ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་ནེ་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་དང་པོ་ལྷ་སར་གཉེར་བ།

2018-07-16 སངས་སྐྱབས་ཀྱིས་བསྒྲིགས།
           ཚེས་12དང་13ཉིན། “སྣེའུ་གྲོང་ཁྱེར་མ་འཇོག་བུམ་པ”ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་ལས་ཞོར་ཝང་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་དང་པོ་ལྷ་སར་གཉེར་བ་རེད། འགྲན་བསྡུར་ཚ་དྲག་པོ་བྱས་པ་བརྒྱུད་བོད་ལྗོངས་འཐུས་མི་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུས་འགྲན་བསྡུར་ནི་བོད་རང་སྐྱོང་ལྗོངས་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བ་དང་། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་རོགས་སྐྱོར་བྱས་པ་ཞིག་རེད། ནེ་པ་ལའི་རྒྱལ་ཁབ་སྤང་ལྗོངས་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་མངགས་པའི་ཀ་ཏ་མན་རྡུའི་སྤང་ལྗོངས་ཝང་ཆིའུ་སྤོ་ལོའི་རོལ་རྩེད་རུ་ཁག་དང་། དེ་བཞིན་བོད་ཀྱི་འཐུས་མི་རུ་ཁག ཡུན་ནན་འཐུས་མི་རུ་ཁག སི་ཁྲོན་འཐུས་མི་རུ་ཁག་བཅས་ཆེད་མངགས་གདན་དྲངས་ནས་ཚོགས་པའི་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་དེ་དུས་མཚམས་གཉིས་ལ་ཕྱེ་ཡོད་པ་སྟེ། དང་ཐོག་ཚོགས་ཆུང་འགྲན་བསྡུར་དང་རེས་འཁོར་འགྲན་བསྡུར་བྱས་པ་དང་། དེ་རྗེས་སྐར་གྲངས་མང་ཉུང་གི་གོ་རིམ་ལ་གཞིགས་ནས་མདུན་གྲལ་དུ་སླེབས་པ་གཉིས་ཨང་དང་པོ་དང་གཉིས་པ་བརྩོན་ལེན་གྱི་འགྲན་བསྡུར་བྱས་པ་དང་རྗེས་ཀྱི་རུ་ཁག་གཉིས་ཨང་གསུམ་པ་དང་བཞི་པ་འགྲན་རེས་བྱས་པ་རེད།
འདི་ནི་བོད་ཀྱི་འཐུས་མི་རུ་ཁག་གི་རུ་མིས་འགྲན་བསྡུར་བྱེད་བཞིན་པ།
འབྲེལ་ཡོད་རྩོམ་ཡིག