ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་དང་གཞུང་ལམ་དྲ་བ་འཐུས་ཚང་རིམ་སྤོར་ཇེ་མགྱོགས་སུ་བཏང་།

2018-03-23 སྒྲོལ་མས་བསྒྲིགས།
           ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད་ལ།  འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཞུང་ལམ་དྲ་བ་མགྱོགས་མྱུར་འཐུས་ཚང་བཏང་བ་དང་རིམ་སྤོར་གྱིས་བོད་དུ་ཡར་འགྲོ་མར་འོང་བྱེད་སའི་ལམ་འགག་རིམ་མཐོ་ཅན་དང་།  མཐའ་མཚམས་དང་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐོགས་མེད་ཅན་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བཏོན་ཡོད།  ལོ་ལྔའི་རིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་།  རྒྱལ་ཁབ་ནས་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་བསྟུན་ད་བར་གཞུང་ལམ་དང་ལྕགས་ལམ།  མཁའ་ལམ།  སྦུབས་ལམ་བཅས་གཙོར་བྱེད་པའི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྤྱིའི་ཆ་ནས་སྐྲུན་ཟིན།  འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཆེན་པོར་ཕྱིན་པ་དེས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བུམ་སྐེའི་ཚོད་འཛིན་ཆེས་ལྷོད་དུ་བཏང་ནས།  བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་རྩོམ་ཡིག