ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

【བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་འཁོར༤༠】 བོད་ཀྱི་བགྲེས་པོའི་བདེ་སྐྱིད་ལྡན་པའི་ཚེ་སྨད།

2018-08-15 བཀྲ་རྒྱལ་གྱིས་བསྒྱུར།
         སྒྲིག་པ་པོའི་གཏམ།   ༡༩༨༣ལོར་ལོ་ན༢༦སོན་པའི་ཁྲེ་ཀང་ལོའི་ཉིང་དང་ཁ་གྱེས་ནས་བོད་ལྗོངས་སུ་སླེབས་ཏེ། ཁོང་གི་བོད་དུ་ལས་གཉེར་གྱི་ལོ་ཟླ་འགོ་བརྩམས་ཤིང་། དེའི་རྗེས་ཀྱི་ལོ་ངོ༣༠ཡི་རིང་། ཁྲེ་ཀང་གིས་བོད་དུ་འདྲ་པར་དཀོན་གྲས་མང་པོ་པར་དུ་གདབ་པ་དང་།  བརྙན་པར་རེ་རེ་བརྒྱུད། ལོ་ཟླའི་འཁོར་རྒྱུན་རྒྱབ་ཀྱི་གཏམ་རྒྱུད་ལས་དྲོད་ཀྱིས་བསྟམས་ཤིང་བླ་ན་མ་མཆིས་པའི་མི་སེམས་ཀྱི་སྟོབས་ཤུགས་མངོན་པར་བྱས།  ཉེ་ཆར། ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་ཁྲེ་ཀང་ལ་ཆེད་དུ་བཅར་འདྲི་གནང་པའི་གོ་སྐབས་ཐོབ་ཤིང་། ང་ཚོས་མཉམ་དུ་འདྲ་པར་རྒྱབ་ཀྱི་གཏམ་རྒྱུད་ལ་གསན་ནས་དུས་རབས་ཀྱི་འཕོ་འགྱུར་ལ་མྱོང་རོལ་བྱའོ།
          ཁྲེ་ཀང་གི་བརྙན་མིག་འོག   བོད་ཡུལ་གྱི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་། བྱ་བྱེའུ་ཡིས་ནམ་འཕང་གཅོད་པའི་སྐད་ཅིག་མ་དེ་ཉིད། བྱིས་པ་དག་གི་ལྷད་མེད་ཀྱི་མིག་ཟུང་། བགྲེས་པོ་དག་གི་བྱམས་བརྩེའི་འཛུམ་ཞལ་བཅས་ཡོད་ཅིང་།  ཁ་དོག་ནག་པོ་ནས་ཚོན་མདོག་བར་རང་བྱུང་དང་མི་ཆོས་བཅས་ལ་ཁྱབ་ཡོད་ཅིང་། འདྲ་པར་རེ་རེ་ལས་བོད་ཀྱི་རིག་གནས་འཕེལ་རྒྱུན་མཚོན་ཡོད་པ་མ་ཟད། བདེ་སྐྱིད་ལྡན་པའི་བོད་ཀྱི་དུས་རབས་ཀྱི་འཕོ་འགྱུར་ཡང་མངོན་པར་མཚོན་ཡོད་པ་རེད།
བདེ་སྐྱིད་ལྡན་པའི་བགྲེས་པོ།
          ཁྲེ་ཀང་གིས“ངས་ནམ་ཞར་བགྲེས་པོ་དག་པར་དུ་གདབ་ཀྱི་ཡོད་ལ།  ལོ་རབས༨༠པ་ནས་བཟུང་། བགྲེས་པོ་ཁེར་ཧྲེང་པར་དུ་བླངས་པ་ཡིན་ལ” འགན་སྲུང་ལྔ་གནང་པའི་བགྲེས་པོ་ནི་རྫོང་རིམ་པ་ཡན་དུ་གཅིག་སྡུད་གཉོར་སྐྱོང་གནང་གི་ཡོད་པས། “སྲིད་ཇུས་འདི་ཤིན་ཏུ་ལེགས་པོ་ཡོད་རེད”ཟེར།
བོད་ཀྱི་བགྲེས་པོ།
