ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱི་རྫོང་དང་ས་ཁུལ་༧༤ལ་ཟས་རིགས་བདེ་འཇགས་ལྟ་སྐུལ་ཚད་ལེན་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ།

2018-03-21 ཚེ་རིང་གིས་བསྒྱུར།
          གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་མཉམ་འབྲེལ་གྱི་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུའུ་དང་རང་སྐྱོང་ལྗོངས་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་གིས་《བོད་རང་སྐྱོང་ལྗོངས་ཀྱི་༢༠༡༨ལོའི་ཟས་རིགས་བདེ་འཇགས་ལྟ་སྐུལ་ཚད་ལེན་འཆར་གཞི་》དཔར་འགྲེམས་བྱས་པ་དང་། ༢༠༡༨ལོའི་བོད་ལྗོངས་ཀྱི་ཉེན་ཁ་ཡོད་པའི་ཟས་རིགས་བདེ་འཇགས་ལྟ་སྐུལ་ཚད་ལེན་གྱི་ལས་དོན་དངོས་སུ་བཀོད་སྒྲིག་བྱས།
          ལས་བགོས་འགན་འཁྲི་ལྟར་འཕྲོད་བསྟེན་སྡེ་ཁག་གིས་དབུ་ཁྲིད་དེ་ཚད་ལེན་འཆར་གཞི་གཏན་ཁེལ་བྱས་པ་དང་།  འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་སྡེ་ཁག་གི་ལྟ་སྐུལ་ཚད་ལེན་བྱེད་རྒྱུ་རེད།  ༢༠༡༨ལོར་ལྗོངས་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་ཚད་ལེན་གྱི་ཟས་རིགས་༢༥ཚད་ལེན་ཁྱབ་གདལ་དུ་གཏོང་རྒྱུ་དང་། ཞིང་ལས་ཐོན་རྫས་དང་ཟས་རིགས་ལས་སྣོན།  འགྲོ་རྒྱུགས་སོགས་རང་སྐྱོངས་ཀྱི་རྒྱུན་བཀོལ་ཟས་རིགས་ལ་ཚད་ལེན་ཁྱབ་གདལ་དུ་གཏོང་རྒྱུ་རེད།  ཚད་ལེན་གྱི་འགན་འཁྲི་ནི་ཚད་ལེན་གྱི་ནུས་པ་དང་ཚད་ལེན་གྱི་རེ་བ་ལྟར་རང་སྐྱོང་ལྗོངས་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་གྲོང་ཁྱེར་(ས་ཁུལ་)༧གྱི་འཆར་ལྡན་བུ་བཙའ་ཨུ་ལྷན་དང་བགོ་བཤའ་བྱེད་རྒྱུ་རེད། 
          ལྟ་ཞིབ་ཚད་ལེན་སྒྲིག་བཀོད་ལ་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙལ་ཨུ་ལྷན་གཉིས་ཀྱི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན།  མི་འགྱངས་པར་“མངོན་གསལ་དོད་པོ་གསུམ་”དང་“ཁྱབ་གདལ་གསུམ་།”བརྩོན་ལེན་བྱ་རྒྱུ་ཡིན་པ་དང་།  མངོན་གསལ་དོད་པོའི་ཚད་ལེན་གྱིས་མ་ཁེབས་པའི་རྫོང་དང་ས་ཁུལ་དང་འགག་གནད་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཀྱི་རྫོང་དང་ས་ཁུལ་ཡོངས་སུ་ཚད་ལེན་བྱ་བ་ཁྱབ་གདལ་དུ་གཏོང་རྒྱུ་དང་། མངོན་གསལ་དང་ཉེན་ཁ་ཅན་གྱི་ཟས་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ལ་བཟའ་བཅའི་རིགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་པ་གཞི་རྩའི་སྟེང་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ་དང་། མངོན་གསལ་ཡིན་པའི་ཟས་རིགས་འགྲོ་རྒྱུག་ཆེ་བ་དང་ཟས་ལ་བརྟེན་ནས་ནད་རིགས་འབྱུང་བའི་ཁྱད་ཆོས་ལ་ལྟ་ཞིབ་ཚད་ལེན་གྱི་དུས་རིམ་ལོ་ཧྲིལ་པོར་ཁྱབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་པར་བསྟན། 
           “༢༠༡༨ལོར་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཚད་ལེན་ནི་མངོན་གསལ་དོད་པོའི་ལྟ་ཞིབ་ཚད་ལེན་གྱི་ཐད་ཞན་ཆ་ཆེ་བའི་རྫོང་དང་ས་ཁུལ་ལ་སྤེལ་རྒྱུ་ཡིན་པ་དང་།  ན་ནིང་ཚད་ལེན་གྱིས་མ་ཁེབས་པའི་རྫོང་དང་ས་ཁོངས་ལ་ད་ལོ་ངེས་པར་དུ་ཚད་ལེན་བྱ་བ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་པ་མ་ཟད།  ལྗོངས་ཡོངས་ཀྱི་རྫོང་དང་ས་ཁུལ་༧༤ལ་ཁྱབ་གདལ་དུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་”ཞེས་དང་།  འགན་འཁུར་པས་དེ་ལྷན་དུ་ངོ་སྤྲོད་བྱས་དོན།  རྩམ་པ་དང་ཤ་སྐམ་རིགས་གཉིས་ལ་དམིགས་ནས་ས་གནས་ཀྱི་ཚད་གཞི་ལྡན་པའི་བོད་ལྗོངས་ཀྱི་ས་གནས་ཁྱད་ལྡན་ཟས་རིགས་སྤེལ་བའི་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཚད་ལེན་གསར་སྤེལ་དང་། ཚད་ལྡན་གྱི་རྗེས་འདེད་གདེང་འཇོག་དང་ལམ་ལུགས། བཟོ་བཅོས་ཀྱི་ལས་ཀར་གཞི་འཛིན་ས་ཞིག་འདོན་སྤེལ་བྱེད་རྒྱུ་ཡིན་ ”ཞེས་བཤད། 
          གཞན་ཡང་བོད་རང་སྐྱོང་ལྗོངས་ཀྱིས་དབྱར་ཁ་དང་སྟོན་ཁར་ཟས་ལ་བརྟེན་ནས་བྱུང་བའི་ནད་ཡམས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་དང་དེ་མཚུངས་སུ་ས་གནས་ཀྱི་སྨན་ཁང་སོ་སོར་ལོ་ཧྲིལ་པོར་དུས་རིམ་ཡོངས་སུ་ཟས་ལ་བརྟེན་ནས་བྱུང་བའི་ནད་ཡམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་སྤེལ་བ། ལྟ་ཞིབ་ཚད་ལེན་གྱིས་ནད་དཔེར་གཅིག་རྟོགས་ཚེ། ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་གཅིག་ཡོངས་འགྲུབ་བྱེད་དུ་བཅུག་སྟེ། ཧུར་ཐག་གིས་ལྟ་ཞིབ་ཚད་ལེན་གྱིས་ཕྱོགས་ཡོངས་ལ་ཁྱབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག