ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཐོ་ལྡིང་དགོན་གྱི་རིག་དངོས་ཉམས་གསོའི་ལས་ཀ་མཇུག་འགྲིལ་བའི་མཚམས་སུ་སླེབས་པ།

2018-08-13 སངས་སྐྱབས་ཀྱིས་བསྒྲིགས།
        མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་གཙང་པོའི་འགྲམ་དུ་ཆགས་པའི་མཐོ་ལྡིང་དགོན་ནི་སྤྱི་ལོ་996ལོར་ཆགས་བཏབ་ཅིང་། གུ་གེ་རྒྱལ་རབས་ཀྱིས་མངའ་རིས་ས་ཁུལ་དུ་བཞེངས་བའི་ནང་བསྟན་གྱི་དགོན་པ་སྔ་ཤོས་ཀྱི་གྲས་ཤིག་རེད། རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་8300ལྷག་བཏང་བའི་མཐོ་ལྡིང་དགོན་པའི་རིག་དངོས་ཉམས་བཟོའི་ལས་གྲྭ་ཁྱོན་ཡོངས་ནས་མཇུག་འགྲིལ་བའི་མཚམས་སུ་སླེབས་ཡོད་པས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་འདི་མིག་སྔར་དངོས་སུ་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་སྒོ་མོ་འབྱེད་ཡོད།
འབྲེལ་ཡོད་རྩོམ་ཡིག