ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འཐུས་ཚོཊ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་བརྟག་ཞིབ་ལ་ཕེབས་པ།

2016-12-22

          2016ལོའི་ཟླ12པའི་ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད2 སྟེང་།《ཀྲུང་གོའི་བོད་ལྗོངས》དུས་དེབ་ཁང་གི་ཨོ་སི་ཁྲུ་ལི་ཡའི་བརྟག་ཞིབ་ཚོགས་པ་ཨོ་སི་ཁྲུ་ལི་ཡའི་ལྟེ་བའི་གྲོང་ཁྱེར་ཁན་པེ་རར་གཞིས་ཆགས་པའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཕེབས་ནས་བོད་འབྲེལ་དཔེ་དེབ་ལ་བརྟག་ཞིབ་གནང་པ་དང་། དཔེ་མཛོད་ཁང་དེ་གའི་ཨེ་ཤེ་ཡ་པུའུ་ཡི་ཀྲུའུ་རེན་མཁྱེན་ལྡན་མ་ཨོའུ་དབྱང་ཏི་ཕེན་ལགས་ཀྱིས་བརྟག་ཞིབ་ཚོགས་པའི་འཚམས་འདྲི་དང་ལེན་གནང་ཡོད་པ་རེད།

          བརྟག་ཞིབ་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་གི་ཨེ་ཤེ་ཡ་པུའུ་རུ་ཀྲུང་གོའི་བོད་འབྲེལ་དཔེ་དེབ་ལ་ཨོ་སི་ཁྲུ་ལི་ཡར་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་སྐོར་གཙོར་བཟུང་ནས་རྟོག་ཞིབ་གནང་འདུག

          མཁྱེན་ལྡན་མ་ཨོའུ་དབྱང་ཏི་ཕེན་གྱིས་འཐུས་ཚབ་ཚོགས་པའི་ཁོངས་མིར་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་འབྲེལ་དཔེ་དེབ་མང་པོ་འགྲེམས་སྟོན་གནང་པ།

          ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་གིས་རང་རྒྱལ་གྱིས་དེ་སྔོན་ལོ་མང་རིང་དཔེ་སྐྲུན་བྱས་པའི་བོད་འབྲེལ་དཔེ་དེབ་འཚོལ་སྡུད་བྱས་ཧ་ཅང་འཐུས་ཚང་ཡིན་འདུག

          དེའི་ཁྲོད་བོད་ཡིག་གི་གནའ་དཔེ་དང་། རིག་གཞུང་བརྩམས་ཆོས། ལོ་རྒྱུས་རིག་གནས། ཡུལ་སྐོར་མཛེས་ལྗོངས་དང་། དུས་དེབ་སོགས་ཅི་རིགས་ཡོད་པ་རེད།
ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འཐུས་ཚོཊ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་དཔེ་མཛོད་ཁང་བརྟག་ཞིབ་ལ་ཕེབས་པ།

          མཁྱེན་ལྡན་མ་ཨོའུ་དབྱང་ཏི་ཕེན་གྱིས། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ལ་ཁོ་ཚོའི་ཨེ་ཤེ་ཡ་པུའུ་ཡི་ཉར་དཔེ་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ་ཀྱི་ཡོད་པ་མ་ཟད། སྤྱི་ལོ1989 ལོར་དུས་དེབ་གསར་དུ་བཏོན་པ་ནས་ད་བར་གྱི་རྒྱ་ཡིག་དང་དབྱིན་ཡིག་པར་མ་གཅིག་ཀྱང་མ་ལུས་པར་ཉར་ཚགས་གནང་ཡོད་ཅེས་བསྟན་བྱུང་། 

          དེ་ཡང་ངོ་སྤྲོད་བྱས་པར་གཞིགས་ན།  《ཀྲུང་གོའི་བོད་ལྗོངས》དུས་དེབ་བཀྲམ་ཐེངས་རེ་རེ་ བཤེར་འབེབས་བྱས་རྗེས་དེ་གའི་དཔེ་མཛོད་ཁང་གི་གྲངས་གཞིའི་མཛོད་དུ་བཅུག་འདུག་ཅིང་། དེ་ཉིད་ཀློག་འདོད་མཁན་སུ་ཡིན་རུང་དེ་ག་ནས་ཐད་ཀར་ཕབ་ལེན་དང་གཡར་ཀློག་བྱས་ཆོག་འདུག

ཤེས་རྟོགས་བྱུང་པར་གཞིགས་ན། ཡི་གེ་དང་པར་རིས་མཉམ་དུ་ཡོད་པའི《ཀྲུང་གོའི་བོད་ལྗོངས》དུས་དེབ་ལ་ཨོ་སི་ཁྲུ་ལི་ཡའི་ཀློག་མཁན་གྱིས་དགའ་བསུ་ཆེན་པོ་གནང་གི་ཡོད་ལ།  ཀློག་མཁན་ནི་དེ་ལས་ཀྱང་བོད་ཀྱི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་བརྗོད་པའི་ནང་དོན་ཤིན་ཏུ་ཀློག་སྤྲོ་བོ་ཡོད་འདུག

          བརྟག་ཞིབ་ཚོགས་པའི་ཚོགས་གཙོ་མཁྱེན་ལྡན་མ་ཀྲོའུ་ཨའེ་མིང་དང་ཨོའུ་དབྱང་ཏི་ཕེན་གཉིས་ནས《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་དེ་བཞིན་དེ་མཚུངས་ཀྱི་བོད་འབྲེལ་དཔེ་དེབ་ཀྱི་ལོ་རྒྱུས་དང་། ད་ལྟའི་དངོས་བབ། ཕྱིས་འབྱུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་བསམ་ཕྱོགས་བརྗེ་རེས་གནང་པ་མ་ཟད།《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་དྲ་ཚིགས། དཔེ་མཛོད་ཁང་གི་མཉམ་ལས་ཁ་ཤས་ཐད་དམིགས་ཕྱོགས་རང་བཞིན་ཡོད་པའི་འབྲེལ་འདྲིས་གནང་པ་རེད།

          མཇུག་མཐར། ཚོགས་གཙོ་ཀྲོའུ་ཨའེ་མིང་གིས་རང་གིས་རྩོམ་གནང་མཛད་པའི《 བོད་ཀྱི་ངག་ཐོག་ལོ་རྒྱུས་སྙན་རྩོམ་གེ་སར་ཐང་ག》 དང་《 ཀྲུང་གོའི་མཚོ་བོད་ལྕགས་ལམ》གཉིས་དཔེ་མཛོད་ཁང་དེ་གར་དྲན་རྟེན་གྱི་སྐྱེས་སུ་ཕུལ་བ།

          མཁྱེན་ལྡན་མ་ཨོའུ་དབྱང་ཏི་ཕེན་གྱིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་མིང་ཐོ་འགོད་པར་སྐུལ་ཞིང་། དེབ་འདི་དག་དཔེ་མཛོད་ཁང་འདི་གར་སྐལ་བའི་རིང་ཉར་ཚགས་བྱེད་རྒྱུ་མ་ཟད། ཨེ་ཤེ་ཡ་པུའུ་དང《ཀྲུང་གོའི་བོད་ལྗོངས》དུས་དེབ་གཉིས་བར་བོད་འབྲེལ་དཔེ་དེབ་ཁྱབ་ཁོངས་ཀྱི་མཉམ་ལས་དེ་བས་མང་པོ་ཡོང་པར་རེ་སྒུག་ཡོད་ཅེས་བསྟན་བྱུང་།
འབྲེལ་ཡོད་རྩོམ་ཡིག