ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝང་དབྱང་གིས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་ཆོས་ལུགས་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་བ།

2019-05-15 འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་10ཉིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་མི་རིགས་ཆོས་ལུགས་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། མི་རིགས་ཆོས་ལུགས་ཀྱི་གནད་དོན་ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཐད་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་བརྟན་ལྷིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་བཅས་དང་འབྲེལ་བ་ཡོད་ཅེས་ནན་བཤད་གནང། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་ཆོས་ལུགས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏན་ཏན་ཏིག་ཏིག་ངང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། མི་རིགས་ཀྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་ཆོས་ལུགས་བར་གྱི་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
            ཝང་དབྱང་གིས་དུས་རབས་གསར་པའི་མི་རིགས་ཆོས་ལུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་གལ་ཆེ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཀྲུང་ཧྭ་མི་རིགས་ཐུན་མོང་གི་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གིས་རང་རྟོགས་དང་། རང་མོས། རང་བདག་བཅས་ཀྱི་རྨང་གཞིའི་ཐོག་ལེགས་ཉེས་བླང་དོར་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་དགོས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མི་རིགས་ས་ཁུལ་དུ་ཤེས་ལྡན་མི་སྣ་རིགས་སྣ་ཚོགས་གསོ་སྐྱོང་དང་གསོ་སྦྱོང་བྱེད་པ་དང་། མི་རིགས་ས་ཁུལ་ཀྱི་ཐོན་ལས་འཕེལ་རྒྱས་དང་ཁྲོམ་ར་གསར་འབྱེད་བྱེད་རོགས་བྱས་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་འཐབ་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། ཁྲིམས་ལུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱེད་མཁས་པོ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་བ། ངོ་བོ་མི་འདྲ་བའི་འགལ་བ་རིགས་གཉིས་དབྱེ་བ་ནན་པོ་ཕྱེ་ནས་གནད་དོན་གང་ཡིན་པ་དེ་གནད་དོན་དེ་རང་ལ་གཞིགས་ནས་ཐག་གཅོད་བྱེད་པ་ལས་མི་རིགས་ཀྱི་ཤོག་བྱང་གང་བྱུང་དུ་སྦྱར་མི་རུང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “ཁྲིད་སྟོན”ཐད་ལ་བསམ་གཞིགས་གཏིང་ཟབ་དང་། གསལ་པོར་ཤེས་པ། གནད་ལ་འཁེལ་བ་བཅས་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱོན་དང་བྲལ་བའི་ཆོས་ལུགས་ཀྱི་འབྲེལ་བ་བཙུགས་ནས། ཆོས་ལུགས་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་ལ་བློ་གཅིག་སེམས་གཅིག་དང་། དམིགས་ཡུལ་དང་ཁ་ཕྱོགས་ཏང་དང་མཐུན་པ་ཡོང་བར་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྱི་དགོངས་དོན་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་བླང་བྱ་དང་མཐུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པར་འགྲེལ་བརྗོད་གནང་ནས། རང་རྒྱལ་གྱི་ཆོས་ལུགས་ཆེ་གྲས་ཁག་ལ་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ལུགས། ཀྲུང་གོའི་ཉམས་བཅས་ལྡན་པར་བྱེད་དགོས།
            ཝང་དབྱང་གིས་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པའི་འགག་རྩ་ནི་ཏང་དང་མི་ལ་ཐུག་ཡོད། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཆོས་ལུགས་ལས་དོན་ལ་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པ་བྱེད་དགོས། ང་ཚོའི་ཏང་གིས་མི་རིགས་ཆོས་ལུགས་ལས་དོན་བསྒྲུབས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ“མཐུན་སྒྲིལ།—སྐྱོན་བརྗོད།—མཐུན་སྒྲིལ།”བཅས་ཀྱི་བྱེད་ཐབས་སྤྱད་དེ་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྤེལ་བ་བརྒྱུད་མི་སེམས་ཁྱོན་ཡོངས་ནས་གོང་བུར་འགྲིལ་ཐུབ་པ་བྱེད་དགོས། དོན་དངོས་གཞིར་བཟུང་ས་གནས་ཁག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་རྒྱུར་དོ་སྣང་བྱས་ཏེ། མུ་མཐུད་ནས་མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
འབྲེལ་ཡོད་རྩོམ་ཡིག