ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་འཐུས་མི་ཚོགས་པ་སྐབས་བཅུ་བཞི་པའི་རིག་གནས་ཐོན་རྫས་འགྲེམས་ཚོགས་ནང་ཞུགས་པ།

2018-05-15 སངས་སྐྱབས་ཀྱིས་བསྒྲིགས།
              ཟླ་5ཚེས་10ཉིན་གྱི་སྔ་དྲོ། དུས་ཡུན་ཉིན་ལྔའི་སྐབས་བཅུ་བཞི་པའི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་23དང་མི་100ཚོགས་སྒྲིག་བྱས་ཏེ་འགྲེམས་ཚོགས་ནང་ཞུགས་ནས་ཚོང་འགུག་འོས་སྦྱོར་རྣམ་གྲངས་ཆེ་མོ་4འཁྱེར་ཡོང་བ་དང་འགྲེམས་དངོས་ཁྲི་ཙམ་འགྲེམས་སྟོན་བྱས་པ་རེད། ངོ་མཚར་གྱི་ཁྱད་ཆོས་ལྡན་པའི་འགྲེམས་དངོས་འགྲེམས་སྟོན་བྱེད་སྐབས“བོད་ལྗོངས་ཀྱི་ཚ་རླབས”ཤིག་འཕྱུར་ནས་འགོ་ཚུགས་ཉིན་མོར་མི་ཐེངས་ཁྲི་2ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་རེད། 
              སྐབས་འདིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་དེས“མཛེས་སྡུག་ལྡན་པའི་བོད་ལྗོངས། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”བརྗོད་དོན་གཙོ་བོར་བྱེད་པ་དང“བདེ་སྐྱིད་ལྡན་པའི་བོད་ལྗོངས”དང་། “བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག”“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”“སྲོལ་རྒྱུན་རིག་གནས”“ཁྱད་ལྡན་མྱོང་རོལ”“ཐོན་ལས་ཚོང་འགུག”བཅས་ཁག་དྲུག་ལས་འགྲུབ་ཡོད་པ་རེད།
              ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྤུས་དག་དང་། ཐོན་ལས་གླིང་། སྨྱན་སྦྱོར་མཉམ་འདྲེས་ཀྱི་བརྩམས་ཆོས། འགུལ་རིས་བརྩམས་ཆོས། དངོས་ལྗོངས་འཁྲབ་སྟོན། རིག་གནས་ཀྱི་ཐོན་རྫས་སྣ་ཚོགས་བཅས་ད་ཐེངས་ཀྱི་འགྲེམས་ཚོགས་ནང་ཞུགས་པ་དང་འགྲེམས་ཁང་གི་པར་རིས་དང་དངོས་པོ་རེ་རེ་ལས་བོད་ཀྱི་ངོ་མཚར་ཆེ་བའི་རིག་གནས་མཉམ་སྤྱོད་ཐུབ་ཡོད།
འབྲེལ་ཡོད་རྩོམ་ཡིག