ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྟོན་ཁ་ཤར་བ་དང་སྦྲགས་ཀླུ་ནང་དུ་གཟན་རྩྭ་བསྡུ་འགོ་ཚུགས་པ།

2018-09-18 སངས་སྐྱབས་ཀྱིས་བསྒྲིགས།
          སྟོན་འགོ་ཚུགས་པ་དང་། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པའི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དུ་སྟོན་གྱི་རང་མདངས་མངོན་པར་གསལ་ཞིང་། ཞིང་ནང་གི་གྲོ་དང་ནས་ཚང་མ་སེར་ཐིང་ངེར་གྱུར་ཡོད། ཀླུ་ནང་གྲོང་རྡལ་ནོར་བུ་གྲོང་ཚོའི་བསོད་ནམས་ཁྱིམ་འབྲི་གཡག་དགུན་སྒྲོལ་གྱི་གཟན་རྩྭ་གསོག་པར་བྲེལ་བཞིན་མཆིས། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧོང་ཤིས་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀླུ་ནང་གྲོང་རྡལ་གྱི་ཡུལ་སྐོར་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཉེ་འཁོར་གྱི་ཞིང་འབྲོག་པས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པས་ཉེ་འཁོར་གྱི་གཞོན་ནུ་གྲོང་ཚོར་བསྡད་ནས་ཞིང་བྲེལ་སྐབས་ཞིང་ལས་བྱེད་པ་དང་ཞིང་དལ་སྐབས་ཡུལ་སྐོར་ལས་རིགས་གཉེར་གྱི་ཡོད། ནམ་མཁའ་སྔོ་ཞིང་སྤྲིན་ཚོགས་སྟུག་པ་དང་གངས་རི་མཛེས་ཤིང་ཆུ་བོ་ཤང་ཤང་དུ་རྒྱུག་པའི་མཛེས་ལྗོངས་ཁྲོད་ཞིང་འབྲོག་པས་ནས་དང་གཟན་རྩྭ་བསྡུ་བའི་རྣམ་པ་དེ་ཡུལ་སྐོར་བ་ཚོའི་མིག་ལམ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར། འདི་ནི་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་ཞིང་འབྲོག་པས་འདྲུད་འཐེན་འཁོར་ལོ་བཏང་སྟེ་གཟན་རྩྭ་བརྒྱུད་འདྲེན་བྱེད་པའི་གནས་ཚུལ་ཡིན་པ།a
འབྲེལ་ཡོད་རྩོམ་ཡིག