ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་ཕྱིར་སྡོད་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་དང་མཇལ་འཛོམས་གནང་བ།

2019-05-29 མིག་དམར་རྒྱ་མཚོ།
             ཞི་ཅིན་ཕིང་གིས་སྐབས་དགུ་པའི་འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཛའ་འབྲེལ་ཚོགས་ཆེན་དང་ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་མཛའ་འབྲེལ་ཚོགས་པའི་སྐབས་ལྔ་པའི་ལས་འཛིན་གྱི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་དང་མཇལ་འཛོམས་གནང་བ་དང་། ཝང་དབྱང་མཇལ་འཛོམས་ནང་ཞུགས་གནང་བ།
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྐབས་དགུ་པའི་འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཛའ་འབྲེལ་ཚོགས་ཆེན་དང་ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་སྐབས་ལྔ་པའི་ལས་འཛིན་གྱི་ཚོགས་ཆེན་ཐེངས་དང་པོར་ཞུགས་པར་ཕེབས་པའི་འཐུས་མི་ཡོངས་དང་མཛའ་བརྩེའི་ངང་མཇལ་འཛོམས་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚང་མར་སྤྲོ་སེམས་འཁོལ་པོས་དགའ་བསུ་དང་སྙིང་དབུས་ནས་བཀྲིས་སྨོན་འདུན་ཞུས་གནང་བ་དང་། འཛམ་གླིང་ས་ཕྱོགས་ཁག་གི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་མཇལ་འཛོམས་ནང་ཞུགས་གནང་ཡོད།
             སྔ་དྲོའི་ཆུ་ཚོད་༡༡པར། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲགས་ཡོད། ཞི་ཅིན་ཕིང་སོགས་ནས་འཐུས་མི་རྣམས་ལ་མཛའ་བརྩེའི་ཕྱག་གཏོང་གནང་མཛད་པ་དང་། སྐབས་སྐབས་སུ་གླེང་མོལ་གནང་བ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།
             ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་མཇལ་འཛོམས་ནང་ཞུགས་གནང་བ་མ་ཟད་ཉིན་དེའི་སྔ་དྲོ་འཚོགས་པའི་ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་སྐབས་ལྔ་པའི་ལས་འཛིན་གྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་གསུང་བཤད་གནང་ཡོད། གྲོས་ཚོགས་ཐོག་ཀྲུང་ཧྭ་ཡི་རྒྱལ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཀང་ཨའོ་ཐའེ་གསུམ་དང་ཕྱི་རྒྱལ་གྱི་མཛའ་འབྲེལ་ལས་དོན་ལ་ཐོབ་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། རྒྱ་ཆེའི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་ལས་འཛིན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་དང་། རེས་འཁོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེ་ཟབ་ཏུ་གཏོང་བ། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད། མིའི་རིགས་ཀྱི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
             གྲོས་ཚོགས་ཐོག་ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་། ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པ་དང་ཀྲུང་གོའི་རྒྱ་མཚོའི་ཕྱི་རོལ་གྱི་སྤེལ་རེས་མཐུན་ཚོགས་ཟླ་སྒྲིལ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད། ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་སྒྲིག་ཡིག་སོགས་ཡིག་ཆར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད། གྲོས་ཚོགས་ཐོག་ཡིའུ་ཆོན་ཀྲུང་ཧྭ་ཡི་རྒྱ་མཚོའི་ཕྱི་རོལ་གྱི་མཛའ་འབྲེལ་ཚོགས་པའི་ཚོགས་གཙོར་བདམས་པ་དང་། འདེམས་བསྐོ་བརྒྱུད་ཚོགས་གཙོ་གཞོན་པ་༢༦དང་རྒྱུན་ལས་ལས་འཛིན་༢༣༠བདམས་ཐོན་བྱུང་ཡོད།
             སྐབས་དགུ་པའི་འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཛའ་འབྲེལ་ཚོགས་ཆེན་སྤྱི་ཟླ་༥པའི་ཚེས་༢༩ཉིན་འཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་༩༠ལྷག་ནས་ཕེབས་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་འགན་ཁུར་བ་༤༥༠ལྷག་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
             ཏིང་ཞུའེ་ཞང་དང་། དབན་ཀང་། པ་ཐེར་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག