ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཁོར་ཡུག་གཙང་སྦྲ་ལེགས་བཅོས། མཛེས་སྡུག་རྨ་ཆུ་མཉམ་སྐྲུན།

2017-09-20 ལྷ་མོ།

རྨ་ཆུའི་མཛེས་ལྗོངས།
          རྨ་ཆུ་རྫོང་ལ་ཐོན་དུས་གྲལ་དག་ཅིང་ཉམས་དགའ་བའི་བོད་ལུགས་ཀྱི་སྡོད་ཁང་དང་ལམ་འགྲམ་གྱི་གློག་སྒྲོན་གྱིས་སྟར་ཕྲེང་བསྒྲིགས་ཡོད་ཅིང་། ཨར་འདམ་བྱུགས་པའི་ལམ་ངོས་གཙང་མ་སོགས་ཀྱིས་རྨ་ཆུའི་རང་བྱུང་གི་མཛེས་སྡུག་མངོན་པར་མཐོང་ཐུབ། 2015ལོ་ནས་བཟུང་། རྨ་ཆུ་རྫོང་གིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་ཡུལ་དངོས་ལྟ་སྦྱོང་དང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ཤིང་། འགོ་ཁྲིད་ལ་ཤུགས་བསྣན་ནས་དོ་དམ་དང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བྱ་ཐབས་སྣ་ཚོགས་ཞིབ་ཕྲ་ཅན་དུ་བསྒྱུར་ནས། ནན་ཏན་སྒོས་རྨ་ཆུ་རྫོང་གི༼    ཉིན་བརྒྱའི་མཉམ་འབྲེལ་ལེགས་བཅོས་ཆེན་མོའི་ ༽  བྱ་འགུལ་སྤེལ་ཞིང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། རྫོང་ཡོངས་ཀྱི་ཤང་གི་གྲོང་རྡལ་སོ་སོ་དང་། རྫོང་གི་ཉེ་འདབས་སོགས་སུ་ཁོར་ཡུག་གཙང་སྦྲའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དང་ཡུལ་དངོས་སུ་གྲུབ་འབྲས་རྩད་གཅོད་བྱས་ཤིང་། དྲིལ་བསྒྲགས་ཡིག་རིགས་འགྲེམ་སྤེལ། རྫོང་བརྙན་འཕྲིན་ཁང་དུ་སྤྱོད་ཚུལ་ངན་པ་གསལ་སྟོན་བྱེད་པའི་སྟེགས་བུ་བཙུགས་ཏེ། དུས་ཐོག་ཏུ་༼   བཙོག་རྙོག་ཞན ༽  གསུམ་གྱི་རྣམ་པ་སོ་སོ་གསལ་སྟོན་བྱས།
སྲང་ལམ་གཙང་སྦྲ་བྱེད་བཞིན་པ།
          ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཕྱིར་རྨ་ཆུ་རྫོང་གི་འབྲོག་པ་དང་ལས་བྱེད་པ། གྲྭ་བ། སློབ་མ་སོགས་ཀྱིས་རང་འགུལ་རང་རྟོགས་སྒོས་རྩ་འཛུགས་བྱས་ཏེ་མཁར་གྲོང་དང་སྲང་ལམ། གཞུང་ལམ། ཆུའི་བཞུར་རྒྱུན་སོགས་སུ་གད་སྙིགས་གཙང་སྦྲ་བྱས་ཤིང་། རྫོང་གི་མི་སུ་ཡིན་རུང་གད་སྙིགས་གང་འདོད་དུ་མི་འཕེན་པའི་འདུ་ཤེས་ཟབ་མོ་ཆགས་ཡོད་ལ། མཛེས་ཤིང་སྡུག་པའི་ཁོར་ཡུག་གཅེས་སྐྱོང་དང་། མཛེས་པའི་ཁྱིམ་གཞི་བསྐྲུན་རྒྱུ་ནི་རྨ་ཆུ་རྫོང་གི་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར། གཞན་ཡང་། ལྗང་མདོག་ཐཱན་ཉུང་དང་། དཔལ་ཡོན་བདེ་ཐང་གི་འཚོ་བའི་རྣམ་པ་དར་སྤེལ་དང་།  སྤྱི་ཚོགས་ཀྱི་རིགས་སོ་སོ་སྐུལ་སློང་བྱས་ནས“མཛེས་སྡུག་གི་རི་ཆུ་ནི་གསེར་དངུལ་གྱི་རི་བོ་དང་གཉིས་སུ་མ་མཆིས་ཞེས་པའི་འདུ་ཤེས་བསྐྲུན་ཏེ། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལེགས་བཅོས། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་གི་འཚོ་བ་རང་འགུལ་གྱིས་རོལ་ཞིང་། ལྗང་མདོག་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱས་ནས། རྨ་ཆུའི་མང་ཚོགས་ཀྱི་མཛེས་སྡུག་གི་གཞིས་ཁྱིམ་བསྐྲུན་པའི་སྤོབས་སེམས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། ནམ་མཁའ་སྔོ་ལ་ས་གཞི་མཛེས་པ། ཆུ་བོ་དྭངས་ཤིང་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་རྨ་ཆུ་གསར་བ་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱེད་བཞིན་ཡོད།
ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མི་ཀུན་གྱི་སེམས་སུ་འཇགས་ཡོད།
ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མི་ཀུན་གྱི་སེམས་སུ་འཇགས་ཡོད།
ཁོར་ཡུག་གཙང་སྦྲ་ལེགས་བཅོས། མཛེས་སྡུག་རྨ་ཆུ་མཉམ་སྐྲུན།
འབྲེལ་ཡོད་རྩོམ་ཡིག