ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་མི་རིཊ་སློབ་གྲྭ་ཆེན་མོའི་ཆོས་ལུཊ་ཞིབ་འཇུག་གླིང་དབུ་བརྙེས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

2017-05-09
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5ཚེས5ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་དབུ་བརྙེས་པའི་མཛད་སྒོ་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཧོང་ཐའེ་ཡན་དང་། མཚན་ཉིད་དང་ཆོས་ལུགས་རིག་པའི་སློབ་གླིང་གི་སློབ་དཔོན་ཆེན་མོ་མའོ་ཀྲུང་ཅེན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཙུང་རུང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཅུས་གཉིས་པའི་ཅུས་ཀྲང་མཱ་ལིད་ཧེས་བཅས་ཀྱིས་ལྷན་དུ་ཞིབ་འཇུག་གླིང་གི་མཚན་བྱང་ཞལ་འབྱེད་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཚན་ཉིད་དང་ཆོས་ལུགས་རིག་པའི་སློབ་གླིང་གི་གླིང་གཙོ་ལིའུ་ཁྲེང་ཡུའུ་ནས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
པར་རིས་ནི་ཀྲུའུ་ཞི་སྟེགས་བུའི་ཐོག་གི་དབུ་བཞུགས་སྐུ་མགྲོན་རྣམས་ཡིན།
པར་རིས་ནི་ཀྲུའུ་ཞི་སྟེགས་བུའི་ཐོག་གི་དབུ་བཞུགས་སྐུ་མགྲོན་རྣམས་ཡིན།
          རྒྱུས་ལོན་བྱུང་བར་གཞིགས་ན། སློབ་དཔོན་ཆེན་མོ་མའོ་ཀྲུང་ཅེན་དང་དཔལ་འབར་རྡོ་རྗེ་རྣམ་གཉིས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་གི་མཚན་འཛིན་གླིང་གཙོའི་ཐུགས་འགན་བཞེས་རྒྱུ་དང་། སློབ་དཔོན་ཆེན་མོ་ཡུའོ་པིན་མཆོག་ནས་གླིང་གཙོའི་ཐུགས་འགན་འཁུར་རྒྱུ་ཡིན་པ་རེད། སློབ་དཔོན་ཆེན་མོ་ཡུའོ་པིན་མཆོག་ནས་མཚམས་སྦྱོར་གནང་བ་ལྟར་ན། ཆོས་ལུགས་ཞིབ་འཇུག་གླིང་གི་མངའ་ཞབས་སུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་རང་བཞིན་གྱི་ཡེ་ཤུའི་ཆོས་ལུགས་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ཞིབ་འཇུག་ལྟེ་གནས། མི་རིགས་ཀྱི་དམངས་ཁྲོད་ཆོས་ལུགས་ཞིབ་འཇུག་ལྟེ་གནས། དད་མོས་དང་ཁེ་ལས་པའི་སེམས་ཁམས་ཞིབ་འཇུག་ལྟེ་གནས། རུའུ་གཞུང་དཔྱད་བསྡུར་ཞིབ་འཇུག་ལྟེ་གནས་བཅས་གསར་དུ་བཙུགས་པ་དང་། དེ་བཞིན་ལོ་སེ་ཨེན་ཌི་སེའི་ལོ་ཡཱ་ལ་པཱ་རི་མན་ཐཱ་སློབ་ཆེན་གྱི་ཨེ་ཞི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཝང་རུང་རུང་མཆོག་རྒྱལ་སྤྱིའི་ཁྱབ་སྤེལ་གླིང་གི་གླིང་གཙོར་གདན་ཞུ་བྱས་ཡོད་འདུག
པར་རིས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་གི་གླིང་གཙོའམ། སློབ་དཔོན་ཆེན་མོ་ཡུའོ་པིན་མཆོག་ནས་མཛད་སྒོའི་གསུང་བཤད་གནང་བའི་རྣམ་པ་ཡིན།
          ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཧོང་ཐའེ་ཡན་ནས་དགའ་བསུའི་ཞུ་མཆིད་ཐོག་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་པའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྐུ་མགྲོན་ཡོངས་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ནས། ཆོས་ལུགས་ཞིབ་འཇུག་ནི་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་དང་འབྲེལ་བ་དམ་ཟབ་ཡོད་ལ། དེ་ཉིད་ནི་ཀྲུང་གོའི་ཆོས་ལུགས་ཞིབ་འཇུག་གི་ཉམས་མྱོང་རྒྱལ་སྤྱིར་ཁྱབ་སྤེལ་གཏོང་བའི་འགན་འཁྲི་གལ་ཆེན་དང་ཡང་འབྲེལ་ནས་ཡོད་པ་ཞིག་ཡིན་པས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། ཆོས་ལུགས་རིག་པའི་ཐད་ཀྱི་རྣམ་དཔྱོད་ཅན་མང་པོ་གསོ་སྐྱོང་བྱས་ཡོད་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་ཆོས་ལུགས་ཞིབ་འཇུག་གླིང་གིས་ངེས་པར་དུ་ཀུན་གྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཀྲུང་གོའི་ཆོས་ལུགས་ཞིབ་འཇུག་ཐད་རང་ནུས་གང་ཡོད་ཀྱིས་ནུས་སྟོབས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།
          ཁྲེན་ཙུང་རུང་མཆོག་ནས་གཏམ་བཤད་གནང་སྐབས་གསུངས་དོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་དབུ་བརྙེས་པ་ནི། གཅིག་ནས་ཆོས་ལུགས་ལས་དོན་གྱི་གོ་བབ་ལ་དམིགས་པའི་ཛ་དྲག་གི་དགོས་མཁོ་དང་མཐུན་པ། གཉིས་ནས་ཀྲུང་དབྱང་གི་དམིགས་ཚད་དང་རེ་སྒུག་དང་ཡང་མཐུན་པས་ན། མ་སྒྲིག་ལྷན་གྲུབ་ཀྱི་གོ་སྐབས་ཤིག་ཡིན་ཞིང་། མི་ཚུལ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་ཧུར་བརྩོན་ལ་བརྟེན་ནས། འདས་པའི་ལོ་ངོ 30 རིང་ལ་ཆོས་ལུགས་ཞིབ་འཇུག་ཐད་གལ་ཆེའི་གྲུབ་འབྲས་ཐོབ་ཡོད། འདི་ལྟའི་རྨང་གཞི་ལེགས་པོའི་ཐོག་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་ནི་རྒྱལ་ཁབ་ཕྱི་ནང་གི་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་གླེང་སྟེགས་ཤིག་ཏུ་འགྱུར་ཏེ། ཁྱབ་ཁོངས་གསར་པ་བསྐྱེད་པ་དང་། ཆུ་ཚད་གསར་པ་ཞིག་ཏུ་སོན་ངེས་པ་ཡིན་ཞེས་གསུངས།
          ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ཀྲོའོ་ཞིན་ཕིང་ནས་གསུངས་པར། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཆོས་ལུགས་རིག་པ་ནི་ཀྲུང་གོའི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་གལ་ཆེའི་རིག་ཚན་བཅུ་གཅིག་ཁྲོད་ཀྱི་གཅིག་ཡིན་ཞེས་གསུངས་པ་ལས། ཆོས་ལུགས་རིག་པའི་རིག་གཞུང་རིན་ཐང་དང་ཆབ་སྲིད་དོན་སྙིང་འབུར་དུ་གཏོད་ཡོད་ལ། ཆོས་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་ནི། རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་བྱེད་ཐབས་རིགས་ཤིག་ཡིན། ཀྲུང་དབྱང་མི་རིགས་སློབ་ཆེན་ཆོས་ལུགས་ཞིབ་འཇུག་གླིང་དབུ་བརྙེས་པ་ནི། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འཕེལ་རྒྱས་གནས་བབ་ལ་གདོང་ལེན་བྱེད་པ་བཅས་ཡིན་པ་མ་ཟད། མཚན་ཉིད་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་ཐད་ཀྱི་འབོད་སྐུལ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག
པར་རིས་ནི་དཔྱད་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་ཡིན།
          མའོ་ཀྲུང་ཅེན་ནས་གཏམ་བཤད་གནང་བར། མིག་སྔའི་ཀྲུང་གོའི་ཆོས་ལུགས་ལམ་བུའི་རྣམ་པ་འདི་ཉིད་ཀྱིས། ནུས་ལྡན་གོ་ཆོད་ངང་ནས་ཆོས་ལུགས་རིག་གནས་བར་གྱི་ཁ་བརྡ་དང་སྤེལ་རེས་ལ་སྐུལ་འདེད་བཏང་ཞིང་། མིའི་རིགས་ཀྱི་ཆོས་ལུགས་ཀྱི་ཐུན་མོང་གི་ལུས་ཤིག་སྔ་ཙམ་ནས་གྲུབ་པར་རྔོ་ཐོགས་པ་ཡིན། ཀྲུང་གོའི་རིག་གནས་ནི་ཞི་བདེ་དང་དཀྱེལ་ཡངས་ཀྱི་རིག་གནས་ཤིག་ཡིན་པས། ཞིབ་འཇུག་གླིང་གི་འགན་ཁུར་ལྕི་ལ་ལམ་བུའང་ཤིན་ཏུ་ཡངས། དེར་བརྟེན་ཆབ་སྲིད་དང་ཆོས་ལུགས། རིག་གཞུང་གསུམ་པོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་རིག་གཞུང་སྡེ་ཁག་གལ་ཆེན་ཁག་དང་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱག་པ།  ཞིབ་འཇུག་ཚན་པ་བར་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ས་ཁུལ་གྱི་སྤེལ་རེས་དང་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས། ཟམ་མ་ཆད་པར་གྲུབ་འབྲས་གསར་པ་གང་ལེགས་སྤེལ་ཏེ། སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་དགོས་ཞེས་གསུངས།
པར་རིས་ནི་ཆོས་ལུགས་ཞིབ་འཇུག་གླིང་གི་གླིང་གཙོ་ཡུའོ་པིན་ནས་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་དགེ་རྒན་ཆེན་མོ་འབྲུག་ལྷ་ལགས་སུ་གདན་ཡིག་འབུལ་བཞིན་པ།
          ཡུའོ་པིན་ནས་ཆོས་ལུགས་ཞིབ་འཇུག་ལ་དམིགས་བསལ་གྱི་རིག་གཞུང་གནས་སྟངས་ཤིག་ཡོད་པའི་དབང་གིས། འདི་ཉིད་ཀྱིས་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་གདོང་གཏུག་དགོས་པ་ཙམ་མ་ཟད། གྲངས་ཉུང་མི་རིགས་ཁག་དང་ཀྲུང་ཧྭ་མི་རིགས་བར་གྱི་འབྲེལ་བར་ཡང་གདོང་གཏད་དགོས་པས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཆོས་ལུགས་ཞིབ་འཇུག་ཉིད་སྔ་བར་ཕྱི་གསུམ་དུ“མི་རིགས་ཀྱི་བརྩེ་སེམས་དང་། ཀྲུང་ཧྭ་ཡི་གྲུབ་ཆ་གཙོ་བོ། འཛམ་གླིང་གི་མི་རྒྱང”བཅས་ཀྱི་སྒྲིག་གཞི་གསུམ་གྱི་ཐོག་ཏུ་གནས་དགོས་པའི་བླང་བྱའང་བཏོན་གནང་བ་རེད།

          པར་རིས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་ཆོས་ལུགས་ཞིབ་འཇུག་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་སྐལ་བཟང་རྒྱལ་དང་ཆོས་ལུགས་ཞིབ་འཇུག་གླིང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ནམ་དགེ་རྒན་ཆེན་མོ་འབྲུག་ལྷ་རྣམ་གཉིས་ལྷན་དུ་སྐུ་པར་སྒྲོན་པ།
 
པར་རིས་ནི་མཛད་སྒོར་ཞུཊ་པའི་སྐུ་མགྲོན་རྣམས་ཀྱིས་དྲན་རྟེན་མཉམ་པར་སྒྲོན་བཞིན་པ།
          ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་དབུ་བརྙེས་པའི་མཛད་སྒོ་འཚོགས་གྲུབ་མཚམས། ཡུའོ་པིན་མཆོག་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཧྲེང་མིན་དང་། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲའོ་ཀོ་ཧཱ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱང་ཧུད་ལིན་སོགས་ཆོས་ལུགས་ཞིབ་འཇུག་གླིང་གི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། ཞིབ་འཇུག་ལྟེ་གནས་ཁག་གི་ཀྲུའུ་རེན། སློབ་གྲྭའི་ནང་ཁུལ་གྱི་གདན་ཞུས་ཞིབ་འཇུག་པ་རྣམས་ལ་གདན་ཡིག་འབུལ་གནང་མཛད་པ་རེད།
          དེ་རྗེས་ཚོགས་ཞུགས་འཐུས་མི་ཚོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཞིབ་འཇུག་གླིང་གི་གོ་བབ་དང་ཕུགས་རྒྱང་། ཇུས་འགོད་བཅས་ལ་གོ་བསྡུར་གནང་ཞིང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་མི་རིགས་གཞུང་ལུགས་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ལིའི་ཧུང་ཅེ། པེ་ཅིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཞོས་ཧྥེང་། ཧྥུའུ་ཅེན་ཞིང་ཆེན་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱལ་གཅེས་ལས་འགུལ་ཨུ་ལྷན་གྱི་ཀྲུའུ་ཞི་ཡོད་ཆིང་ཧཱ་དང་པེ་ཅིང་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ཞིབ་འཇུག་ཚན་པ་དང་མཐོ་སློབ་སོ་སོའི་ཆེད་མཁས་དང་ཤེས་ལྡན་པ་རྣམས་ཆོས་ལུགས་ཞིབ་འཇུག་གླིང་དབུ་བརྙེས་པའི་མཛད་སྒོར་མཉམ་ཞུགས་མཛད་ཡོད་དོ།།
འབྲེལ་ཡོད་རྩོམ་ཡིག