ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བྱ་དགའ་གྱ་ནོམ་པ་འདུག ལམ་སེང་རྩོམ་ཡིག་ཅིག་འབྲི།

2017-05-26
རྩོམ་བསྡུའི་གསལ་བརྡ།
རྩོམ་འབྲིར་དགའ་བ་ཞིག་ཡིན་ན་གོ་སྐབས་འདི་ཅི་ལ་འདོར་སྲིད།

          ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས། བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་ཕ་ཡུལ་གྱི་རྣམ་པ་གསར་པ་གླེང་བ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་བྱ་དགའ་ཡོད་པའི་རྩོམ་བསྡུའི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་པས། སྐུ་ཉིད་བྱེད་སྒོ་འདིར་ཞུགས་རྒྱུར་དགའ་བསུ་ཞུ།
          
          1 རྩོམ་བསྡུའི་དུས་ཚོད།
          སྤྱི་ཟླ་༦པའི་ཚེས་༡ཉིན་ནས་སྤྱི་ཟླ་༧པའི་ཚེས་༣༠ཉིན་བར་ཡིན་ཞིང་། སྤྱི་ཟླ་༧པའི་ཚེས་༣༠ཉིན་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ། སྤྱི་ཟླ་༨པའི་ཚེས་༡ཉིན་ནས་སྤྱི་ཟླ་༨པའི་ཚེས་༢༠ཉིན་བར་རྩོམ་ཡིག་དཔྱད་འདེམས་བྱ་རྒྱུ།
 
          2རྩོམ་བསྡུའི་ནང་དོན།
རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལྟར་ཕ་ཡུལ་གྱི་རྣམ་པ་གསར་པ་བརྗོད་ཆོག་ལ། ད་དུང་མི་སྣ་ཞིག་གམ་ཡང་ན་བྱ་དངོས་ཤིག་གི་ཐོག་ནས་གཙོ་བོ་ཉེ་བའི་ལོ་ལྔའི་རིང་དང་ཡང་ན་དེ་ལས་རིང་བའི་དུས་ཚོད་ནང་གི་ཕ་ཡུལ་གྱི་འཕོ་འགྱུར་མཚོན་པར་བྱ་ཆོག དེ་ཡང་ངེས་པར་དུ་བརྗོད་བྱ་གཙོ་བོ་འཛིན་ཐུབ་པ་དང་། དོན་དངོས་གནས་ཚུལ་གྱི་གཞི་རྟེན་ཡོད་པ། གནས་ཚུལ་དངོས་དང་བསམ་ཚུལ་དངོས་མཚོན་པ་བཅས་ཡིན་དགོས།
 
          3 རྩོམ་བསྡུའི་རེ་བ།
          1.རྩོམ་བོད་ཡིག་ཐོག་ནས་འབྲི་དགོས།
          2.རྩོམ་ཡིག་དེ་དངོས་འབྲིའི་རྩོམ་རིག་དང་། ལྷུག་རྩོམ། འབོལ་རྩོམ་བཅས་གང་རུང་གིས་ཆོག་པ་དང་། རྩོམ་གྱི་རིང་ཐུང་ཡིག་འབྲུ་ལྔ་སྟོང་ལས་མི་བརྒལ་བ་དགོས།
          3.རྩོམ་ཡིག་གློག་རྡུལ་དཔར་མ་བསྐུར་མཁན་རྣམས་ནས་ཧེ་མ་ལ་ཡའི་ཡིག་གཟུགས་ཐོག་ནས་བསྐུར་གནང་དགོས།
          4.རྩོམ་ཡིག་གི་མཇུག་ཏུ་ཁྱེད་རང་གི་མཚན་དང་། ཞལ་པར་ཨང་གྲངས། ལས་ཁུངས་དང་གནས་ཡུལ་བཅས་ཞིབ་ཕྲ་འགོད་གནང་དགོས།
 
          4 བྱ་དགའི་རྣམ་གྲངས་བཀོད་སྒྲིག
          ང་ཚོར་འབྱོར་བའི་རྩོམ་ཡིག་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་གསུམ་དང་། གཉིས་པ་ལྔ། གསུམ་པ་བཅུ་བཅས་དཔྱད་འདེམས་བྱ་རྒྱུ་དང་།
          བྱ་དགའ་ཨང་དང་པོར་སྒོར་༥༠༠༠དང་། ཨང་གཉིས་པར་སྒོར་༣༠༠༠ ཨང་གསུམ་པར་སྒོར་༡༠༠༠བཅས་འབུལ་རྒྱུ་དང་། བྱ་དགའ་ཨང་དང་པོ་ནས་གསུམ་པ་ཐོབ་མཁན་ལ་ད་དུང་བྱ་དགའི་དཔང་ཡིག་ལག་ཁྱེར་འབུལ་རྒྱུ།
 
          5 རྩོམ་ཡིག་བེད་སྤྱོད།
          བྱ་དགའ་ཐོབ་པའི་མིང་ཐོ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་སོགས་འབྲེལ་ཡོད་སྨྱན་སྦྱོར་ཐོག་ནས་ཁྱབ་བསྒྲགས་ཞུ་རྒྱུ་དང་། སྐབས་དེ་དུས་བྱ་དགའ་ཐོབ་མཁན་ལ་བྱ་དགའི་དཔང་ཡིག་དང་བྱ་དགའི་དངུལ་སྤྲོད་རྒྱུ། གཙོ་གཉེར་སྡེ་ཚན་ལ་རྩོམ་བསྡུའི་མ་ཡིག་ཡོངས་རྫོགས་བེད་སྤྱོད་གཏོང་དབང་ཡོད་པ་མ་ཟད། རྩོམ་ཡིག་ལེགས་གྲས་ཁག་ཅིག་ངེད་རླུང་འཕྲིན་འཕྲིན་ལམ་དང་། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་བརྒྱུད་གཏོང་དང་བརྒྱུད་འགོད་བྱ་རྒྱུ་མ་ཟད། འབྲེལ་ཡོད་དྲ་ཚིགས་དང་། དུས་དེབ་ལ་འོས་སྦྱོར་བྱ་རྒྱུ།
 
          6 རྩོམ་ཡིག་བསྐུར་ས།
          བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྔ་ཆེན་ལམ། བོད་ལྗོངས་སྤང་རྒྱན་མེ་ཏོག་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི།
 
སྦྲག་སྲིད་ཁ་བྱང་། 850000 
གློག་རྡུལ་ཡིག་སྒམ། bjmdwhcy@163.com
འབྲེལ་གཏུག་ཞུ་ཡུལ། ཨ་གཡང་ཚེ་རིང་།
ཁ་པར། 13908906816
འབྲེལ་ཡོད་རྩོམ་ཡིག