ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ནས་སླེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།

2018-03-21 བྱམས་པས་བསྒྱུར།
            ཟླ་3པའི་ཟླ་དཀྱིལ་དུ། མཐོ་སྒང་ནས་པེ་ཅིང་དུ་སླེབས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་པའི་བོད་ལྗོངས་ཀྱི་“ཚོགས་ཆེན་གཉིས་”ཀྱི་འཐུས་མི་སྒྲོལ་དཀར་དང་ཚེ་རིང་གཡང་འཛོམས། སྐལ་བཟང་བདེ་སྐྱིད་བཅས་ཀྱིས་《ཀྲུང་གོའི་བོད་ལྗོངས་》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་བཅར་འདྲི་དང་ལེན་བྱས། པར་ཆས་ཀྱི་མདུན་དུ་ཁོ་མོ་ཚོས་འཛུམ་མདངས་ལྷུག་པོར་གྲོལ་ཞིང་བབ་ཆགས་པའི་སྐད་ཆས་རང་ཉིད་ཀྱི་མཚར་ལོངས་དང་ལས་ཀའི་འགན་ནུས་རིམ་པ་ངོ་སྤྲོད་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཟི་ཉམས་ངོམ།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར།
            འཐུས་མི་སྒྲོལ་དཀར་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོར་མཚར་ལོངས་བྱུང་བ་ཡིན། ཨ་ཕ་སངས་རྒྱས་ཆོས་པས་མཐའ་མཚམས་སུ་ཕྱུགས་འཚོ་སྐྱོང་བྱས་ནས་ལོ་34ཕྱིན། དུས་ཡུན་རིང་པོར་ས་འདི་དང་ཁ་བྲལ་མྱོང་མེད།  སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཨ་ཕའི་ཁྲིད་སྟོན་འོག་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་རྒྱལ་ཁབ་ཀྱི་ས་ཆ་སྲུང་། ཉེ་ཆར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་མཉམ་གཅིག་ཏུ་2017ལོའི་ལོ་འཁོར་གྱི་“ཀྲུང་གོའི་སེམས་འགུལ་ཐེབས་པའི་མི་སྣར་”བདམས།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས།
            འཐུས་མི་ཚེ་རིང་གཡང་འཛོམས་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་སྨན་པ་ཡིན། སྨན་བཅོས་ཀྱི་ལས་ཀར་ཞུགས་ནས་ལོ་22ཕྱིན། འདི་ནི་ཁོ་མོ་ཐེངས་དང་པོ་པེ་ཅིན་དུ་སླེབས་པ་ཡིན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་ནི་ཁོ་མོས་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩིས་ཡོད།
 
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད།
            འཐུས་མི་སྐལ་བཟང་བདེ་སྐྱིད་ནི་མོན་པའི་རིགས་ཡིན། ཆུང་དུས་ནས་མེ་ཏོག་རྫོང་དུ་མཚར་ལོངས་བྱུང་། རང་ཉིད་ཀྱི་འབད་བརྩོན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག གོམ་པ་རེ་རེ་བཞིན་ཕུལ་ཏུ་བྱུང་བའི་མི་དམངས་དགེ་རྒན་ཞིག་ཏུ་གྱུར། སྔ་རྗེས་སུ་“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས་” “ཀྲུང་གོའི་སེམས་འགུལ་ཐེབས་པའི་མི་སྣ་”སོགས་ཀྱི་མཚན་སྙན་ཐོབ།
 
སྒྲོལ་དཀར་གྱིས་ཁ་པར་སྟེང་ནས་རང་ཉིད་དང་འབྲེལ་ཡོད་ཀྱི་གསར་འགྱུར་བཀླགས་བཞིན་པ།
འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་དཔེ་མཛོད་ཁང་དུ་དཔེ་ཆ་འཚོལ་ཀློག་བྱེད་བཞིན་པ།
འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ཁ་བཏགས་ལེན་བཞིན་པ།
འབྲེལ་ཡོད་རྩོམ་ཡིག