ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པར་ལེན་མཁན་ལའོ་ཞོན་གྱི་བོད་ལྗོངས་ལས་འབྲེལ།

2018-04-20 སངས་སྐྱབས་ཀྱིས་བསྒྲིགས།
             མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ལའོ་ཞོན་གྱིས་《བོད་ལྗོངས་ཀྱི་པར་རིས་རུབ་སྡུད་》ཞེས་པ་ཁ་ཕྱེ་ནས། ཁོང་གི་པར་ལ་ལྟ་དུས་བོད་ལྗོངས་སུ་དངོས་སུ་བསྐྱོད་པའི་སྣང་བ་འཆར་སྲིད་ལ་པར་རིས་ནང་གི་བོད་མི་རྣམས་ཀྱི་ཞི་དུལ་གྱི་འཚོ་བ། བདེ་སྐྱིད་ཀྱི་འཛུམ་མདངས། དམངས་ཁྲོད་སྒྲུང་པས་《གེ་སར་རྒྱལ་པོའི་སྒྲུང་》བཤད་པ་བག་ཆགས་སེམས་སུ་ཧ་ཅང་ཟབ་པར་སྣང་།
             མིག་སྔར། ཀྲུང་གོའི་ན་གཞོན་པར་ལེན་མཁན་ལའོ་ཞོན་གྱིས་《བོད་ལྗོངས་ཀྱི་པར་རིས་རུབ་སྡུད་》ནང་གི་བརྩམས་ཆོས་《ཆོས་སྒྲོན་》ལ་ཨ་རིའི་པར་རིས་གསར་འགྱུར་འདྲ་པར་གྱི་བྱ་དགའ་རིམ་པ་ཨང་དང་པོ་ཐོབ་པ་དང་། པར་རིས་རུབ་སྡུད་དེ་དག་ལ་སྔ་རྗེས་སུ་དབྱིན་ཇིའི་འདྲ་པར་ཧྲ་ལུང་བྱ་དགའ་དང་ཨ་རིའི་རྒྱལ་སྤྱིའི་པར་ལེན་བྱ་དགའ་ཐོབ་ཡོད་པ་རེད། 
 
འབྲེལ་ཡོད་རྩོམ་ཡིག