བརྗོད་བྱ་གཙོ་བོ་ཆེ་གྲས་ཀྱི་ཚོང་གཉེར་བྱེད་སྟངས་གསར་གཏོད་ ཀྱིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནང་འདྲེན་སྤུས་རྟགས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་རོགས་སྐྱོར་བྱ་ཡུལ་ས་ཁུལ་གྱི་ཁྱད་ལྡན་དབུལ་སྐྱོར་གྱི་ཐོན་ལས་འཕེལ་རྒྱས་བཏང་པ་དང་། ད་ལམ། ཞིང་ལས་ལོ་ལེགས་དུས་ཆེན་སྟེང“དབུལ་སྐྱོར་འགག་སྒྲོལ་གྱི་འགྲེམས་ཁང”བཙུགས་ནས“ལག་གདང་སྦྲེལ་ནས་ཕུགས་འདུན་བསྐྲུན་པ་དང་ཐུན་མོང་ཇོག་ཕྱུག་འགྱུར”བརྗོད་བྱ་གཙོ་བོར་བྱས་ནས་། པེ་ཅིང་ཞིང་ལས་ལོ་ལེགས་ཀྱི་དུས་ཆེན་སྐབས་བདུན་པའི་ལས་སྟེགས་ཀྱི་དགེ་མཚན་ལ་བརྟེན་ནས་པེ་ཅིང་གི་གྲོང་མི་དང་། པེ་ཅིང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་མང་ཚོགས་སྔར་བས་དབུལ་སྐྱོར་འགག་སྒྲོལ་ནང་ཞུགས་པར་སྐུལ་སློང་བྱས་ཡོད།
“དབུལ་སྐྱོར་འགག་སྒྲོལ་འགྲེམས་ཁང”གི་བརྗོད་དོན་གཙོ་བོའི་མཛེས་ལྗོངས།
            ངོ་སྤྲོད་བྱས་པར་གཞིགས་ན། “དབུལ་སྐྱོར་འགག་སྒྲོལ་འགྲེམས་ཁང”གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ2304ཡོད་ལ་དེར་པེ་ཅིང་གིས་དབུལ་སྐྱོར་རོགས་སྐྱོར་བྱས་པའི་བོད་ལྗོངས་དང་མཚོ་སྔོན། ནང་སོག་སོགས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དང་ཞིང་ལས་ཁྱད་ལྡན་ཐོན་རྫས། དམངས་སྲོལ་རིག་གནས་སོགས་སྤུས་ལེགས་ཀྱི་ཐོན་ཁུངས་འགྲེམས་སྟོན་བྱས་ནས་འཛད་སྤྱོད་དབུལ་སྐྱོར་དང་ཡུལ་སྐོར་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ཡོད། ནང་དོན་གཙོ་བོ་གསུམ་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནི“བརྗོད་དོན་གཙོ་བོའི་མཛེས་ལྗོངས” ཏེ “ལག་གདང་སྦྲེལ་ནས་ཕུགས་འདུན་བསྐྲུན་པ་དང་ཐུན་མོང་ཐོག་ཕྱུག་འགྱུར་བྱེད་པ”མཚོན་པའི“འབྱོར་འབྲིང་གི་སྡོང་བོ”བརྒྱུད་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས“འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལོན་པའི” ཁྲོད་ལོ་ལེགས་སྨིན་པ་དང་ཕྱུག་འགྱུར་གྱི་འཛུམ་མདངས་མངོན་ཡོད་ཅིང་དེས་ནི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གཏོད་དགོས་པ་མཚོན་ཡོད། གཉིས་ནི“ལག་གདང་སྦྲེལ་ནས་མཉམ་དུ་གཏོད”ཅེས་པ་སྟེ་འགྲེམས་ཁོངས་དེར་ནང་དོན་ཆེ་གྲས7བཙུགས་ཡོད་ལ།འགྲེམས་ལྗོངས་གཏོད་པ་དང་བརྒྱུད་པར་རིས་དང་བརྙན་ལམ་གཏོང་སྤེལ་ཀྱི་བྱེད་ཐབས་སྤྱད་དེ་ས་གནས་དེ་གའི་ཡུལ་སྐོར་དང་ཞིང་ལས་ཁྱད་ལྡན་ཐོན་རྫས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། དམངས་སྲོལ་སོགས་ནང་དོན་འགྲེམས་སྟོན་བྱས་ཡོད། གསུམ་ནི“གྲོང་གསེབ་ཀྱི་ལེགས་སྐྱེས” ཏེ“མཛེས་པའི་ཀྲུང་ཧྭ”དང“གྲོང་གསེབ་ཀྱི་གར་སྟེགས”བཅས་ནང་དོན་གཉིས་བཙུགས་པ་བརྒྱུད། པེ་ཅིང་གྲོང་མིའི་གསོལ་ལྕོག་ཐོག་ལ་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་སྤུས་ལེགས་དང་ལྷད་མེད། ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་ཁྱོན2000ལྷག་བསྐྱལ་ཡོད་པ་དང་། གཉིས་ཕན་གྱི་བྱེད་ཐབས་ལ་བརྟེན་ནས“ལག་གདང་སྦྲེལ་ནས་ཕུགས་འདུན་གཏོད་པའི” དམིགས་འབེན་མངོན་འགྱུར་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག