ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཐིན་ཅིན་གྲོང་ཁྱེར་གྱི་ཚོང་མོལ་ཚོགས་འདུར་ཞུགས་པ།

2018-04-17 སྒྲོལ་མས་བསྒྲིགས།
རེབ་གོང་རིག་གནས་ཀྱི་ཡ་གྱལ་ཐང་ག་དེ་ཐིན་ཅིན་གྲོང་ཁྱེར་སྡོད་དམངས་ཀྱི་མདུན་དུ་མངོན་པ། 
               ཟླ4པའི་ཚེས14ཉིན་མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གསར་འགོད་པས་ཐིན་ཅིན་གྲོང་ཁྱེར་མའེ་ཅང་འགྲེམ་སྟོན་ལྟེ་གནས་སུ་མཐོང་བ་ནི། “ རིག་པ་འབྱུང་བའི་རེབ་གོང་། ཨ་སྔོན་མཐོངས་ཀྱི་གནས་མཆོག”ཅེས་པའི་ཁྱད་ལྡན་ཐོན་རྫས་སྐོར་ཞིག“ ཀྲུང་གོའི་ཐིན་ཅིན་མ་དངུལ་གཏོང་འཇོག་ཉོ་ཚོང་ཚོང་མོལ་ཚོགས་འདུ་དངPECCརྒྱལ་སྤྱིའི་ཉོ་ཚོང་མ་དངུལ་གཏོང་འཇོག་འགྲེམ་ཚོགས”སུ་ཐོན་ཡོད་པ་རེད། 
               ཐེངས་འདིའི་ཐིན་ཅིན་གྱི་ཚོང་མོལ་ཚོགས་འདུའི་ཐོག  ཐིན་ཅིན་གྱི་ཁ་གཏོད་རོགས་སྐྱོར་བྱེད་ས་རང་རེའི་ཞིང་ཆེན་གྱི་རྨ་ལྷོ་ཁུལ་ལ་ཆེད་དུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ60ལྷག་ཅན་གྱི་འགྲེམ་ཁུལ་བཀོད་སྒྲིག་བྱས་ཡོད་པ་དེར་རྨ་ལྷོ་ཁུལ་གྱིས་མཚོ་སྔོན་ཕན་འདུས་དྭངས་བསིལ་བཏུང་ཆས་མ་རྐང་ཚད་ཡོད་ཀུང་སི་དང་། མཚོ་སྔོན་ཆི་ལུང་ཚོང་དོན་ཚད་ཡོད་ཀུང་སིའི་རྨ་ལྷོ་སོག་རྫོང་ཆི་ལུང་ཕྱུགས་ར།  རྨ་ལྷོ་སོག་རྫོང་ལིག་ལི་མཱ་སོག་བོད་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཁེ་ལས6སྒྲིག་འཛུགས་བྱས་ཏེ། གཏེར་ཆུ་དང་། བོད་སྤོས།  སྦྲང་རྩི།  འབྲི་འོ་ཐོན་རྫས། རྡོ་བརྐོས་ལ་སོགས་པའི་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་བཅུ་ལྷག་འགྲེམ་སྟོན་དུ་ཞུགས་སུ་བཅུག་ཡོད་པ་རེད། 
               གཞན་གཅན་ཚ་རྫོང་གིས་ཐིན་ཅིན་གྱི་ཏུང་ཅང་པའོ་ཧྲུའི་ཀང་ཅུས་དོ་དམ་ཨུ་ལྷན་གྱི་མ་དངུལ་གྱི་རོགས་རེས་འོག     ཐིན་ཅིན་ཚོང་མོལ་ཚོགས་འདུར་ཆེད་དུ་སྟེགས་བུར་བསྐྲུན་ནས་གཅན་ཚ་རྫོང་ཁོངས་ཀྱི་གཡང་འགྲུབ་འཚོའི་བོད་སྤོས་ལས་སྣོན་བཟོ་གྲྭ་དང་། པདྨ་བོད་ཀྱི་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ཁེ་ལས་དགུ་ཚོང་མོལ་ཚོགས་འདུ་དེར་ཞུགས་ཡོད་པ་དང་། ཐིན་ཅིན་གྱི་ཡུལ་སྐོར་ཕྱོགས་ཀྱི་ཁ་གཏོད་རོགས་སྐྱོར་འགྲེམ་ཁུལ་དུ་རེབ་གོང་རྫོང་རེབ་གོང་སྒྱུ་རྩལ་གླིང་གི་ཐང་ག་དང་། གའུ།  བྲག་སྤོས།  བོད་སྤོས། རྡོ་རྗེ་མདུད་པ་ལ་སོགས་རེབ་གོང་སྒྱུ་རྩལ་གྱི་ཡུལ་སྐོར་དྲན་རྟེན་ཐོན་རྫས་འགྲེམ་སྟོན་བྱས་ཡོད་པ་རེད། 
               རྨ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཞའོ་ཧྥེ་ཧུའུ་ཡིས་འདི་སྐད།  ཁོ་བོ་ཅག་གིས་སྒོ་འབྱེད་ལ་བརྟེན་ན་ད་གཟོད་མཉམ་ལས་མཉམ་རྒྱལ་གྱི་གོ་སྐབས་རག་ཐུབ་པ་གསལ་པོར་ཤེས་ནས་ཐེངས་འདིའི་སྟེགས་བུ་བརྒྱུད་“པེ་ཅིང་དང་ཐིན་ཅིན། ཧེ་པའེ”དང“ཧྲང་ཧའེ། ཀོང་ཏུང་།ཧྲེན་ཀྲེན”བཅས་ལ་ཁ་ཕྱོགས་ཏེ། ལྷུག་གཏོང་། དཀྱེལ་ཡངས།  མཛེས་སྡུག  རང་རྟོན། འཆམ་མཐུན་གྱི་རྨ་ལྷོ་ཞིག་ཀུན་གྱི་མིག་མདུན་དུ་བསྟར་ཐོག ཕྱོགས་ཡོངས་ནས་འབྲེལ་འདྲེས་འཛིན་པ་དང་དྲིལ་སྒྲོག་འོས་སྦྱོར་གྱི་བྱ་བ་རྒྱ་ཆེར་སྤེལ་ནས་སྣ་འདུས་ཅན་གྱི་སྒོ་འབྱེད་རྣམ་པ་ཆགས་པར་འབད་འབུངས་བྱས་པ་ཡིན་ཟེར། 
               གསར་འགོད་པས་ཤེས་གསལ་ལྟར་ན།  ཐིན་ཅིན་གྱི་ཚོང་དོན་ཁེ་ལས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་སྐུལ་སྤེལ་ཚོགས་འདུ་ཡིས་ད་དུང་ཡུལ་དེའི་ཚོང་མགྲོན100ལྷག་སྣེ་ལེན་བྱ་རྩིས་འདུག
འབྲེལ་ཡོད་རྩོམ་ཡིག