          འགན་སྲུང་ལྔ་ཞེས་པ་ནི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲོད་ཆ་རྐྱེན་ཤིན་ཏུ་ཞན་པའི་ཉམ་ཆུང་དབུལ་པོའི་སྡེ་ལ་ཟེར་ཞིང་།  འགན་སྲུང་ལྔའི་ཁྱིམ་ཚང་གཅིག་སྡུད་གཉོར་སྐྱོང་ཞེས་པ་ནི་ཆ་རྐྱེན་དང་མཐུན་པའི་གཉོར་སྐྱོང་བྱ་ཡུལ་ལ་གཅིག་སྡུད་ཐོག་བཟའ་བཅའ་དང་གྱོན་པ། སྡོད་ཁང་། སྨན་བཅོས། དུར་འཇུག་བཅས་འཚོ་བའི་རྣམ་གྲངས་ལྔར་འགན་སྲུང་བྱེད་པར་གོ  མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་འབུངས་བྱས་འོག  སྔར་ཡོད་ཀྱི་སྤྱི་ཚན་ཁེ་ཐོབ་སྡེ་ཚན་གྱི་རྨང་གཞིའི་སྟེང་འགན་སྲུང་ལྔའི་ཁྱིམ་ཚང་གཅིག་སྡུད་གཉོར་སྐྱོང་བྱ་ཡུལ་༨༠གསར་དུ་བཙུགས་པ་དང་།  གཅིག་སྡུད་གནང་པའི་འགན་སྲུང་ལྔའི་བགྲེས་པོ་མི་གྲངས༡༤༦༦༢ལ་སླེབས་ནས་འགན་སྲུང་ལྔ་ཐོབ་འདོད་ཡོད་མཁན་གཅིག་སྡུད་གཉོར་སྐྱོང་བྱ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད།
བོད་ཀྱི་བགྲེས་མོ་དག་མཉམ་དུ་འདུས་ནས་ལས་རྩལ་སྦྱོང་བརྡར་གནང་བཞིན་པ།
          ཁྲེ་ཀང་གིས“གཉོར་སྐྱོང་ལྟེ་གནས་སུ། བགྲེས་པོ་དག་གི་ལྟ་གཉོར་བྱེད་མཁན་ཆེད་དུ་བཀོད་སྒྲིག་གནང་ཡོད་པས། འཚོ་བར་སེམས་ཁྲལ་བྱེད་མི་དགོས་ཤིང་། དུས་ཆེན་སྐབས་གྱོན་པ་གསར་པ་གྱོན་རྒྱུ་ཡོད་ལ། དུས་ཐོག་ཏུ་བྱེད་སྒོ་ཁག་ལ་ཞུགས་ཐུབ་པ། ཁོང་ཚོ་རྒས་དུས་གཉོར་སྐྱོང་ཡོད་པ་དང་། སེམས་ནས་རྒྱབ་རྟེན་ཡོད་ཕྱིར། འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་རེད”ཟེར།
          ༢༠༡༦ལོའི་བོད་ཀྱི་ལོ་སར་སྐབས། ཁྲེ་ཀང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཤར་ཁུལ་གྱི་ཆ་རྐྱེན་ཤིན་ཏུ་ཞན་པའི་འགན་སྲུང་ལྔའི་གཅིག་སྡུད་གཉོར་སྐྱོང་ཁང་ཡོང་ནས་བགྲེས་པོ་དག་གིས་དུས་ཆེན་རོལ་པའི་རྣམ་པ་པར་དུ་གདབ་མྱོང་ཡོད་པ་དང་། ད་ལོའི་ཟླ༦པའི་ཚེས༡༨ཉིན། ཁྲེ་ཀང“མཛེས་པའི་བོད་ལྗོངས”བརྙན་ལེན་བྱེད་སྒོའི་རྗེས་འབྲངས་ནས་ཡང་བསྐྱར་རྒན་གསོ་ཁང་དུ་ཕེབས་ནས་བགྲེས་པོ་དག་ལ་འདྲ་པར་བླངས་པ་དང་“འདྲ་པར་ལེན་པའི་གོ་རིམ་ཁྲོད། བགྲེས་པོ་དག་གི་གདོང་ལ་ནམ་ཡང་འཛུམ་གྱིས་ཁེངས་ཡོད་ཅིང་། ཁོང་ཚོའི་ལག་ཟུང་ཐལ་མོ་སྦྱར་ནས་འཚོ་བར་སེམས་ཤུགས་ཆེན་པོ་བཅངས་ཡོད་པ་རེད”ཡོན་ཀྲང་སྤེན་པ་སྒྲོལ་མས་ཁྲེ་ཀང་ལ་རྒན་གསོ་ཁང་དུ་བགྲེས་པོ་ཁེར་ཧྲེང་དང་ཆ་རྐྱེན་ཤིན་ཏུ་ཞན་པའི་བགྲེས་པོ༢༠༠ལྷག་ཡོད་ཅིང་། ལོ་ན་མཐོ་ཤོས་ནི་དགུ་བཅུ་ལྷག་ལ་སོན་ཡོད།  སྔོན་ཆད་འདི་གར་བགྲེས་པོ་ཁེར་ཧྲེང་གཅིག་པུ་ཡིན་ནའང་།  དེང་སྐབས་ཆ་རྐྱེན་ཤིན་ཏུ་དབེན་པའི་བགྲེས་པོའང་ཡོད་པ་དང་། བགྲེས་པོ་དག་ནི་རྒན་གསོ་ཁང་འཆམ་མཐུན་མཉམ་གནས་སྒོས་བདེ་སྐྱིད་ལྡན་པའི་ཚེ་སྨད་རོལ་གྱི་ཡོད་ལ། ན་ནིང་། བགྲེས་སོང་བཅོ་བརྒྱད་ནི་འཇིག་རྟེན་མཐུན་འཇུག་བྱུང་ཐུབ་བྱུང་ནས་རྒན་གསོ་ཁང་དུ་ཁོང་ཚོར་ཐུན་མོང་ཐོག་གཉེན་སྟོན་སྤེལ་བ་ཡིན་ཟེར།
          ཁྲེ་ཀང་གི་སེམས་ཚོར་ཟབ་མོའི་སྒོ་ནས་སྐད་འཕྲིན་ཚོམས་སུ“ས་གནས་སྲིད་གཞུང་གིས་བགྲེས་པོ་དག་ལ་ལས་ཀ་མང་པོ་སྒྲུབ་ཐོག  དམངས་སེམས་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ཏེ་བགྲེས་པོ་དག་གིས་ཚེ་སྨད་བདེ་སྐྱིད་ངང་རོལ་པར་ནུས་ཤུགས་ཡོད་རྒུ་བཏོན་ཡོད་ཅིང་། ཡོན་ཀྲང་སྤེན་པ་ལྷ་མོ་ནི་བརྩེ་སེམས་ལྡན་པའི་ལོ་གཞོན་ལས་བྱེད་པ་ཞིག་སྟེ། ཁོ་མོས་བྱམས་སེམས་ངོ་མས་གླིང་ཡོངས་ཀྱི་ལས་སྣེ་བ་དག་སྣེ་ཁྲིད་དེ་བགྲེས་པོ་དག་ལ་ཞབས་ཞུ་བྱེད་ཀྱི་ཡོད་ཅིང་།  ཁོ་མོས། རྒན་གསོ་ཁང་དུ་ལས་ཀ་སྒྲུབ་པར་ཐོག་མར་བརྩེ་སེམས་དགོས།  ང་ཚོས་སྲིད་གཞུང་ལ་བསྟོད་བསྔགས་བྱེད་རྒྱུ་དང་། སྤེན་པ་སྒྲོལ་མ་དང་ཁོ་མོའི་དཔུང་སྡེ་ལ་བསྟོད་བསྔགས་བྱེད་རྒྱུ་ཡིན”ཞེས་བྲིས་འདུག
          ཁྲེ་ཀང་གིས“དེང་སྐབས་བོད་ཀྱི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་ལ།ཞིང་འབྲོག་མང་ཚོགས་མང་པོ་སྡོད་ཁང་གསར་པའི་ནང་བསྡད་ཡོད་ཅིང་།  རླངས་འཁོར་ཡང་ཉོས་ཡོད་པ་མ་ཟད།  མང་ཚོགས་ཀྱི་གྱོན་ཆས་དང་འཚོ་བའི་ཁོར་ཡུག་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། མི་རྣམས་ཀྱིས་བསམ་པའི་རྣམ་པར་ཡང་འགྱུར་ལྡོག་བྱུང་ཡོད་ཕྱིར་དེ་ལས་འཚོ་བ་སྔར་ལས་ལེགས་པ་མཚོན་ཐུབ”ཅེས་ཟེར།
འབྲེལ་ཡོད་རྩོམ་ཡིག