ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

《ཨ་ཁུ་སྟོན་པ》ཞེས་པའི་བོད་སྐད་པར་གཞི་བོད་སྐད་འཕྲིན་ལམ་ཐོག་ཐོག་མར་བསྟན་པ།

2018-06-21 ལ་མས་བསྒྲིགས།
          འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་17ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ཐན་ལི་དཔལ་འབྱོར་རིག་གནས་སྨྱན་སྦྱོར་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཚོགས་པ་དེས་བཟོས་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་མི་རིགས་ཀྱི་སྒྲུང་གཏམ་རིང་གྲས་ཀྱི་འགུལ་རིས་གློག་བརྙན《ཨ་ཁུ་སྟོན་པ》ཞེས་པའི་བོད་སྐད་པར་གཞི་ཉེ་ཆར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ཐོག་ཐོག་མར་བསྟན་པ་རེད།
          ཨ་ཁུ་སྟོན་པ་ནི་བོད་རིགས་དམངས་ཁྲོད་སྒྲུང་གཏམ་ནང་གི་བློ་གྲོས་ལྡན་པའི་དཔའ་བོ་ཞིག་ཡིན་པ་དང་ཁོང་ནི་བསྟན་བཤིག་ཚ་ལ་ཤེས་རིག་ལྡན་པ་ཞིག་ཡིན་པས་རྒྱུན་དུ་ཁོང་གིས་རང་ཉིད་ཀྱི་བློ་རིག་ལ་བརྟེན་ནས་གདུག་རྩུབ་ཆེ་བའི་མངའ་བདག་དང་ཧམ་སེམས་ཆེ་བའི་ཚོང་པར་ཆད་གཅོད་བྱེད་པ་དང་དུས་མཚུངས་རང་ཉིད་ཀྱི་བློ་རིག་དང་རྩལ་ནུས་ལ་བརྟེན་ནས་མང་ཚོགས་དཀའ་ངལ་ལས་སྒྲོལ་ཐབས་ཀྱང་བྱེད་ཀྱི་ཡོད། བོད་ཀྱི་རིག་གནས་བརྒྱུད་བསྒྲགས་བྱེད་པ་དང་བོད་ལྗོངས་དང་ནང་སའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་ཆེད། བོད་ལྗོངས་ཐན་ལི་དཔལ་འབྱོར་རིག་གནས་སྨྱན་སྦྱོར་ཚོགས་པས་དུས་ཡུན་ལོ་བཞི་སྤྱད་པ་དང་མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་བོད་ཀྱི་དམངས་ཁྲོད་སྒྲུང་གཏམ《ཨ་ཁུ་སྟོན་པ》ཞེས་པའི་འགུལ་རིས་གློག་བརྙན་བཟོས་ནས་ཨ་ཁུ་སྟོན་པའི་སེམས་བཟང་དང་། བློ་རིག དཔའ་ངར། གཞན་ཕན་གྱི་ལས་ལ་དགའ་བ་བཅས་ཀྱི་གཤིས་རྒྱུད་མངོན་པར་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག