ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པད་གཞུང་ལ་ལ་ཕུག་ཐོན་འབབ་ཡག་པོ་བྱུང་བ།

2018-08-13
           གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་གི་མུའུ་700ཡི་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་བ་རེད།
           དེ་སྔ་པད་གཞུང་ཤང་གིས་ལ་ཕུག་སྣ་ཁ་གཅིག་ཁོ་ན་ལས་འདེབས་ཀྱི་མེད་པས་བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་དང་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ཐུན་མོང་འབད་བརྩོན་དང་ཆིང་ཏའོ་གྲོང་ཁྱེར་ཞིང་ལས་ཨུ་ལྷན་དང་ཆིང་ཏའོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག་པད་གཞུང་ཤང་གིས་སྣ་ཁ་གསར་པ་ནང་འདྲེན་དང་། སྒྲིག་ཆས་གསར་པ་ཉོ་བ། འདེབས་སྟངས་ལེགས་སུ་གཏོང་བ་བཅས་བྱས་པས་ལ་ཕུག་མུའུ་རེའི་ཐོན་ཚད་མང་དུ་ཤུགས་ཆེན་ཕྱིན་ཡོད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་པད་གཞུང་ཤང་པད་མ་མེ་ཏོག་མཉམ་ལས་ཁང་བཙུགས་ཏེ་མང་ཚོགས་དབུལ་པོའི་སྣེ་འཁྲིད་དེ་གཞི་ཁྱོན་ལྡན་པའི་སྒོ་ནས་ལ་ཕུག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཅིང་། འདི་ནི་ཟླ་8ཚེས་8ཉིན་གྲོང་མིས་ལ་ཕུག་འཁྲུ་བཞིན་པ།
འབྲེལ་ཡོད་རྩོམ་ཡིག