ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་གིས་སླར་ཡང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་དང་མཇལ་འཛོམས་གནང་བ།

2019-07-23
             རྒྱལ་ཁབ་ཀྱི་ཀྲུ་གཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༢༢ཉིན་གྱི་དགོང་མོ་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་རྒྱལ་དོན་མཚམས་འདྲིར་ཕེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པུ་ཀྲ་པིའི་རྒྱལ་རྒྱུད་འཛིན་མཁན་མུ་ཧན་མུ་ཏེ་དང་སླར་ཡང་མཇལ་འཛོམས་གནང་བ་རེད།
             རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཞི་ལྷོད་དང་མཛའ་མཐུན་གྱི་ངང་ཚུལ་ཁྲོད་ཕྱོགས་གཉིས་པོའི་འབྲེལ་བ་དང་མཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་མུ་མཐུད་དགོངས་འཆར་བརྗེ་རེས་གནང་བ་རེད།
             ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོ་ངོས་གཉིས་ནས་ཕན་འབྲས་ཆེ་བ་དང་། ལེགས་གྲུབས་ལྡན་པའི་སྤེལ་རེས་བྱས་ཏེ་མཉམ་ལས་ཀྱི་འགྲོས་མཐུན་རྣམ་གྲངས་མང་པོར་དཔང་པོ་བྱས་ཡོད་ཅིང་། གྲངས་འབོར་མང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱབས་རྒྱ་ཆེ་བ་སོགས་ཧ་ཅང་མཐོང་དཀོན་པ་ཞིག་རེད། དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་་ཕུན་སུམ་ཚོགས་པ་དང་ཐབས་ཇུས་རང་བཞིན་ཟབ་མོ་ལྡན་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས། ཀྲུང་ཧྭ་ཡི་ཤེས་དཔལ་ནི་ལོ་ངོ་༥༠༠༠ལྷག་ཙམ་རྒྱུན་མཐུད་བྱས་ཡོད་པ་དང་། ཕྱི་ཕྱོགས་ཀྱི་ཤེས་དཔལ་དུ་མ་བསྡུ་ལེན་བྱས་ཏེ་ཁོག་ཡང་དང་གསོག་འཇོག་ཁྲོད་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད། མཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་རྒྱུའི་འགྲོས་འགོ་ནི་ཀྲུང་ཧྭ་ཡི་རིག་གནས་གནམ་འོག་གཅིག་མཚུངས་ཀྱི་ལྟ་བ་ལས་བྱུང་བ་དང་། རྒྱལ་ཁབ་ཁག་དབར་སྤེལ་རེས་མཉམ་ལས་ལ་སྐུལ་དེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པའི་ཆེད་དུ་ཡིན་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྱང་སྒོ་དབྱེ་དང་ཁོག་ཡངས་ཀྱི་སྙིང་སྟོབས་དར་སྤེལལ་བཏང་ཏེ་རིགས་མི་གཅིག་པའི་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་མིག་ལྟོས་བྱེད་རྒྱུར་ལེགས་སྐྱེས་འགལ་ཆེན་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཆེར་ཐོབ་ཡོད། རྒྱལ་ཁབ་གཉིས་པོས་མཐུན་མོང་ཐོག་དཔལ་ཡོན་སྤེལ་རེས་ལ་ཤུགས་སྣོན་རྒྱབ་ཏེ་ཕྱོགས་གཉིས་པོའི་ཁྱོན་ཡོངས་ཐབས་ཇུས་རོགས་ཟླའི་འབྲེལ་བ་ཡུན་བརྟན་ཡོང་འགྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་གཞི་བདེ་དང་མཐུན་སྦྱོར་གོང་འཕེལ་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ཅེས་ནན་བཤད་གནང་ཡོད་པ་རེད།
             མུ་ཧན་མུ་ཏེས། དེ་རིང་སྔ་དྲོ་སྐུ་ཉིད་དང་འགྲོས་མོལ་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་ལ་དོན་སྙིང་ཡང་ཆེན་པོ་བྱུང་། སྐུ་ཉིད་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱ་སྤྱིའི་རྣམ་པའི་ཐད་འཛིན་པའི་ཡང་དག་གནད་འཕིགས་ཀྱི་གཟིགས་ཚུལ་ལས་ང་རང་ལ་ཕན་ཐོག་ཆེན་པོ་བྱུང་། ཕྱོགས་གཉིས་པོའི་མཐུན་མོང་གི་འབད་ཐབས་འོག་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་བྱུང་ཡོད། ང་ཚོས་མཐུན་མོང་ཐོག་སྤེལ་རེས་བྱས་པའི་ཕྱོགས་མང་པོའི་དམ་པ་དོན་གཉེར་གྱི་མཉམ་ལས་འགྲོས་མཐུན་ལ་བདེན་དཔང་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཁེ་དེ་བས་མང་བ་སྐྲུན་ཐུབ་རྒྱུར་ཡིད་ཆེས་ཡོད། ངས་སྐུ་ཉིད་ནས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་མཐུན་མོང་མ་ལག་འཛུགས་རྒྱུའི་ རླབས་ཆེན་གྱི་འགྲོས་འགོར་ཡོངས་སུ་མོས་མཐུན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་པོའི་ཐབས་འཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་མུ་མཐུད་གཏིང་གཟབ་ཏུ་གཏོང་རྒྱུར་མོས་མཐུན་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག