ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

【ཚོགས་ཆེན་གཉིས་ལ་དོ་སྣང་།】བོད་ལྗོངས་ཀྱི་སློབ་གསོ་ནི་བགྲོད་ལམ་ཧྲིལ་པོར་བདེ་བླག་ངང་མདུན་དུ་སྐྱོད་བཞིན་པ།

2018-03-19 བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། སློབ་གསོ་ནི་དམངས་འཚོའི་གནད་དོན་གལ་ཆེན་ཡིན་ལ།  སློབ་གསོས་འབྱུང་འགྱུར་ལ་སྣེ་ཁྲིད་ཀྱི་ཡོད་པ་རེད། དྲང་སྙོམས་ཡིན་ཞིང་སྤུས་ཚད་ལྡན་པའི་སློབ་གསོ་འཕེལ་རྒྱས་ཡོང་རྒྱུ་ནི་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུའི》གཙོ་གནད་གྲས་ཤིག་ཡིན་ལ། དེའི་ཞིབ་ཕྲའི་ནང་དོན་དེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོའི་ངོས་ནས་བརྗོད་ན་མྱོང་ཚོར་ཟབ་མོ་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ། 
           “ངས་ཡུན་རིང་བརྟག་ཞིབ་བྱས་པ་ལས། ཞིང་འབྲོག་མང་ཚོགས་མང་པོ་ཞིག་ལྷ་སར་གཞིས་སྡོད་ལ་གནས་སྤོར་བྱེད་དོན་ནི་རང་ཉིད་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་མིན་ལ་བསམ་བློ་གཏོང་པ་མིན་པར། རང་གི་བུ་ཕྲུག་གིས་སློབ་གྲྭ་ལེགས་ཤོས་ཤིག་འདོན་ཐུབ་མིན་དེ་ལ་བསམ་བློ་གཏོང་གི་ཡོད་དེ། སློབ་གསོའི་ཐོན་ཁུངས་སྤུས་ལེགས་ནི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ངོས་ནས་བརྗོད་ན་འབོད་སྐུལ་ནུས་པ་ཆེན་པོ་ལྡན་པ་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས། ངེས་པར་དུ་སྤྱི་པའི་ཞབས་ཞུ་སྤུས་ལེགས་འདོན་སྤྲོད་བྱ་རྒྱུ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་འགག་གནད་དོན་གྱི་གྲས་ཀྱི་གཅིག་ལ་འཛིན་དགོས་ཤིང་། ལྷག་པར་དུ“གནས་དེའི་ས་ཆུའི་གནས་དེའི་མི་རྣམས་སྐྱོང་མི་ཐུབ་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་འགན་ལ་གདོང་གཏད་དུས་། གནས་སྤོ་ཡུལ་ས་ཆའི་སློབ་གྲྭ་ཡག་པོ་སྐྲུན་དགོས་ཤིང་། དེ་ལྟར་བྱས་ན་ཞིང་འབྲོག་མང་ཚོགས་གནས་སྤོ་བྱེད་པའི་ཧུར་སེམས་ལ་སྐུལ་སློང་ཆེན་པོ་བྱེད་ཐུབ་ཅེས་ངོས་འཛིན་བྱེད་ཀྱི་འདུག
           ”རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་སློབ་ཁྲིད་ཀྱི་ལས་ཀར་གཞོལ་ནས་ལོ་ངོ27ཕྱིན་ཡོད་ལ། དེའི་རིང་དུ་གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད། ཁོང་གིས། ཆབ་མདོ་བཅིངས་གྲོལ་བཏང་ནས་ལོ་ངོ60ལྷག་ཙམ་རིང་། ཆབ་མདོའི་སློབ་གསོའི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད།  སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་རྗེས་། བཀྲ་ཤིས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་པར”བག་ཆགས་ཟབ་མོ་བྱུང་ཡོད་དེ། ཁོང་གིས། རྒྱལ་ཁབ་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་བཏང་ཡོད་ཅིང་། བོད་ལྗོངས་ཀྱི་གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཁོ་བོ་ནི་གཞི་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དེ་བས་ཡིད་ཆེས་སྐྱེས་བྱུང་། “འཆར་འགོད་ལ་གཞིགས་ན།  ཆབ་མདོ་གྲོང་ཁྱེར་དུ་ད་དུང་སློབ་ཆུང་ཞིག་བསྐྱར་དུ་འཛུགས་འཆར་ཡོད་ཅིང་། སྐབས་དེ་དུས་བྱིས་པ་དེ་བས་མང་པོས་སློབ་ཁྲིད་ཀྱི་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་ཐུབ”ཅེས་བརྗོད་བྱུང་།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བོད་ལྗོངས་ཀྱི་སློབ་གསོ་ནི་བགྲོད་ལམ་ཧྲིལ་པོར་བདེ་བླག་ངང་མདུན་སྐྱོད་བྱས་ཡོད་ཅིང་། རྒྱལ་ཡོངས་ཀྱི་སྔོན་དུ་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་གནང་པ་དང་། སློབ་གསོའི་ཐད་ནོར་སྲིད་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས22.9%འཕར་བ་དང་།  ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་སུ་སློབ་བསྡུ་བྱེད་ཚད75.4%ལ་སླེབས་པ། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར1000ལ་སླེབས་ནས་སྐད་གཉིས་སློབ་གསོ་ནི་སློབ་མཚམས་ཡོངས་སུ་ཁྱབ་གདལ་མངོན་འགྱུར་བྱུང་ཡོད་པ་རེད། 
           2016ལོའི་ཟླ4པར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་།སློབ་གསོས་བོད་སྐྱོར་བྱེད་སྟངས་གསར་པ་བཏོད་ནས་བོད་ལྗོངས་ཀྱི་སློབ་གསོའི་གོང་འཕེལ་གཏོང་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད་ཅིང་། པེ་ཅིང་དང་ཧྲང་ཧའེ། ཧུའུ་ནན། ཧེ་ལུང་ཅང་། ཅི་ལེན། ཧྲན་ཏུང་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17དང་། སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་གི་སྐོར་ཁག་དང་པོའི་དོ་དམ་མི་སྣ88དང་། དེ་བཞིན་དགེ་རྒན712ལོ་དེའི་སྟོན་དུས་སློབ་འགོ་ཚུགས་དུས་ཡོངས་རྫོགས་ལས་གནས་སུ་འབྱོར་ནས་ལས་ཀ་སྤེལ་འགོ་ཚུགས་ཤིང་། དེ་དང་དུས་མཚུངས་སུ། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་གོ་བརྗེ་འདེམས་གཏོང་གནང་པའི་རྐང་འཛིན་དགེ་རྒན་དང་སློབ་གྲྭའི་དོ་དམ་ལས་བྱེད་པ410་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། སློབ་གསོ་པུའུ་ཡི་ཐད་གཏོགས་སློབ་ཆེན་གྱི་ཟུར་གཏོགས་སློབ་གྲྭ་འབྲིང་ཆུང་དུ་ལས་གནས་སུ་འབྲངས་ཏེ་གསོ་སྦྱོང་གནང་པ་རེད།
གྱོན་ཆས་ལེགས་པར་སྤྲས་པའི་ཉིང་ཁྲི་མཐོ་འབྲིང་གཉིས་པའི་སློབ་མ།
           ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བའི་ཉང་ཆུའི་འགྲམ་རྒྱུད་དུ་ཆགས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་ནི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་གྱི་རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་གྲས་ཀྱི་གཅིག་ཡིན་ལ། 2016ལོའི་སྟོན་ཁར།  ཆིང་ཧྭ་སློབ་ཆེན་དང་པེ་ཅིང་དགེ་འོས་སློབ་ཆེན། ནན་ཁའེ་སློབ་ཆེན། ཐེན་ཅིན་སློབ་ཆེན། ལྷོ་ནུབ་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་བོད་སྐྱོར་དགེ་རྒན16ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པར་འབྱོར་ནས། ལོ་ངོ་གཅིག་ལྷག་ཙམ་རིང་།  བོད་སྐྱོར་དགེ་རྒན་ཚོགས་པ་འདིས་ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པར“ཡུལ་བབ་དང་བསྟུན་པ་དང་། དགའ་ནུས་དང་བསྟུན་ནས་སློབ་ཁྲིད་བྱེད་པའི”བསམ་ཕྱོགས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་གཏིང་ཟབ་ཏུ་སྤེལ་བ་དང་། ཆིང་ཧྭ་ཟུར་གཏོགས་སློབ་འབྲིང་ནས་ཡོང་པའི་དགེ་རྒན་ལའོ་ཙུང་ཡུང་ནི་བོད་སྐྱོར་དགེ་རྒན་ཡོངས་ཀྱི་སྣེ་ཁྲིད་པ་རེད།
དགེ་རྒན་ཞའོ་ཅན་ཧྭ་ནི་ལུས་རྩལ་སློབ་ཁྲིད་སྟེང་སློབ་གྲོགས་རྣམས་དང་མཉམ་དུ་ཡོད་པ།
           “ལོ་རིམ་ཀྲུའུ་རེན་གྱིས་འགན་འཁུར་བའི་ལམ་ལུགས”ཀྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་ལག་ལེན་བྱ་རྒྱུ་དང་། སྦྱོང་འདྲེན་གཞི་རྟེན་དུ་བྱས་པའི“20+20”སློབ་ཁྲིད་སྒྱུར་བཅོས་བྱེད་པ། “སློབ་ཁྲིད་གཉིས་པ”བཀོད་སྒྲིག་བྱས་ནས་བོད་རིགས་སློབ་མའི་རང་རྟོན་གསོ་སྐྱོང་བྱེད་པ། བོད་ལྗོངས་ཀྱི་མཐོ་རྒྱུགས་བཅོས་སྒྱུར་བསུ་བ་དང་། “དགའ་མོས་དང་བསྟུན་པའི་སློབ་ཁྲིད་དང་།  འཛིན་གྲྭ་ལྟར་རིམ་བགོས་སློབ་གསོ”ཚོད་ལྟ་བྱེད་པ།  ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ཚད་ལྡན་དུ་གཏོང་པ་བརྒྱུད་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་པ། “བརྗོད་དོན་ལྟ་བུའི”སློབ་དཔྱོད་རྣམ་པ་ལྟར་སློབ་དཔྱོད་ཚན་པའི་བྱེད་སྒོ་ཚད་ལྡན་དུ་བཏང་ནས་ཐུན་མོང་གི་སློབ་ཁྲིད་གྲ་སྒྲིག་ཕན་འབྲས་ཇེ་མཐོར་གཏོང་པ། རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་དགེ་རྒན་སྙིང་དོན་ཅན་གྱི་འཕེལ་རྒྱས་ལམ་བུ་བསྐྱོད་པར་ཁྲིད་སྟོན་བྱེད་པའོ།
           ལའོ་ཙུང་ཡུང་གིས་ལོ་ངོ་གཅིག་རིང་ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་སྐྱོར་གྱི་ལས་ཀའི་གཙོ་གནད་ ལ་ཕྱོགས་བསྡོམས་བྱེད་སྐབས་མང་པོ་ཞིག་གསུང་བྱུང་སྟེ། ཉིང་ཁྲི་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་སྐྱོར་ཚོགས་པ་ཙམ་གྱིས་མི་ཚད་པར། མིག་སྔར།  “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་ནི་ལྷ་ས་དང་གཞིས་རྩེ། ལྷོ་ཁ་གྲོང་ཁྱེར་སོགས་སུ་ཕན་འབྲས་ཐོན་པའི་བྱེད་ཐབས་དང་ཉམས་མྱོང་ལེགས་པོ་མང་པོ་བསགས་ཡོད་ཅིང་།  བོད་ལྗོངས་མི་སེར་གྱིས“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཞེས་འབོད་ཀྱི་ཡོད་པ་རེད།
           ཤེས་རྟོགས་བྱུང་པར་གཞིགས་ན།   དེང་སྐབས། བོད་ལྗོངས་ཀྱིས་མཐོ་རིམ་སློབ་གསོའི“ཚོགས་པ་ཅན” དང་ལས་རིགས་སློབ་གསོའི་ཁ་གཏད་རོགས་སྐྱོར། རྨང་གཞིའི་སློབ་གསོའི“ཚོགས་སྒྲིག་རྣམ་པ།”  སློབ་གསོ་པུའུ་ཡི་ཐད་གཏོགས་སྡེ་ཚན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱོན་ཡོངས་ལ་ཁྱབ་པའི་སློབ་གསོའི་རོགས་སྐྱོར་སྒྲོམ་གཞིའི་མ་ལག་བཙུགས་ཟིན་ལ།  ཕྱིས་འབྱུང་གངས་ལྗོངས་ས་མཐོའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འགྲེངས་པར་སྔར་བས་རེ་སྨོན་ཆེན་པོས་ཁེངས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག