ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་གིས་གནས་སྐོར་དུས་ཚིགས་བསུས།

2018-04-17 སྒྲོལ་མས་བསྒྲིགས།
འདི་ནི་ཟླ4བའི་ཚེས15ཉིན་ས་གནས་མང་ཚོགས་ཀྱིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་གནས་སྐོར་དུས་ཚིགས་སྤེལ་འགོ་བརྩམས་པའི་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པའི་ཚུལ་རེད།
            ཟླ4བའི་ཚེས15ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་གནས་སྐོར་དུས་ཚིགས་སྤེལ་འགོ་བརྩམས་པའི་མཛད་སྒོ་བྲག་ཆུ་གྲོང་རྡལ་གྱི་བླ་རི་གྲོང་ཚོ་རུ་སྤེལ་བ་རེད། ཀོང་པོ་རྒྱ་མདའ་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་བྱང་ས་ཁུལ་དུ་ཡོད་ཅིང་། ཁྲོན་བོད་གཞུང་ལམ་རྫོང་ཡོངས་ལ་བརྒྱུད་ཡོད་ཅིང་། མངའ་ཁུལ་དུ5Aརིམ་པའི་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་སྤྱི་གླིང་སོགས་གནས་སྐོར་ཐོན་ཁུངས་མང་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀོང་པོ་རྒྱ་མདའ་རྫོང་གིས་ཕུལ་བྱུང་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་གནས་སྐོར་དེ་གཙོ་ཁྲིད་ཐོན་ལས་སུ་བཟུང་སྟེ་ཁྱད་ལྡན་གནས་སྐོར་རིག་གནས་བསྐྲུན་པ་དང་། གནས་སྐོར་ལས་རིགས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་ཆེན་པོ་བཏང་།
འདི་ནི་ཟླ4བའི་ཚེས15ཉིན་སྐྱེས་པ་ཞིག་གིས་ཁྱད་ལྡན་ཐོན་རྫས་ལག་བཟོའི་ཅ་ནེ་འགྲེམ་སྟོན་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ4བའི་ཚེས15ཉིན་གནས་སྐོར་དུས་ཚིགས་སྤེལ་འགོ་བརྩམས་པའི་མཛད་སྒོ་སྟེང་མང་ཚོགས་ཀྱིས་ཀོང་པོའི་སྒྲ་ལྡན་མདའ་མོ་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།
འབྲེལ་ཡོད་རྩོམ་ཡིག