ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཆིན་གོང་མའི་བང་སོ་དང་ཧན་ཅིང་གོང་མའི་བང་སོ་ནས་ཐོན་པའི་རྫ་བཟོས་དུར་བརྙན་ཤིས་ཨན་དུ་འགྲེམས་སྟོན་བྱས་པ།

2018-08-10 སངས་སྐྱབས་ཀྱིས་བསྒྲིགས།
            ཟླ་8ཚེས་7ཉིན། ཡུལ་དུས་ལས་བརྒལ་བའི་མ་གྲོས་ལམ་འཕྲད། ཆིན་གོང་མའི་བང་སོ་དང་ཧན་ཅིང་གོང་མའི་བང་སོ་ལས་ཐོན་པའི་རྫ་བཟོས་དུར་བརྙན་འགྲེམས་སྟོན་ཤིས་ཨན་ཆིན་ཧྲི་ཧོང་གོང་མའི་བང་སོ་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པ་རེད། ཐེངས་འདིའི་འགྲེམས་སྟོན་ནང་ཆིན་ཧྲི་ཧོང་གོང་མའི་བང་སོ་བཤམས་སྟོན་ཁང་དང་ཧན་ཅིང་གོང་མའི་བང་སོའི་བཤམས་སྟོན་ཁང་གི་རིག་དངོས་ཁག་141ཡོད་པ་དང་། འགྲེམས་སྟོན་ལ་ཚོ་ཆུང་12བགོས་ནས་ཆིན་དང་ཧན་གྱི་རྫ་བཟོས་དུར་བརྙན་དབར་སྐད་ཆ་ཤོད་རེས་བྱེད་པའི་རྣམ་པ་བཞིན་བཤམས་སྟོན་བྱས་པ་དང་། ལྟད་མོ་བ་རྣམས་ལ་གོང་མ་གཉིས་ཀྱི་བང་སོ་ལས་ཐོན་པའི་གནའ་རྫས་དཔྱད་ཞིབ་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་རྩོམ་ཡིག