ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“བོད་ལྗོངས་ཀྱི་བག་ཆགས”བྱེད་སྒོ་སྡེ་ཁུལ་དུ་སྤེལ་ཏེ“སློབ་གྲྭ་དང་ཡུལ་མིས་མཉམ་རོལ”གྱིས་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ།

2018-05-16 རྡོ་རྗེས་བསྒྲིགས།
འདི་ནི་ཉིན་དེར་ནན་ཐུང་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱིས་བོད་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།
          2018ལོའི་ཟླ་5ཚེས་13ཉིན“བོད་ལྗོངས་ཀྱི་བག་ཆགས”ཞེས་པའི་ཡིད་དབང་འཕྲོག་པའི་བོད་ཀྱི་རིག་གནས་མྱོང་རོལ་བྱེད་སྒོ་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཞི་བདེ་ཟམ་པ་ཁྲོམ་གཞུང་གི་པེ་ཧའོ་ཏུང་གྲོང་ཚོའི་སྡེ་ཁུལ་དུ་སྤེལ་བ་རེད། ནན་ཐུང་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭའི་བོད་རིགས་སློབ་མ་རྣམས་ཀྱིས་བོད་ཟས་ཀྱི་བྲོ་བ་མྱོང་ས་དང་། བོད་ཡིག་ཡིག་གཟུགས་ཀྱི་མིང་འགོད་ས། བོད་ཆས་གྱོན་ས། བོད་ཀྱི་མཛེས་སྤྲས་བྱེད་ས། བོད་བཟོའི་ཅ་ལག་འགྲེམས་ས་སོགས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་ཁུལ་བཀོད་སྒྲིག་བྱས་པར་སྡེ་ཁུལ་གྱི་ཡུལ་མི་མང་པོའི་ཡིད་དབང་འཕྲོགས་ནས་དེ་གར་བཟའ་བཏུང་དང་། རྒྱན་གོས། མི་རིགས་ཀྱི་ཅ་ལག ཡིག་གཟུགས་ཀྱི་མཛེས་ཉམས། ཞབས་བྲོ་རོལ་དབྱངས་སོགས་བོད་ཀྱི་ཁྱད་ཆོས་ཟབ་མོ་ཉམས་སུ་མྱངས་པ་རེད།
འབྲེལ་ཡོད་རྩོམ་ཡིག