ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཡོངས་འཛིན་འཚོལ་བཤེར་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོར་ཞུགས་པ།

2018-04-23 སྒྲོལ་མས་བསྒྲིགས།
ཡོངས་འཛིན་འཚོལ་བཤེར་གྱི་འགྲེམ་ཞུགས་རུ་ཁག་ཡུལ་དངོས་འགྲེམ་ཚོགས་སུ།
            སྤྱི་ཟླ4བའི་ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད3:00གྱི་སྟེང་། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་སྟོན་སྐབས་དང་པོ་དེ་ཧྥུའུ་ཀྲིག་མཚོ་འགག་རྒྱལ་སྤྱིའི་ཚོགས་འགྲེམ་ལྟེ་གནས་སུ་མགོ་རྩོམ་མཛད་སྒོ་བསྡུས་ཤིང་། ལས་ཁུངས293གྱིས་གྲངས་འཛིན་དཔལ་འབྱོར་གྲུབ་འབྲས་དང་བཅས་འགྲེམ་སྟོན་དུ་ཞུགས། འགྲེམ་སྟོན་འདིར་གྲངས་འཛིན་ཧྥུའུ་ཅན་དང་། གློག་རྡུལ་སྲིད་དོན། གྲངས་འཛིན་དཔལ་འབྱོར། གྲངས་འཛིན་སྤྱི་ཚོགས་ཉམས་ཚོར་བཅས་འགྲེམ་ཁང4རུ་དབྱེ་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི4.2ཡིན།
ཡོངས་འཛིན་འཚོལ་བཤེར་གྱི་འགྲེམ་སྟེགས།
            འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་ནི་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཞུགས་སྡེ་ཁག་ཅིག་ཡིན་པའི་ཆ་ནས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་ཆེན་མོ་སྐབས་དང་པོར་ཞུགས་ཤིང་། གློག་རྡུལ་སྲིད་དོན་འགྲེམ་ཁང7པ་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཁང་དུ་འགྲེམ་སྟོན་བྱེད་པ་ཡིན། ཡོངས་འཛིན་འཚོལ་བཤེར་གྱིས་དྲིལ་སྒྲོག་བརྙན་རིས་དང་འགུལ་རིས་བརྙན་གཟུགས་འགྲེམ་གཏོང་། དེ་མིན་ཡུལ་དངོས་གསལ་འགྲེལ་དང་དྲིལ་སྒྲོག་ཡིག་ཆ་འགྲེམ་པ་མ་ཟད། གཙོ་ཆེར་ལག་རྩལ་གཙོ་བོ་སྟེ་བོད་ཡིག་མིང་མཚམས་དབྱེ་འབྱེད་དང་སྐད་བརྡའི་རིག་ནུས་སྒྲིག་གཅོད་མ་ལག སྟེགས་བུའི་ཁྱད་ཆོས་དང་ཞབས་ཞུའི་སྤྱོད་ནུས་འགྲེལ་བརྗོད་སྒོས་འགྲེམ་སྟོན་སྐབས་ཀྱི་དྲིལ་སྒྲོག་ཁྱབ་སྤེལ་བྱ་འགུལ་སྤེལ་བ་ཡིན། འདིར་ཁྱད་དུ་མཚོ་ལྷོ་ཁུལ་གངས་ལྷ་མེ་ཏོག་གྱོན་ཆས་དང་མཚོན་ལྡན་བོད་ཀྱི་གཙགས་དྲུབས་སོགས་གྱོན་ཆས་དང་འགྲེམ་སྟེགས་སྒྲིག་བཀོད་ཐད་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུ།
ཡོངས་འཛིན་འཚོལ་བཤེར་གྱི་འགྲེམ་ཞུགས་རུ་ཁག་ཡུལ་དངོས་འགྲེམ་ཚོགས་སུ།
            དེར་མ་ཟད། ཡོངས་འཛིན་རུ་ཁག་གི་ཡར་ཞུ་འོག  ཡོངས་འཛིན་འཚོལ་བཤེར་ནི་དམིགས་བསལ་མཚར་ལྡན་གྲུབ་འབྲས་ཀྱི་ཚུལ་དུ་སྤྱི་ཟླ4བའི་ཚེས24ཉིན་གྱི་ཆུ་ཚོད10:05—10:20བར། གློག་རྡུལ་སྲིད་དོན་འགྲེམ་ཁང7པའི་གྲུབ་འབྲས་འགྲེམ་ཁུལ་དུ་ཡོངས་འཛིན་ཚན་རྩལ་གྲུབ་འབྲས་ཡུལ་དངོས་ཁྱབ་སྤེལ་ཚོགས་འདུ་བསྡུ་རྒྱུ་ཡིན་ལ། ཡོངས་འཛིན་འཚོལ་བཤེར་འགྲེམ་ཞུགས་རུ་ཁག་གིས་སྐར་མ15ཡི་དུས་ཚོད་བེད་སྤྱད་དེ། འགྲེལ་བརྗོད་དང་། PPT། དྲིལ་སྒྲོག་འགུལ་རིས་འགྲེམ་གཏོང་སོགས་ཀྱི་རྣམ་པས་ཡུལ་དངོས་ཁྱབ་སྤེལ་ཚོགས་འདུ་ལེགས་འགྲུབ་སྒོས་དྲིལ་སྒྲོག་ཕན་ནུས་ཅུང་ལེགས་པོ་ཐོན་པར་བརྩོན་ལེན་བྱེད་པ་ཡིན། འདིར་ད་དུང་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཞུགས་སྡེ་ཁག་དྲུག་ཡོད་དེ། ཞིང་ཆེན་སྲིད་གཞུང་ཆ་འཕྲིན་དང་སྲིད་དོན་སྤྱི་བསྒྲགས་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཞིང་ཕྱུགས་ཐིང་། ཞིང་ཆེན་ཁོར་ཡུག་ཆ་འཕྲིན་ལྟེ་གནས། ཞིང་ཆེན་འཕྲོད་བསྟེན་ཆ་འཕྲིན་ལྟེ་གནས་སོགས་ཡིན།
            རྒྱུས་ལོན་པ་ལྟར་ན། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་སྐབས་དང་པོའི་འགྲེམ་ཁང4ཡིས་ནང་དོན་མི་འདྲ་བའི་འགྲེམ་སྟོན་བྱེད་ཅིང་། གྲངས་འཛིན་ཧྥུའུ་ཅན་འགྲེམ་ཁང་གིས་གཅིག་བསྡུས་སྒོས་ཧྥུའུ་ཅན་ཞིང་ཆེན་གྱིས་གློག་རྡུལ་སྲིད་དོན་དང་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་། གློག་རྡུལ་སྲིད་དོན་འགྲེམ་ཁང་གིས་གཙོ་ཆེར་རྒྱལ་ཁབ་ཀྱི་སྡེ་ཁག་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན(ལྗོངས། གྲོང་ཁྱེར)སོ་སོའི་གློག་རྡུལ་སྲིད་དོན་གྱི་ཕུལ་བྱུང་སྤྱོད་སྒོ་འགྲེམ་སྟོན་དང་། གྲངས་འཛིན་དཔལ་འབྱོར་འགྲེམ་ཁང་གིས་འཕྲིན་སྦྲེལ་དྲ་བ་དང་། དངོས་སྦྲེལ་དྲ་བ། གཞི་གྲངས་ཆེན་མོ། སྤྲིན་རྩིས། མིས་བཟོས་རིག་ལྡན་སོགས་ལག་རྩལ་གཙོ་བོར་གཞིགས་ཏེ། གྲངས་འཛིན་ལག་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མངོན་གསལ་ཤུགས་རྐྱེན་འགྲེམ་སྟོན་དང་། གྲངས་འཛིན་སྤྱི་ཚོགས་ཉམས་ཚོར་འགྲེམ་ཁང་གིས་གྲངས་འཛིན་ལག་རྩལ་དང་། གྲངས་འཛིན་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་མཐུན་སྦྱོར་ཆེན་མོ་འགྲེམ་སྟོན་བྱེད་པ་ཡིན།
མཚོ་སྔོན་ཞིང་ཆེན་འགྲེམ་ཁུལ་གྱི་འགྲེམ་ཞུགས་འཐུས་ཚབ་མཉམ་པར།
            གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་ནི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་གཟབ་ཚོགས་སྐབས་དང་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཟླ4བའི་ཚེས22ཉིན་མགོ་བརྩམས་པའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གཟབ་ཚོགས་ཀྱི་བརྗོད་གཞི་ནི“ཆ་འཕྲིན་ཅན་གྱིས་དེང་རབས་ཅན་སྐུལ་སྤེལ་དང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ”ཞེས་པ་དེ་ཡིན། གྲོས་རིམ་ལ་མགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་བོ། ཡན་ལག་གླེང་སྟེགས་སོགས་འདུས་ཤིང་། རྒྱལ་ཁབ་འཕྲིན་སྦྲེལ་དྲ་བ་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག