ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྤྱི་ཟླ༩ཚེས༧ཉིན་འགོ་ཚུགས་རྒྱུ།

2018-07-17 སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པ་སྤྱི་ཟླ ༩ ཚེས ༧ ནས ༡༡ ཉིན་བར་འཚོག་རྒྱུ་དང་།  ལྷ་ས་གྲོང་ཁྱེར་ལ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱེད་རྒྱུ་དང་ཉིང་ཁྲི་གྲོང་ཁྱེར་ལ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱེད་རྒྱུ་རེད།
          སྤྱི་ཟླ༧པའི་ཚེས༡༣ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཁག་བཀོད་སྒྲིག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་བསྟན་ཁོ། ཅང་ཇེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་སོགས་ཚོགས་འདུར་ཕེབས་ཡོད།
          ཆེ་དགྲ་ལྷས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པའི་གྲ་སྒྲིག་ལས་ཀའི་སྙན་སེང་གསན་རྗེས་གྲ་སྒྲིག་ལས་དོན་ཁག་གི་འཕེལ་རིམ་ལ་ཁས་ལེན་གནང་བ་དང་སྦྲགས།  སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ཚན་པ་ཁག་གིས་སྐབས་འདིའི་འགྲེམས་ཚོགས་གཉེར་བའི་དམིགས་ཡུལ་དང་ནང་དོན་སྟངས་འཛིན་ཡག་པོ་བྱེད་པ་དང་།  བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ ༤༠ འཁོར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུར་དམིགས་ཏེ།  ༼བོད་ལྗོངས་གསར་པ་བསྐོར། མཐའ་སྣེ་གསུམ་པ་སྲུང་༽ཞེས་བརྗོད་དོན་གཙོ་བོ་བྱེད་པ་དང་བོད་ལྗོངས་ཀྱི་སྒོ་དབྱེ་མཉམ་ལས་ཕྱོགས་བསྡུས་རང་བཞིན་རྩེར་སོན་རྒྱལ་སྤྱིའི་ལས་སྟེགས་གཏོད་རྒྱུས་དམིགས་ཡུལ་བྱས་ནས།  སྐབས་འདིའི་འགྲེམས་ཚོགས་ཐུགས་གྲ་ལེགས་སྒྲིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཆེ་དགྲ་ལྷས་གོང་དུ་སྤེལ་བའི་སྐབས་གསུམ་གྱི་འགྲེམས་ཚོགས་གཉེར་བའི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་དང་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་ལས་བགོས་རོགས་ལས་ལ་ཤུགས་སྣོན་བརྒྱབ་ཏེ།  འགག་སྒྲོལ་གསར་པ་ཡོང་ཐབས་བྱས་ནས་ཁྱད་ལྡན་སྤུས་ལེགས་དང་རྩེར་སོན་གྱི་ས་མཐོའི་ཡུལ་སྐོར་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱེད་པ།  ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་གནད་འཕིགས་ལ་གཞོགས་འདེགས་ཐུབ་པ་བྱེད་དགོས་པ།  གྲོན་ཆུང་ངང་འགྲེམས་ཚོགས་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོན་དངུལ་གཏོང་ལུགས་ལུགས་མཐུན་ཡོང་བ་བྱེད་དགོས་པ།  བདེ་འཇགས་འགན་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་མི་རིགས་ཁག་གི་མང་ཚོགས་འགྲེམས་ཚོགས་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ།  འགྲེམས་ཚོགས་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས་པ།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འགྲེམས་ཚོགས་ལེགས་སྒྲུབ་ལྡན་པའི་ངང་གཉེར་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
          མཇུག་ཏུ་ཆེ་དགྲ་ལྷས་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་རོགས་ལས་དམ་ཟབ་བྱེད་པ།  རིམ་པ་བཞིན་འགན་ནན་པོ་དཀྲི་བ།  གཅིག་གྱུར་འཆར་འགོད་ཐོག་བཀོད་པ་གཏོང་བ།  ལས་དོན་སྤེལ་བའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས།  གྲ་སྒྲིག་ལས་དོན་ཁག་ཕན་འབྲས་ཆེ་བ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་རྩོམ་ཡིག