ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

དུས་རབས་གསར་པའི“དཔེ་རིས”དེ་འབད་བརྩོན་ཆེན་པོས“དངོས་ལྗོངས་རི་མོ”བསྒྱུར་བ།

2018-03-22 པད་མས་བསྒྱུར།
—བོད་ལྗོངས་ཀྱི་དགེ་སློབ་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ།
            ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་3པར། དཔྱིད་ཀྱི་དཔལ་ཡོན་ཤར་ཏེ་གནའ་གྲོང་གི་མེ་ཏོག་བཞད་ཅིང་། དཔྱིད་ཉམས་རབ་ཏུ་རྒྱས་པའི་ཉིན་འདི་དག་གི་རིང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་བ་རེད། 
            འདི་ལོའི་ཚོགས་འདུ་གཉིས་ནི་རང་རྒྱལ་གྱིས་དུས་རབས་གསར་པར་གོམ་པ་སྤོས་རྗེས་སུ་ཐེངས་དང་པོར་འཚོགས་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཡིན་ཞིང་། བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པས་དུས་རབས་ཀྱི་ནང་དོན་གསར་པ་ཞིག་འཁྱེར་ཡོང་། བོད་ལྗོངས་ཀྱི་སློབ་གསོའི་མ་ལག་གི་དགེ་རྒན་དང་ལས་བཟོ་པ་དང་སློབ་གྲྭར་སྡོད་པའི་སློབ་ཆེན་པ་རྣམས་ཀྱིས་ཚོགས་ཆེན་གྲོལ་བའི་ཐད་གཏོང་བརྙན་ལམ་ལ་བལྟས། 
རི་མོ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒན་དང་ལས་བཟོ་པས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོས་ཐེངས་དང་པོ་མཇུག་སྒྲིལ་བའི་ཐད་གཏོང་བརྙན་ལམ་ལ་ལྟ་བཞིན་པ། 
            ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐོར་གླེང་དུས། བོད་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་སྒྲིག་འཛུགས་དྲིལ་བསྒྲགས་ཁྲུའུ་ཡི་ཁྲུའུ་ཀྲང་དབང་སྒྲོན་གྱིས་བཤད་རྒྱུར། “ཚོགས་འདུ་གཉིས་ཐོག འཐུས་མི་དང་ཨུ་ཡོན་གྱིས་འགན་འཁྲི་དང་འོས་འགན་ལེགས་པོར་བསྒྲུབས་པ་དང་། ‘ཁྱོན་ཡོངས་ཀྱི་ལྗོངས་རྣམ’གྱིས་དུས་རབས་གསར་པའི’དཔེ་རིས’བྲིས་ཡོད་ཅིང་། གཤམ་ནས་ང་ཚོས་བསྒྲུབ་དགོས་པ་ནི་མུ་མཐུད་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། འབད་པ་ཆེན་པོས‘དཔེ་རིས’དེ‘དངོས་ལྗོངས་རི་མོར’བསྒྱུར་ཏེ། སློབ་གསོའི་བྱ་གཞག་ལ་བརྩེ་སེམས་བཅངས་ནས་སེམས་དང་བརྩེ་བ་བཀོལ་ནས་བོད་ལྗོངས་ཀྱི་སློབ་གསོའི་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དེ་གཟི་འོད་འབར་བའི་ལེ་ཚན་འབྲི་དགོས”ཞེས་བཤད། 
རི་མོ་ནི་བོད་རང་ལྗོངས་ཀྱི་དགེ་རྒན་དང་ལས་བཟོ་པས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་བའི་ཐད་གཏོང་བརྙན་ལམ་ལ་ལྟ་བཞིན་པ། 
            “ད་གིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཐད་གཏོང་ལ་བལྟས་པ་ཡིན་ཞིང་། ཧྲུའུ་ཅིའི་ཁ་གསལ་ཚིག་ལྡན་གྱི་གསུང་བཤད་གནང་བར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་རང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཧྥ་ཝེས་ཐད་ཚོགས་འདུ་གྲོལ་བའི་ཐད་གཏོང་བརྙན་ལམ་བལྟས་ཚར་རྗེས་དེ་ལྟར་བཤད། 
            ཟླ1པོའི་ཚེས19ཉིན་སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་སྟེང《 2017ལོའི་ལོ་འཁོར་གྱི་ཆེད་མཁས་པས་རྟོག་ཞིབ་བྱས་པའི་མཐོ་རིམ་སློབ་གྲྭ་སྙན་ཞུ་དང་བཀོད་སྒྲིག་བྱས་པའི་སྐོར་གྱི་སྤྱི་བསྒྲགས》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་། དེར་སློབ་གླིང་16ལྷག་གི་མིང་དེ་སློབ་ཆེན་དུ་བསྒྱུར་བའི་མཐོ་རིམ་སློབ་གྲྭ་ཁྱབ་བསྒྲགས་བྱས། དེའི་ཁྲོད་དུ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ་སྤྱི་བསྒྲགས་མིང་ཐོའི་ནང་དུ་བཅུག་པ་དང་། དེའི་མིང་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་བསྒྱུར་རྒྱུ་རེད། ལི་ཧྥ་ཝེས་མཚམས་སྦྱོར་བྱས་དོན། “ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་མིང་དུ་བསྒྱུར་བའི་དམིགས་འབེན་དུ་མཆོང་སྐྱོད་བྱེད་ཅིང་། ང་རང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་སྐུལ་མའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲིད་སྟོན་དུ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སློབ་གསོ་དང་། སློབ་ཁྲིད་བྱེད་པ། ཚན་རིག་ཞིབ་འཇུག་དང་། འཕེལ་རྒྱས་དང་གསར་གཏོད་མཐུན་སྦྱོར་ཡོང་བ་སོགས་ཐད་ལ་འབད་བརྩོན་ཆེན་པོ་བྱས་ཚེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནི་རྒྱལ་ནང་གི་ཡག་ཤོས་དང་། འཛམ་གླིང་གི་མཐོ་སློབ་གྲགས་ཅན་དུ་འགྱུར་ངེས་པར་ཡིད་ཆེས་བརྟན་པོ་ཡོད། ལག་ལེན་དངོས་ལ་བརྟེན་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་གསོ་བ་རིག་པས་བོད་ལྗོངས་སུ་མཚར་སྡུག་འོད་སྟོང་འབར་བར་བྱེད་ངེས་ཤིང་། དེས་མི་དམངས་ཀྱི་བདེ་ཐང་ཆེད་བྱས་རྗེས་སྔར་ལས་ཆེ་བ་ཞིག་འཇོག་ངེས་ཡིན”ཞེས་བཤད། 
རི་མོ་འདི་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཐད་གཏོང་བརྙན་ལམ་ལ་ལྟ་བར་རྩ་འཛུགས་བྱས་པ། 
            རྒྱུན་ལྡན་གྱི་སློབ་ཁྲིད་ཁྲོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དེ་རྒྱུན་ལྡན་གྱི་སློབ་ཁྲིད་ཀྱི་སློབ་ཚན་ཁྲོད་དུ་སྤེལ་བ་དང་། གནས་བབ་དང་སྲིད་ཇུས་སོགས་ཀྱི་འབྲེལ་ཡོད་ཞིབ་འཇུག་གི་ལས་གཞི་བཙུགས་ཡོད། “བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ང་ཚོས་རྒྱུན་དུ་དོ་སྣང་བྱེད་པའི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན། ད་ལོའི་ཚོགས་འདུ་གཉིས་སུ་ངས་དོ་སྣང་ཆེན་པོ་བྱེད་པ་ནི་རྩ་ཁྲིམས་བཟོ་བཅོས་ཐད་ཀྱི་ནང་དོན་ཡིན། རྩ་ཁྲིམས་ཀྱི་ནང་དོན་ལ་བཟོ་བཅོས་བརྒྱབ་པ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་གང་ལེགས་སྒོས་མཚོན་ཡོད་པ་དང་། དེ་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱས་པ་ཡིན་ཞིང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་བླང་བྱ་ཡིན”ཞེས་ཡོན་ཞའོ་ཧོས་ཀྱིས་བཤད། 
རི་མོ་འདི་ནི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཐད་གཏོང་བརྙན་ལམ་ལ་ལྟ་བའི་ལས་བཟོ་པས་ནན་ཏན་སྒོས་ཟིན་ཐོར་འགོད་པའི་རྣམ་པ་རེད། 
            ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་པོ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་མཚོ་སྐྱིད་ལྷ་མོས་དོ་ཁུར་བྱེད་པའི་དགྱེས་སྟོན་ཞིག་ཡིན་ཏེ། ཁོ་མོས“ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སློབ་ཆེན་པ་ཞིག་ལ་མཚོན་ན། ང་ཚོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་རྣམས་ལ་སྤྲིངས་པའི་གཏམ་ལ་སློབ་སྦྱོང་བྱེད་དགོས་ཤིང་། བོད་ལུགས་གསོ་རིག་གི་ཤེས་བྱ་མང་པོར་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱས་ཏེ། ང་ཚོའི་བོད་ཀྱི་གསོ་རིག་དེ་བས་ལེགས་པོའི་སྒོ་ནས་རྒྱུད་འཛིན་བྱེད་ཐུབ་པར་འཇུག་དགོས། ཉེ་བའི་ལོ་འགའི་ནང་། ངའི་བསམ་པར་བོད་ལྗོངས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་ཞིང་། ལྷག་པར་དུ་བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ཀྱི་རོགས་སྐྱོར་ཐད་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད”ཅེས་བཤད། 
            སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་གྲོལ་བར་བལྟས་པའི་ལས་བཟོ་པ་དང་སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བལྟས་པའི་མྱོང་ཚོར་དག་རང་ཉིད་ཀྱི་དངོས་ཡོད་ལས་ཀ་དང་སློབ་སྦྱོང་གི་ཁྲོད་དུ་བཞག་ནས་བྱ་སྤྱོད་དངོས་ལ་བརྟེན་ནས“དཔེ་རིས”དེ“དངོས་ལྗོངས་རི་མོར”བསྒྱུར་དུ་འཇུག་དགོས་ཞེས་བསྟན།
འབྲེལ་ཡོད་རྩོམ་ཡིག